ཨེ་ལིའོ་ཊི་ སྤེར་ལིང་།
དགེ་འདུན་རབ་གསལ་གྱིས་བསྒྱུར།
———————————————
(རྩོམ་ཡིག་འདི་ནི་དབྱིན་ཇིའི་སྐད་ཡིག་ཏུ་རྒྱ་གར་གྱི་དུས་བབ་གསར་ཤོག་ཏུ་འཁོད་ཅིང་། ཕྱིས་སུ་ཕ་ཡུལ་དྲ་རྒྱ་ལ་འང་བཀོད་འདུག བོད་འགྱུར་ལ་ཐུགས་དྭོགས་མཆིས་ཚེ་དབྱིན་ཡིག་གི་མ་ཕྱི་ལ་གཟིགས་ཞིབ་གནང་རོགས། He Has Got It Wrong)
—————————————
མཐའ་མ་དེར་རྒྱ་ནག་འགྲིག་འདུག དོན་དག་ཚང་མ་༧རྒྱལ་བ་རིན་པོ་ཆེའི་སྐོར་རེད། བོད་ཀྱི་ལས་འགུལ་འདིའི་མ་འོངས་པ་བགྲོ་གླེང་བྱེད་ཆེད་བདུན་གཅིག་རིང་འཚོགས་པའི་ “དམིགས་བསལ་ཚོགས་ཆེན་”གྱི་རྗེས་དེར། བོད་མིའི་བཙན་བྱོལ་འཇིག་རྟེན་འདིའི་ཕྱོགས་གང་ས་ནས་འཛོམས་པའི་འཐུས་མི་ཚོས། བོད་ཀྱི་གནས་བབ་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་པའི་ཚུལ་དུ་རྒྱ་ནག་ནང་ཁུལ་གྱི་ཚད་མཐོའི་རང་སྐྱོང་ཞིག་འཚོལ་བའི་༧རྒྱལ་བ་རིན་པོ་ཆེའི་ལོ་ངོ་ ༣༠ ཅན་གྱི་སྲིད་བྱུས་འདི་མུ་མཐུད་འཛིན་རྒྱུར་ཧ་ལམ་མོས་མཐུན་བྱས་པ་རེད། “ཧ་ལམ་” ཞེས་བཤད་དགོས་དོན་ནི། ཚོགས་འདུ་དེས་སྲིད་བྱུས་འདི་ལ་ཧ་ཅང་སེམས་མ་ཚིམ་པའི་ཕྱོགས་ཁག་དེ་ཚོ་མར་མནན་ཡོད་པའི་སྐོར་གྱི་གནས་ཚུལ་ཐོན་ཡོད་པ་རེད།
༼དེ་ནི་༽སྲིད་བྱུས་འདི་ལམ་ལྷོང་བྱུང་བ་ཞིག་མིན་པར་སྲིད་བྱུས་འདི་གང་ནས་ཡོང་ས་དེ་ལམ་ལྷོང་བྱུང་བ་ཞིག་རེད། རྒྱ་ནག་གིས་དུས་ཡུན་རིང་མོ་ཞིག་ནས་ཁོང་སླར་ཕེབས་ན་མིང་ཙམ་གྱི་གོ་གནས་འབུལ་རྒྱུ་ཡིན་པའི་ཐོག་ནས་༧རྒྱལ་བ་རིན་པོ་ཆེའི་གནས་བབ་དེ་གྲོས་མོལ་གྱི་རྣམ་པ་འདིའི་ལྟེ་བར་བཞག་ཡོད་པ་རེད། ༧རྒྱལ་བ་རིན་པོ་ཆེས་བོད་དོན་ནི་ཁོང་གི་སྐོར་མིན་པར་བོད་མི་ཚང་མའི་ཆེད་དུ་ཡིན་ཞེས་ཡང་ཡང་གསུངས་མོད། དམིགས་བསལ་ཚོགས་འདུའི་མཇུག་འབྲས་དེས་རྒྱ་ནག་གི་ལངས་ཕྱོགས་བཟུང་ཡོད་དེ། ཁོང་གི་དམངས་གཙོའི་མིང་སྙན་པོ་དེ་ཚོ་ཡོད་བཞིན་དུའང་། ༧རྒྱལ་བ་རིན་པོ་ཆེས་ཁོང་དང་བསམ་ཚུལ་མི་མཐུན་པ་འཛིན་མཁན་རྣམས་ཀྱི་བོད་མི་རྣམས་ལ་བདེ་འཇགས་ཀྱི་ཚོར་བ་ཡོང་ཐབས་རྩ་ནས་གནང་མེད་པ་རེད། ༧རྒྱལ་བ་རིན་པོ་ཆེར་མི་དགའ་མཁན་ཡིན་པའི་བསྙད་འཛུགས་དག་ནི་ རྡ་རམ་ས་ལཱའི་ནང་ཆབ་སྲིད་དང་སྒེར་གྱི་རྩོད་རྙོག་ཁྲོད་ཀྱི་མཚོན་ཆ་ཞིག་ཡིན་བཞིན་པ་རེད།
