བཀྲ་ཤིས་དོན་འགྲུབ།
བྲན་བདག་ཡིན་པའི་འདུ་ཤེས་བཙན་པ་དང་།།
མི་ལ་འཕྲུལ་ཆས་བཞིན་དུ་བཀོལ་འདོད་པའི།།
གཉའ་གནོན་ཅན་ཚོའི་མགོ་རུས་འཇོམས་བྱེད་པའི།།
མའོ་ཙེ་ཏུང་ཞེས་པའི་འདྲེ་དེར་བསྟོད།།
ཀླད་སྟོང་ཁོག་སྟོང་ཅན་གྱི་རུ་དཔོན་དང་།།
ཅོལ་ཆུང་བྱབ་ཆུང་ཅན་གྱི་ཨབ་ཕྲུག་དག།
ཉམ་ཆུང་ཐོག་ཏུ་སྟག་བཞིན་ངར་ཚུལ་འདིས།།
མའོ་ཙེ་ཏུང་ཁོ་ལ་སྨོན་པ་ཤོར།།
རང་གིས་བཟོས་པའི་དྲ་ཕད་ནག་པོ་དེ།།
རང་གིས་བཤིག་པའི་མགོ་བདེ་དྲན་འཁྲུལ་ཚོས།།
རང་ཉེས་གཞན་ལ་གཡོག་པའི་ཧམ་གཤིས་འདིས།།
མའོ་ཙེ་ཏུང་ཅིས་ཀྱང་ཡིད་ལ་འཁོར།།
དབང་གཤེད་དམར་པོ་ཐོད་པའི་རྒྱན་དུ་བཅིངས།།
མིང་བྱང་རྔམ་པོས་མི་ལ་ཞེད་སྣང་སློང་།།
སྤྱང་ཚོགས་ཁྲག་བཞིན་འདུར་བའི་འཇིག་རྟེན་འདིར།།
མའོ་ཙེ་ཏུང་ཅིས་ཀྱང་མཁོ་བ་ལགས།།
མདུན་ནས་ཁྱི་བཞིན་རྔ་མ་གཡུག་པ་དང།།
ལྐོག་ནས་འབུ་བཞིན་བྱ་ར་བྱེད་ཚུལ་སོགས།།
མི་ཡི་ལུས་ལ་གཏན་ནས་མི་མཛའ་བའི།།
མི་རུལ་འདི་ཚོ་མེད་ན་ཅིས་མི་ཆོག།
སྙིགས་མ་ལྔ་བདོ་ཟེར་བ་མི་ཤེས་མོད།།
བརྙས་བཅོས་ལྔ་བདོའི་དུས་ངན་ཤར་འདུག་པས།།
ཉམ་ཆུང་མི་ཡི་མགོན་སྐྱབས་ཉག་ཅིག་པུ།།
གདོང་སྨེ་ཅན་ཁྱོད་ད་ནི་འབྱོན་རན་འདུག།
དུག་སྦྲང་ལྟ་བུའི་གསོན་ཁྲག་འཇིབ་མཁན་དང་།།
ལྕགས་སྒྲོག་ལྟར་དུ་མི་གཤིས་སྡོམ་མཁན་ཚོར།།
ཁོང་ཁྲོའི་མེ་ལྕེ་འབར་བའི་ཁུ་ཚུར་འདི།།
ཁ་ཡི་སོ་དང་ཁོག་པའི་སྙིང་ལ་བསྣུན།།
རང་གིས་ཅི་ཞིག་བྱས་པ་མཐོང་འགྱུར་ལ།།
རང་ཉིད་དེ་ན་ཡོད་ན་ཅི་འདྲ་ཞེས།།
ཡུད་ཙམ་བསམ་བློ་མ་བཏང་ང་འདྲ་ལ། །
མའོ་ཙེ་ཏུང་དགོས་པ་མིན་འདུག་གོ །
བསྐལ་པ་སྟོང་དུ་བསགས་པ་ཡི།།
སྦྱིན་དང་བདེ་གཤེགས་མཆོད་ལ་སོགས།།
ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་།།
ཁོང་ཁོ་གཅིག་གིས་འཇོམས་པར་འགྱུར།།
དྲན་པར་མཛོད། ཕལ་ཆེར་ལུང་དེ་དེ་འདྲ་ཞིག་ཡིན་ས་ཡོད།
འཛུམ་ཤོར་གྱིས་ངུ་ཤོར་ཡ་གི་ལས་ཀ་ལས་གི་འདུག་ག ཀོ་གྱོང་བརྟུལ་རྒྱུ་དཀའ་སེ་རེད་ད། རྨ་བྱ་གསོད་འདོད་ཀྱིས་དུག་ལྟེར་བ་འདྲ་པོ་རེད་འདུག
ཀ་གྱོང་ཀོ་གྱོང་ཅི་མི་ཤེས། ཀ་ཁ་ག་ང་ཡག་པོ་སྦྱོངས། དེ་ནས་ངུ་དགོས་དང་མི་དགོས་བལྟ། མེ་ཏོག་མ།
ཀོ་གྱོང་ཡིན་ཡང་ཆོག་ལ་གཤིས་གྱོང་ཡིན་ཡང་ཆོག ལུང་མ་བསྟན་ཞིག་མ་ཡིན་ན་དེ་གས་འགྲིག་པཱ་་་་་།
