གསང་གྲོལ་གྱིས་བསྒྱུར།
(ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་བློ་བཟང་ཆོས་གྲགས་ལགས་སྐུ་གྲོངས་པར་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱིས་ཕུལ་བའི་མྱ་ངན་ཞུ་ཚིག)
དེ་རིང་། རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ངོས་ནས་ང་ཚོའི་གྲོགས་པོ་དང་ལས་རོགས་བློ་བཟང་ཆོས་གྲགས་ལགས་རྒྱ་གར་ལྡི་ལི་ནས་སྐུ་གྲོངས་པའི་གནས་ཚུལ་ཐོས་བའི་ཡིད་སེམས་རབ་ཏུ་གདུང་ཞིང་། ཁོང་ཉིད་ཕྱི་སྡོད་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཡིན་པའི་ཆ་ནས་རིག་གཞུང་དང་སྨྲ་བརྗོད་རང་དབང་། སྐད་ཡིག་གི་ཐོབ་ཐང་སྐོར་ལ་སྐུ་ངལ་ཚེགས་མེད་ཀྱིས་ལས་དོན་གནང་ཡོད་ལ། ཁོང་གིས་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་མི་དང་ལྷན་བོད་ནང་གི་བཙོན་འོག་ཏུ་ལུས་པའི་རྩོམ་པ་པོ་དང་། བོད་ཀྱི་སྐད་ཡིག་དང་སྲོལ་རྒྱུན་སྐོར་ལ་ལས་དོན་གཟེངས་སུ་ཐོན་པ་གནང་ཡོད།
ང་ཚོས་ཁོང་གི་ནང་མི་དང་གྲོགས་པོ་སོགས་ལ་གདུང་སེམས་མཉམ་བསྐྱེད་དང་སེམས་གསོའི་འཚམས་འདྲི་གནང་གི་ཡོད་ལ། དེ་ཡིས་ཁོང་ཚོ་ལ་ཐེབས་པའི་གྱོང་གུན་དེ་གསབ་མི་ཐེབས་པའང་ཤེས་ཀྱི་ཡོད།
རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་གཙོ་ཇོན་རལསི་ཊོན་སོལ་ལགས་ཀྱིས་གསུངས་དོན། ༼ང་ཚོ་མང་པོ་ཞིག་གིས་བློ་བཟང་ཆོས་གྲགས་མཁྱེན་གྱི་ཡོད་ལ། ཁོང་གིས་ནམ་རྒྱུན་བོད་ཀྱི་རིག་གཞུང་དང་ཐོབ་ཐང་སྐོར་ལ་སྙིང་སྟོབས་ཆེན་པོའི་སྐད་ཆ་བཤད་ཀྱི་ཡོད། འདི་ནི་སྐྱི་གཡའ་བའི་གནས་ཚུལ་ཞིག་རེད་ལ་ང་ཚོས་ད་རུང་དོན་དག་ཅི་ཞིག་བྱུང་བར་སྒུག་བསྡད་ཡོད། ང་ཚོའི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ང་ཚོ་དང་གཏན་དུ་གྱེས་པར་བསམ་བློ་གཏོང་དགོས་པ་ཞིག་ཆགས་པ་རེད།༽ ཅེས་བརྗོད།
རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་འཛིན་སྐྱོང་འགན་འཛིན་ཁར་ལིས་སི་ཊོན་ནུར་ལགས་ཀྱིས་གསུངས་དོན། ༼ང་ཚོའི་ཡིད་སེམས་སྐྱོ་གདུང་གིས་ཁེངས་ཡོད། བློ་བཟང་ལགས་ནི་མི་ཧ་ཅང་ཞི་འཇམ་དང་སྤྲོ་སྣང་ལྡན་པ་ཞིག་ཡིན། ལྷག་པར་ཏུ་ཁོང་གིས་བོད་མི་རིགས་གྱི་རིག་གཞུང་གི་ཐོབ་ཐང་ཆེད་འབད་བརྩོན་བླ་མེད་གནང་ཡོད་ལ། ཁོང་གིས་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་སྐུ་ཚབ་ཚོགས་ཆེན་སྟེང་རྒྱ་ནག་གཞུང་གིས་ཁོང་གི་་མི་རིགས་ལ་དྲང་བདེན་གནང་གི་མེད་པའི་བསྒྲགས་གཏམ་གསལ་བོ་དེ་ད་དུང་ང་ཚོའི་རྣ་ལམ་ན་གྲགས་ཀྱི་འདུག ཁོང་གིས་འཛམ་གླིང་ཕྱོགས་ཡོངས་ཀྱི་རྩོམ་པ་པོ་དང་གྲོགས་པོ་ཆགས་པ་དེས་ཁོང་ཉིད་བོད་ཀྱི་རིག་གཞུང་སྲུང་སྐྱོབ་མཁན་ཞིག་ཏུ་གྱུར་ཡོད།
ངས་གསལ་བོ་དྲན་པ་ཞིག་ལ། ན་ནིང་ཕྱི་ཟླ་ལྔ་བའི་ནང་གྷེས་རོ་ན་ནས་ཚོགས་པའི་ཚོགས་ཆེན་གྱི་མཇུག་ཏུ་ངས་ཁོང་ལ་༼གྲོགས་པོ་ལགས་བསམ་བློ་ཆེན་པོ་ཞིག་ཐོངས་དང་། ང་ཚོས་ཅིའི་ཕྱིའི་རྒྱལ་སྤྱིའི་ཡིག་སྒྱུར་དང་སྐད་ཡིག་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་རྡ་རམ་ས་ལ་ནས་འཚོགས་མི་ཆོག་གམ་༽ཅེས་དྲིས་བར། ཁོང་གིས་༼ངས་ནམ་རྒྱུན་རྨི་ལམ་ཆེན་པོ་ཞིག་རྨི་བཞིན་ཡོད་ལ། དེ་ནི་ནམ་ཞིག་རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་ཚོགས་ཆེན་དེ་ལྷ་ས་རུ་འཚོགས་རྒྱུ་དེ་ཡིན་༽ཞེས་ལན་སྤྲད་བྱུང་། ཉིན་མོ་དེར་ང་ཚོས་ཁོ་ལ་བསྐྱར་ཏུ་ཆེ་མཐོང་གནང་ངེས།
ཁོང་གི་འཆི་རྐྱེན་ད་སྔ་གསལ་བོ་ཆགས་མེད་པས་རྒྱལ་སྤྱིའི་སྨྱུག་ཚོགས་ངོས་ནས་རྟོག་ཞིབ་གནང་བཞིན་པའི་སྐོར་ལ་རྒྱུས་ལོན་གནང་གི་ཡོད།
མ་ཡིག་ལ་གཟིགས་ན་འདིར་མནོན། http://www.pen-international.org/newsitems/pen-mourns-death-of-friend-and-vice-president-of-pen-tibetan-writers-abroad-lobsang-chokta/#sthash.FMtHtfRH.JsI626OK.dpuf
བློ་ཕམ་དང་སྐྱོ་གདུང་ཚད་མེད་ངང་མྱ་ངན་གུས་འདུད་ཞུ།
འདས་པོར་མྱ་ངན་གུས་འདུད་དང་། གསོན་ལུས་ཕ་མ་གཉེན་ཉེ་ཚོར་གདུང་སེམས་མཉམ་སྐྱེད་ཡོད།
both,police and camp ledear have big responsibility
to catch the culprit very soon as they must sought the help of trained dog as this is very,serious matter,in,
our camp.
བོད་ཀྱི་ཤེས་ཡོན་པ་རྣམ་གཉིས་འུ་ཚོ་དང་གཏན་དུ་ཁ་བྲལ་སོང་བར། སེམས་ཁོང་ནས་མྱ་ངན་ཞུ་བཞིན་ཡོད།