པད་མ་སྐྱིད། རྒྱ་ཡིག་ཐོག་བརྩམས། ཨ་རི།
ཁོང་ཚོ་ནི་བླ་ན་མེད་པའི་མི་རིགས་ཀྱི་དཔའ་བོ།
ཁོང་ཚོ་ནི་དཔའ་ངར་ལྡན་པའི་འགྲན་སློང་བ་པོ།
རང་མི་རིགས་ཀྱི་རང་དབང་རང་བཙན་གྱི་ཆེད་དུ།
གོང་ས་ཏྰ་ལའི་བླ་མ་རང་གི་ཕ་ཡུལ་བོད་དུ་ཕྱིར་ཕེབས་པའི་ཆེད་དུ།
པཎ་ཆེན་རིན་པོ་ཆེ་བཙོན་ལས་གྲོལ་བའི་ཆེད་དུ།
བོད་མི་ས་ཡ་དྲུག་གི་ཆེད་དུ།
ཁོང་ཚོ་དཔའ་བོ་ཡིན་པ་མ་ཟད།
ད་དུང་ང་ཚོའི་ཕུལ་དུ་བྱུང་ཞིང་།
དཔའ་ངར་ལྡན་པའི་མི་རིགས་ཀྱི་དཔའ་བོ་ཡིན།
ཁོང་ཚོ་ནི་ཉམ་ཆུང་ཡིན་ལ།
སྟོབས་ཆེ་ཤོས་ཀྱང་ཡིན།
བཙན་པོའི་དཔུང་ཤུགས་ལ་གཏན་ནས་དཔའ་ཞུམ་མ་མྱོང་།
ཁོང་ཚོའི་མཛད་རྗེས་ཀྱིས་ང་ཚོ་བོད་མི་རེ་རེའི་སེམས་པ་འདར་ཡེ་རེ་གཏོང་བཞིན་ཡོད་ལ།
འཛམ་གླིང་ཡང་འདར་ཡོམ་མེར་གཏོང་བཞིན་འདུག
ཁོང་ཚོས་གང་ཡོད་ཐམས་ཅད་ཕུད་དེ།
རང་ཉིད་མེ་རུ་སྦར་ནས་བསྲེག་དགོས་ཀྱང་།
དགྲ་བོའི་ཕྱོགས་ལ་མགོ་མི་སྒུར།
ཁོང་ཚོས་རང་ཅག་བོད་མི་རེ་རེ་ལ་བསྟན་པ་ནི།
གཞན་དོན་དུ་བློས་གཏོང་བ་ནི་གང་།
རང་གཅེས་འཛིན་ལས་འདས་པ་ནི་གང་།
རླབས་ཆེན་ཟེར་བ་ནི་ཅི།
གཉའ་མི་ཆག་པ་ནི་ཅི་ཡིན་པའོ།
ང་ཚོས་ཇི་སྲིད་བར་དུ་ཁོང་ཚོ་རྗེས་སུ་དྲན་སྲིད་ལ།
འཛམ་གླིང་འདིས་ཀྱང་ཇི་སྲིད་བར་དུ་ཁོང་ཚོ་བརྗེད་མི་སྲིད།
ཚང་མས་ལྷན་དུ་ཁོང་ཚོར་བདེ་བར་གཤེགས་པའི་སྨོན་འདུན་ཞུ།
མེར་སྲེག་དཔའ་བོ་དང་དཔའ་མོ།
མིའུ་དུང་དྲུག་རྒྱུད་པ། །
ས་ཡ་དྲུག་ཏུ་མཆེད་པས །
འགྲོ་བ་རིགས་དྲུག་བསམས་ནས། །
དཔའ་བོ་དཔའ་མོས་ཁེངས་སོང་། །
མེར་སྲེག་དཔའ་བོ་དང་དཔའ་མོའི་བསམ་དོན་འགྲུབ་པར་ཤོག །