རྔ་བ་ཀུན་བཟང་སྒྲོལ་མ།
མཚམས་མཚམས་སུ་ཁྱོད་རང་
ཁེར་རྐྱང་ངང་ལམ་ལ་ཆས་དགོས་མོད
ཁྱེད་རང་ཁྱེད་ཀྱི་དོན་དུ་འཚོ་ན་བཟང་
ཡོད་ཚད་ལྐོག་གྱུར་ཞིག་གཏན་ནས་མིན་པས
སྐབས་སྐབས་སུ
ཁྱེད་ལ་ཁེར་རྐྱང་གི་ན་ཟུག་ཡོང་སྲིད་མོད
ཁྱེད་རང་ཁེར་རྐྱང་གཏན་ནས་མིན
རྒྱུ་མཚན ཁྱོད་ཀྱི་ཕ་རོལ་ན
སེམས་པས་ཁྱེད་ལ་ཉན་མཁན་ཧ་ཅང་མང་བས
ཁྱོད་རང་ཁེར་རྐྱང་ཡིན་མི་སྲིད
དེ་རིང་ཁ་སང་
ཁྱེད་གཅིག་པུས་ཡོད་ཚད་ཁུར་དུ་བླངས་པ་དེ་བས་ཀྱང་དཀའ་མོད
འོན་ཀྱང་ལས་དབང་ལ་བཤད་ས་ཞིག་གང་དུ་ཡོད
དེའི་ཕྱིར
ངས་ཁྱེད་ཀྱི་ཚབ་ཏུ་སྐྱབས་གསུམ་ལ་གསོལ་བ་འདེབས་བཞིན་ཡོད་པས
ཁྱེད་རང་ཁེར་རྐྱང་དུ་ལུས་མི་སྲིད་ལ
ཁེར་རྐྱང་གི་ཁྱེད་ཀྱི་སེམས་པ་འདིར
དུས་དེ་རིང་ནས་བཟུང་
ལྷིང་འཇགས་སུ་གནས་པར་སྨོན
ང་ནི་ངོ་མ་གླེན་རྟགས་སྟོན་མཁན་ཞིག་མ་ཡིན་ནམ
དོན་དངོས་སུ་་་་་་་་་ཁྱེད་ལ་ཁེར་རྐྱང་གི་ཐ་སྙད་ཙམ་ལས
ཁྱོད་རང་ཁེར་རྐྱང་གཏན་ནས་ཡིན་མི་སྲིད་ལ
ཁ་སང་སྐྱིད་པའི་གླུ་དབྱངས་ལེན་རོགས་མང་ལ་
དེ་རིང་ཡང་
སྡུག་གི་སྙིང་གཏམ་བཤད་རོགས་མང་བས
ས་གཞི་ཆེན་མོ་འགྲིམ་ན་བཟང་པས་
སང་ཉིན་
སླར་ཡང་འུ་ཅག་ལྷིང་འཇགས་ཀྱི་ཁང་ཆུང་ནས་འཕྲད་ངེས
ཡང་གཅིག་བཤད་ན
ཁ་སང་ཇི་འདྲའི་སྐྱིད
ངེད་གཉིས་ཀྱིས་ཞི་བདེ་ཆེ་བའི་ཁང་མིག་ཆུང་ཆུང་དེ་ནས
སྙིང་གཏམ་གྱི་འོ་མཚོ་འཁྱིལ་མྱོང་ལ
ངེད་གཉིས་ཁ་མཚར་དང་ཀུ་རེའི་ཁྲོད་ནས
ཁྱེད་ཀྱིས་ཁ་སང་གི་གཏམ་རྒྱུད་བཤད་མྱོང་ལ
དེ་རིང་གི་དྲན་གདུང་གླེང་མྱོང་བས
གར་ལྟར དེ་རིང་
སླར་ཡང་གནས་སྐབས་ཀྱི་བདེ་མོ་དེའི་ལག་བརྡ་ཞིག
དེ་རིང་ འུ་གཉིས་རང་རང་སོ་སོར་གྱེས་མོད
