ཚན་རྡོར་གྱིས།
—༸རྒྱལ་བ་མཆོག་དགུང་གྲངས་གྱ་གཅིག་དང་ཕྱི་ལུགས་བརྒྱད་ཅུར་ཕེབས་པའི་ཉིན་མོ་འདིར་གཞས་ཚིག་འདི་ཁྱེད་རྣམས་པར་ཕུལ།
༡༽ དགུང་གྲངས་བརྒྱད་ཅུར་ཕེབས་པའི།།
༸སྐྱབས་མགོན་ཡིད་བཞིན་ནོར་བུ།།
གངས་ཅན་མི་ཡི་ཁྱད་ནོར།།
ཧི་མ་ལའི་ཅོད་པན་ཡིན།།
༢༽ དགུང་གྲངས་བརྒྱད་ཅུར་ཕེབས་པའི།།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོ།།
འཛམ་གླིང་མི་ཡི་མགོན་པོ།།
གངས་ཆུ་དྭངས་མའི་རླབས་ཡིན།།
༣༽ དགུང་གྲངས་བརྒྱད་ཅུར་ཕེབས་པའི།།
ངུར་སྨིག་ན་བཟའ་བཞེས་པའི།།
༸རྩ་བའི་བླ་མའི་སྐུ་གཟུགས།།
མི་འགྱུར་བྲག་རིས་གྲུབ་མེད།།
༤༽ སྨྲ་ཤེས་དོན་གོ་རྣམས་ལགས།།
གྱ་སྟོན་མཆོད་སྤྲིན་དུས་འདིར།།
༸ཕྱག་ན་པདྨོའི་སྐུ་གཟུགས།།
ལྷོད་ཀྱི་གནང་བ་འབུལ་རོགས།།
—༢༠༡༥/༠༤ ལ།