—-རྔ་བ་ཀུན་བཟང་།
ཁེར་རྐྱང་བ། ཆང་འཐུང་ཨང་་་་་་(ཞེས་པ་ཐར་ལོའམ་ཡང་ན་རྩོམ་པ་པོ་ཞི་བདེ་ཉི་མ་ལགས་ལ་ཕུལ)
ཁེར་རྐྱང་བ། ཆང་འཐུང་ཨང་་་་་་་
ང་ཡང་ཁྱོད་ལྟར།
ཁེར་རྐྱང་ངང་ཆང་འཐུང་བཞིན།
ཆ་མེད་ས་མཐའ་ཞིག་ན།
དྭ་ཕྲུག་གི་འཚོ་བར་རོལ་བཞིན་ཡོད།
ཁེར་རྐྱང་བ། ད་དུང་ཆང་འཐུང་ཨང་།
ཁྱོད་ཁེར་རྐྱང་ཞིག་ལ་མཚོན་ན།
སྐྱོ་གདུང་གི་རྨ་ཁ་གསོ་མཁན་ཆང་ཡིན་ལ།
སྡུག་བསྔལ་གྱི་ཚོར་ཤུགས་འཕོ་ས་ཡང་ཆང་ཡིན་འདུག
ཁེར་རྐྱང་བ། ད་དུང་སྔར་བཞིན་འཐུང་དགོས།
རྒྱུ་མཚན། ཁྱེད་སྔར་བཞིན་འཚོ་དགོས་པས།
ད་དུང་ཆད་མི་ཉན། ད་དུང་གཅད་མི་ཆོག
ནམ་ཞིག་གི་དུས་ན།
ཧ་ཅང་གོ་རིམ་མེད་པའི་འཚོ་བ་ཞིག་བྱུང་དུས།
གནམ་འོག་ན་སྤྱང་ཀི་མང་།
ཟ་མཁན་མང་། འཐུང་མཁན་མང་།
གཅར་མཁན་མང་། བརྡུང་མཁན་ཡང་མང་།
སྐབས་དེ་དུས།
ཀུ་རེ་དང་རྩེད་འཛོ་ཅི་ཡང་མེད་པར།
ང་ཚོ་ཟས་འགྲོ
2017/03/24
ཐུངས་ཨང་།
རྩོམ་ཡིག་འདི་ཀློག་དུས་ཕོ་སར་ཞིག་གི་སྣང་བརྙན་ཤར་ཡོང་མོད་འབྲི་མཁན་ནི་བུ་མོ་ཞིག་ཡིན་པས་མོས་མོ་རང་ཕོ་སར་ཞིག་ཡིན་ན་བསམ་པའི་ཚོར་བ་ཞིག་ཡོང་ག ཡིན་ནའང་མི་ཚེ་འདི་ལ་ཁྱོས་དེ་འདྲའི་ཆང་འཐུང་ཐུབ་རྒྱུ་མ་རེད།