ངའི་དྲན་འཛིན་གྱི་མེ་ལོང་ངོགས་ན
ཁྱོད་ཀྱི་ལྷད་མེད་ཀྱི་བརྩེ་མདངས་མངར་མོ
ག་ལེར་ག་ལེར་འཛུལ་ཡོང་བས
ཁེར་རྐྱང་གི་སེམས་པ་དམར་པོ་འདི
ཁྱེད་ཕྱོགས་སུ་སླར་ཡང་
ཐེངས་ཤིག་ཤོར
ད་ཐེངས་ད་ཉིད་ཀྱི་སྙན་ངག་འདི་ལ་ལེགས་སོ་ཟེར་མི་ཐུབ་ཀི རྒྱུ་མཚན་ངས་མ་བཤད་ཀྱང་བཤམས་ནས་ཡོད་པས་ཤེས་སླ།
ཨ་རོ་ཀུན་བཟང་སྒྲོལ་མ། ཝཱཎ་ཚང་གི་ཝ་ཞིག་ལས་རྔ་བ་ཚང་གི་སྦྲ་མིང་འཛིན་པ་ཁོང་དགའ་རོགས་ལ་ཧྲ་གི་པཱ།
སྙན་རྩོམ་འདི་ནས་ཁྱེད་ཀྱི་ཚོར་བ་མངར་མོ་དག་ཕྱིར་སྟོན་འདུག །
ཨ་རོགས་ སྙན་ངག་ཟེར་ན་མི་ཤེས་ར་ སེམས་ཚོར་ངོ་མ་ཞིག་བྲིས་བྲིས་འདུག་ འོན་ཀྱང་ གོང་གི་ཨེ་མི་ལེ་ནས་ཅི་བཤད་ཀྱི་འདུག་ ཁོ་བོའམ་ཁོ་མོ་སྨྱོས་ཡིན་ས་རེད།
ཁེར་རྐྱང་ཡ་ཁྱོད་ཞོགས་པའི་ཉི་མུག་དེ་མཐོང་དུས་ཁེར་རྐྱང་ལ་གསོལ་བ་རེ་ཐོབས་དང
ཉིན་གཅིག་གི་བར་ཆད་ཡོད་རྒུ་སྤུ་གསེབ་དུ་འཐིམ་འགྲོ། ཁེར་རྐྱང་ཡ་ཁྱོད་དགོང་མོར་ཉལ་
ཕྱག་གི་དོད་དུ་ཡང་ཁེར་རྐྱང་ལ་སྐྱབས་སུ་རེ་སོང་དང་མཚན་གང་གི་རྨི་ལམ་ངན་པ་དག་ལྡོག་འགྲོ
ཁེར་རྐྱང་ཡ་ཁྱོད་ལ་གཡང་འདྲད་ཀྱིས་ཁ་སུབ་་རེ་ལོག་དུས་ཁེར་རྐྱང་ལ་གསོལ་བ་རེ་ཐོབ་དང
་མགོན་སྐྱོབས་ཀྱིས་གྱེན་ཁ་རུ་འཐེན་འགྲོ། ད་དུང་ཁྱོད་ཁ་ཤ་ཆུ་ཚན་གྱིས་འཚིག་སྐབས་ཁེར་རྐྱང་
ཉིད་མཁྱེན་པ་རེ་བྱོས་དང་ན་ཟུག་ཀུན་ཤ་གསེང་ལ་ཞིར་འགྲོ།
ཚེ་སྐྱིད་ལགས་དག་པར་ཡོངས་གིན་ཡོད། དེ་རིང་གི་སྙན་ངག་འདིས་མགོ་འཛུགས་སྟངས་ཡག་པོ་འདུག་་་ཡིན་ཡང་བར་སྐབས་ཞིག་ནས་བསྐྱར་བཤད་ཅུང་ཙམ་ཡོད་པའི་ཚོར་བ་ཞིག་སྤྲོད་སོང་མ་ཟད་མཇུག་བསྡུ་དུས་ཡང་བདེ་མོ་རང་བྱུང་མ་སོང་དགོངས་དག། བསམ་ཚུལ་ཙམ་ཡིན