བསྐལ་པ་སྟོང་དུ་བསགས་པའི་དགེ་བ་ལ་ཕང་གི་མི་འདུག་སྟེ། ཁྱོད་རང་གཉིས་ལ་ཡང་དགོས་ན་ངའི་ཁུ་ཚུར་སྲ་མོ་འདི་ལན་གཅིག་བྱིན་པས་ཆོག སོ་སུམ་ཅུ་སོ་གཉིས་པོ་དེ་ལག་མཐིལ་དུ་བགྲང་རྒྱུ་དགོས་ན་ང་ལ་འབྲེལ་བ་བྱོས་ཤོག་ཨ་་་་་་་་་་་། ཧཧཧཧཧཧཧཧཧ རྕེ་མོ་ཞུས་ཡིན་གང་ལྟར་ང་ནི་རྒྱལ་སྲ་ཞི་བ་ལྷའི་སྤུན་མཆེད་དང་སློབ་མ་དང་ཡང་སྲིད་གང་ཡང་མིན་པས། ངས་ཁོང་གི་གསུང་ལ་ཞེན་ཁོག་བྱ་ཐབས་མི་འདུག ང་རང་ཡིན་བཞིན་པ་ཉག་ཅིག་ནི་ཆགས་སྡང་རྨོངས་གསུན་རང་མཚན་པ་ཡོད་པའི་སོ་སྐྱེས་ཕལ་པ་ཞིག་ཡིན་པ་འདི་དངོས་ཡོད་ཡིན། དེ་ལས་གཞན་ངས་ཅི་ཡང་མི་ཤེས་པས་ཁྱེད་ཅག་གི་གསུང་རྩ་ཆེན་དེ་ཚོ་ངས་དང་ལེན་བྱ་མ་ཐུབ་པར་དགོངས་འགལ་མེད་པར་ཞུ།
མི་ལུང་མ་བསྟན་དང་གླང་གཉའ་ཚིལ་རྐྱལ་ཅན་དེ་ཚོའི་ཆེད་མའོ་ཙམ་མིན་པར་ཧིཌ་ལར་གྱི་ཀུན་བསྲེགས་མེ་འོབ་ཆེན་མོ་དེ་དགོས་ཚོད་ལ་བསླེབས་འདུག
ཀྱེ་མ་ཀྱེ་ཧུད། སྙིགས་དུས་ཀྱི་ཤཀྱའིི་དགེ་སྦྱོང་།
ད་ལྟ་ང་ཚོས་གླེང་རུང་བ་བདུན་ནི།
༡༽ མའོའི་རུས་ཁོགས་དེ་གང་མགྱོགས་་ཕྱིར་འདོན་དགོས་པའི་རྒྱུ་མཚན་ཤོད་ཆོག་སྟངས།
༢༽ མའོའི་རོ་ཁང་བཙན་དཀས་གུས་དུད་འཚམས་འཇོག་བྱེད་དགོས་སྟངས།
༣༽ དེ་བཞིན་ཅ་འོ་ཨ་ལེན་དང་ཏིང་ཞའོ་ཕིང་གཉིས་ཀྱིས་རོ་ཁང་རྩ་གཏོར་གཏོང་དགོས་སྟངས།
༤༽ ཛང་ཙེ་མིན། ཧུ་ཅིན་ཏའོ་གཉིས་དུག་ཤི་ཐེབས་སོང་ན། ཁོ་གཉིས་ལ་ཆེ་བསྟོད་རོ་ཁང་བརྩིག་མི་ཆོག་སྟངས།
༥༽ མའོ་སོགས་ཀྱིས་གསར་བརྗེར་ཁག་བཀྲིས་ནས། ཉེས་མེད་མི་མངས་ག་ཚད་དམར་གསད་ཡོད་བཏང་ཡོད་མེད་གྲངས་འབོར་རྒྱ་གཞུང་རང་གིས་དྲང་ཏམ་གཏན་འབེབས་བྱེད་དགོས་སྟངས།
༦༽ ད་ལྟའི་རྒྱ་གཞུང་ནང་གི་ལྐོག་ཟས་ཆེན་པོ་བྱས་པ་ཚང་མ་བཙོན་འཇུག་བྱེད་དགོས་སྟངས།
༧༽ རྒྱ་ནག་མི་མང་ཡོངས་ལ་ད་ལྟའི་དམར་གཞུང་འདི། མང་གཅོ་ཡང་དག་ཅིག་ལ་གཏོང་དགོས་ཡོད་མེད་འོས་འཕེན་ཐོབ་ཐང་དང་། གོ་སྐབས་སྤྲོད་དགོས་སྟངས་སོགས་ཤིན་ཏུ་མང་ངོ། །
མའོ་ཙེ་ཏུང་ཤར་ཕྱོགས་པའི་ཧིཊ་ལར་འདིས། རྒྱལ་སྲིད་ཆབ་སྲིད་ཀྱི་མིང་ཐོག་ལ། ཉེས་མེད་མི་མངས་ཉུང་མཐར་ས་ཡ་བཞི་བཅུ་བསད་ཡོད་པ་དང་། ཡང་ཁ་ཅིག་གིས་མང་མཐར་ས་ཡ་བརྒྱད་ཅུ་ཟིན་སྲིད་པ་རེད་ཅེས་ཤོད་ཚུལ་ཁག་གཉིས་འོང་བགྱིད་འདུག་པས་་་་་་་་་་་་་་་་་་་ ཁ་གྲངས་དངོས་གནས་ག་ཚོད་ཡིན་ནམ། ལགས།