ཟླ་ཀླུང་།
ལས་རླུང་གི་འཁོར་ཕྱོགས་ཤིག་གིས། ང་ཡང་སྔོན་མ་ཞིག་ལ་ཧོང་ཀོང་རྒྱ་མཚོའི་གླིང་དུ་འབྱོར་སོང་། ང་ཧོང་ཀོང་དུ་འབྱོར་བ་ནི། ཕྲུག་གུ་ཨ་མའི་མངལ་ནས་སྐྱེས་པ་དང་ཕྱོགས་མཚུངས་པ་སྟེ། ངས་ཕྱིའི་ཁོར་ཡུག་ཤེས་ཀྱི་མེད་ལ། ནང་གི་སྐྱེ་འགྲོ་ཤེས་ཀྱི་མེད། སྤྱི་ཚོགས་ཀྱི་གནས་བབ་ནི་ཤིན་ཏུ་ལྐོག་གྱུར་ཡིན།
ད་དུང་ཐབས་སྐྱོ་བ་ཞིག་ལ། ཁོ་ཚོར་བརྡ་འཕྲོད་པའི་སྐད་ཡིག་གཅིག་ཀྱང་ཤེས་ཀྱི་མེད་པས་དངོས་གནས་བྱས་ན། ང་ནི་འཁྱག་ལྟོགས་ཀྱིས་ཤི་ཆོག་ཆོག་ཅིག་ཡིན་པ་རེད།
ཡིན་ནའང་། སྟོན་པའི་ན་བཟའ་ཡོད་པ་ཙམ་ལ་དགའ་ཞེན་དང་། ཡིད་ཆེས་ཀྱིས། ཟས་གོས་གནས་མལ་ཆ་ཚང་གྲ་བསྒྲིགས་ཤིང་། ཡར་མར་འགྲུལ་བཞུད་ཀྱི་རོགས་རམ་དང་། སྒོར་མོའི་གནང་སྦྱིན་སོགས། ད་ལྟ་རེ་རེ་བཞིན་ཡིད་ལ་འཁོར་བ་ནའང་། ཁོ་ཚོ་དྲིན་ཆེན་ཡིན་པའི་ཚོར་སྣང་གིས་མིག་མཐར་མཆི་ཞག་འཁོར་ཡོང་གི་འདུག །འོན་ཏེ་དྲིན་ཆེན་ཡིན་པའི་སེམས་ཚོར་རྣལ་མ་རྒྱུན་མར་ཡོད་པ་ཙམ་ལས། ངས་ཁོ་ཚོར་དྲིན་ལན་ཞིག་ནམ་ཡང་འཇལ་ཐུབ་ཀྱི་མ་རེད། གང་ཡིན་ཞེ་ན། ང་མི་ནུས་མེད་ཡིན།
དེས་ན་ཤང་ཀང་ལ་ཐལ་བཟའ་གི་སོང་ནི་མིན་ན། ཨ་ལ་ཀུ་རེ་ཡིན། མཉམ་མེད་བུ་རམ་ཤིང་བའི་ན་བཟའ་མ་དོར་བར་དོན་ལ་གནས་པ་ཞིག་གནང་དང་། དེས་ཁོང་ཚོར་དྲིན་འཇལ་ནི་མ་ཚད། སེམས་ཅན་ཐམས་ཅད་ལ་ཕན་ནི་རེད་ཀོ