ཡིན་ན་ཡང་ཚོགས་འདུ་འདིའི་བདུན་ཕྲག་ཁ་ཤས་ཀྱི་སྔོན་དུ་༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་གཞུང་ལ་ཐུགས་ཡིད་ཆེས་པ་ཉམས་བཞིན་པའི་སྐོར་གསུངས་ཤིང་། བོད་མི་བཙན་བྱོལ་བ་མང་པོས་ངར་ཤུགས་དང་བཅས་འཚེ་བའི་ལས་ཀ་རྩོམ་དགོས་ཞེས་མ་ཡིན་པར། སླར་ཡང་བོད་རང་བཙན་དེ་བོད་མིའི་གཞུང་འབྲེལ་གྱི་ལངས་ཕྱོགས་སུ་འཇོག་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད། རྒྱ་ནག་དང་ལྷན་དུ་གྲོས་མོལ་བྱེད་པ་དེ་ནི་མཐའ་མའི་འགག་ས་ལ་སླེབས་ཡོད་པ་དང་། དེ་བཞིན་༧རྒྱལ་བ་རིན་པོ་ཆེས་བོད་རང་བཙན་བྱེད་རྒྱུ་མིན་པ་དང་རྒྱ་ནག་གི་ཆ་ཤས་བྱས་ན་དེ་ནི་བོད་མིའི་ཁེ་ཕན་ཞིག་ཡིན་པ་༼སྐབས་མང་པོར་རྒྱ་ནག་གི་སྐུལ་སློང་བཞིན་༽གསུངས་པའི་ལོ་ཟླ་དག་གི་རིང་ཤོར་ཟིན་པའི་རང་གི་རྩ་དོན་ཏེ་ཁྲིམས་མཐུན་འདི་བོད་མི་ཚོས་སླར་ཡང་གསལ་བསྒྲགས་ཐོག་ངོས་འཛིན་བྱེད་རྒྱུའི་ཐད་བོད་མི་འདི་ཚོས་རྒྱུ་མཚན་ཡག་པོ་ཡོད་པ་ཞིག་ཏན་ཏན་མཐོང་ཡོད་པ་རེད། བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་པའི་ཐད་ནས་ཞུས་ན། གོང་གསལ་ཁེ་ཕན་དེ་ཚོ་ནི་ཟླ་བ་གསུམ་པ་དང་བཞི་བའི་ནང་བོད་དུ་འགྲེམས་སྟོན་གསལ་པོ་བྱས་ཡོད་པ་རེད།
༢༠༠༢ ལོར་ ཐད་ཀར་འབྲེལ་ལམ་མེད་པར་ལོ་བཅུ་ཕྱིན་པའི་རྗེས་དེར་རྡ་རམ་ས་ལ་ཡིས་ཡང་བསྐྱར་ཐེངས་གཅིག་པེ་ཅིན་དུ་བོད་ཀྱི་གནད་དོན་གྲོས་མོལ་བྱེད་ཆེད་སྐུ་ཚབ་གཏོང་མགོ་བཙུགས་པ་རེད། སྐབས་མང་པོར་བོད་མིའི་འཐུས་མི་ཚོས་ གཟབ་གཟབ་རང་བཞིན་གྱི་ཚོད་དཔག་བཤད་ཡོད་དེ། ཕྱོགས་གཉིས་ཀ་ནས་ཕན་ཚུན་གྱི་ལངས་ཕྱོགས་གསལ་པོར་རྟོགས་ཆེད་གོམ་པ་མདུན་སྤོས་བྱས་ཡོད་བརྗོད་པ་རེད། གནས་ཚུལ་འདིར་དབྱེ་ཞིབ་བྱེད་མཁན་དག་ལ་མཚོན་ན་གང་ལྟར་ཡང་གྲོས་མོལ་འདི་དག་ནི་གང་ཞིག་ལ་སླེབས་རྒྱུའི་ཆེད་དུ་དམིགས་མེད་པ་ནི་ཧ་ལམ་གསལ་པོ་རེད། དེའི་ཚབ་ལ། འདི་དག་ནི་༧རྒྱལ་བ་རིན་པོ་ཆེ་དགོངས་པ་རྫོགས་རྒྱུར་རྒྱ་ནག་གིས་ངང་སྒུག་བྱས་པའི་རིང་དེར་དུས་ཚོད་བསྐྱལ་བྱད་ཁག་ཅིག་ཡིན་པ་རེད། གྲོས་མོལ་འདི་དག་གིས་ད་དུང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་དང་རྒྱ་ནག་གི་སྲིད་བྱུས་ཀྱི་ཐོག་ལ་རྒྱལ་སྤྱིའི་སེམས་ཁྲལ་ཡོད་པ་དེ་ཚོ་ཁ་བསྒྱུར་བྱད་ཅིག་དགོས་མཁོའི་སྐབས་སུ་འབྲེལ་གཏུགས་ཀྱི་འཁྲབ་སྟོན་ཡག་པོ་ཞིག་སྤྲད་ཡོད་པ་རེད།
རྒྱ་ནག་ལ་མཚོན་ན་ ༧རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་གྲོས་མཐུན་ཞིག་འཇོག་འདོད་མེད་པ་དེ་གྲོས་མོལ་མགོ་འཛུགས་མ་བྱས་པའི་གོང་ནས་མངོན་གསལ་རེད། ཡིན་ན་ཡང་ཟླ་འདིའི་ཟླ་སྟོད་དུ་འབྲེལ་མོལ་གྱི་རིམ་པ་རྗེས་མ་དེ་བྱས་ཟིན་པའི་རྗེས་དེ་ལ་ཁོང་ཚོའི་འབྲས་མེད་ཀྱི་རང་བཞིན་དེ་གསལ་པོ་ཆགས་པ་རེད། བོད་ཀྱི་རྒྱུན་ལྡན་གྱི་སྐུ་ཚབ་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་རྒྱ་གར་དུ་ལོག་སྟེ་དམིགས་བསལ་ཚོགས་འདུའི་གོང་དུ་གསལ་བསྒྲགས་གང་ཡང་བྱེད་ཀྱི་མིན་ཞེས་དམ་བཅས་པ་རེད། ཡིན་ན་ཡང་། ཁོང་ཚོས་སྐད་ཆ་བཤད་དགོས་པའི་དགོས་པ་གང་ཡང་མི་འདུག ཉིན་མ་ཁ་ཤས་ཀྱི་ནང་ཚུད་ལ། ཐུག་འཕྲད་རིམ་པའི་ནང་གི་རྒྱ་ཕྱོགས་ཀྱི་ཁ་གཏད་ཀྲུའུ་ཝེ་ཆུན་དང་སྲི་ཐར་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཁྱད་གསོད་དང་བཅས་གྲོས་མོལ་ནི་གང་དུའང་སླེབས་མེད་ཅེས་བརྗོད་པ་རེད། ཁོང་ཚོས་༧རྒྱལ་བ་རིན་པོ་ཆེ་དང་ལྷན་དུ་བོད་ནང་ཁུལ་གྱི་རང་སྐྱོང་སྐོར་གྱི་གྲོས་འཆར་དེ་ལ་ཞི་འགྲིག་གང་ཡང་བྱེད་གི་མེད་པར་བརྗོད་པ་མ་ཟད། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ལོག་ཕེབས་ན་སྒོ་ཕྱེ་ཡོད་མོད། ཁོང་གིས་རང་གི་ནོར་འཁྲུལ་རྣམས་ཡོ་བསྲང་གིས་ “རྒྱལ་གཅེས་དང་ཡང་དག་པའི་ལངས་ཕྱོགས་ནང་ལོག་དགོས་”བརྗོད་པ་རེད། དེས་ན། ཧ་ལམ་མི་ལོ་སུམ་ཅུའི་རིང་རྒྱ་ནག་ལ་འབྲེལ་བ་བྱས་པ་དེས་ཁོང་ཚོ་ཐོག་མའི་མགོ་འཛུགས་སའི་ས་མཚམས་བརྒལ་ནས་ཕྱིན་མེད་པའི་རྣམ་འགྱུར་བསྟན་པ་རེད། འདི་ནི་༧རྒྱལ་བ་རིན་པོ་ཆེའི་སྐོར་ཁོ་ན་རེད་ལ། དེ་མིན་བོད་ཀྱི་གནད་དོན་ཞིག་ཡོད་པ་མ་རེད། རྒྱ་ནག་ལ་རང་གི་ལག་པ་བརྟན་པོ་ཡོད་པ་ཤེས་པ་དེ་རྫུ་ཐབས་ཀྱི་རྣམ་པ་མ་བྱས་པའི་ཐོག་ནས་ རྣམ་འགྱུར་དེ་དག་བསྟན་ཡོད་དེ། ༢༠༠༨ ལོའི་ཨོ་ལིམ་པིག་གི་རྩེད་མོ་ལམ་ལྷོང་བྱུང་བ་དང་། ད་ལྟའི་ཆར་འཛམ་གླིང་གི་དཔལ་འབྱོར་དཀའ་རྙོག་འདི་སེལ་རྒྱུར་འགན་ཆེན་པོ་ཞིག་ཡོད་པ་རེད། རྒྱ་ནག་གིས་ཁུ་སིམ་སིམ་གྱི་ངོ་ཚའི་ནང་རྒྱ་གར་དུ་ལོག་པའི་བོད་ཀྱི་སྐུ་ཚབ་ཚོར་ཁྱད་གསོད་བྱས་པ་དང་ལྷན་དུ་འཛམ་གླིང་གི་གསར་འགྱུར་ཁག་ལ་ལམ་ལྷོང་མ་བྱུང་བའི་གྲོས་མོལ་དེ་ཤེས་བཅུག་པ་རེད།
༧རྒྱལ་བ་རིན་པོ་ཆེས་རྒྱ་ནག་ལ་འབྲེལ་གཏུགས་བྱེད་པ་དེ་དག་ལ་སྣ་རྐྱང་ངམ་དྲང་པོའི་རྣམ་པ་ཡོད་པ་རེད། རྒྱ་ནག་གིས་སྐུལ་མ་བྱས་པ་ལ་བརྟེན་ནས་ཁོང་གིས་བོད་རང་བཙན་ལ་གླེང་གཞི་བཟོས་ནས་ཡུན་རིང་པོ་ཕྱིན་པ་རེད་ལ། རྒྱ་ནག་གི་དཔོན་རིགས་སུས་ཀྱང་བྱེད་མི་ནུས་པའི་ཐོག་ནས་༼རང་བཙན་༽ལྟ་ཚུལ་དེ་ཁྲིམས་འགལ་བཟོ་བཞིན་ཡོད་པ་རེད། ད་དུང་ཁོང་གིས་རྐང་བཙུགས་ནས་འགྲོ་ས་མེད་པ་ཞིག་ལ་སྣེ་འཁྲིད་མཛད་པ་དེ་མཁྱེན་རྒྱུ་བསྡད་ཡོད་པ་རེད། ད་ལྟའི་གནས་སྟངས་ཀྱི་འོག་ནས་བོད་རང་བཙན་རྩོད་པ་དེས་གནད་དོན་འདི་ཐག་ཆོད་པ་ལ་བར་ཐག་ཇེ་ཉེར་གཏོང་མདོག་ཁ་བོ་མེད་ན་ཡང་། ད་ཡོད་ཀྱི་བོད་མིའི་གནས་བབ་སྐྱོ་བོ་ཞིག་ཡོད་པ་འདི་བོད་མི་རྣམས་ལ་འཇོག་གི་མ་རེད་ལ། ངོ་མ་བཤད་ན། རྒྱ་ནག་གིས་བོད་བཟུང་བའི་ཐད་འབྱར་བའི་རྒྱལ་སྤྱིའི་དྲི་མ་དེ་ཁེ་ཕན་ཞིག་ཏུ་གནས་རྒྱུ་ཡིན་པ་རེད།
༧རྒྱལ་བ་རིན་པོ་ཆེས་དྲི་མ་དེ་བསལ་རོགས་པ་གནང་ཡོད་པ་རེད་ལ། ད་ཆ་ཡང་། དམིགས་བསལ་ཚོགས་འདུའི་རྗེས་སུ་ ཁོང་ནི་བོད་ཀྱི་གནས་བབ་འདིའི་བདག་དབང་འཛིན་མཁན་གྱི་ངོ་བོར་མུ་མཐུད་ནས་བཞུགས་ཡོད་པ་རེད། ད་དུང་ཐུགས་ཕམ་པའི་རྣམ་པ་གསལ་ཙམ་ཡོད་པ་དང་བཅས་ཁོང་གིས། ཉིན་ཁ་ཤས་ཀྱི་སྔོན་ལ། མ་མཐའ་ལ་ཡང་རྒྱ་ནག་མི་མང་ལ་ཡིད་ཆེས་ཡོད། ཅེས་དགོངས་ཚུལ་བཏོན་པ་རེད། ཟླ་བ་གསུམ་པའི་ལས་འགུལ་དེ་ཚོ་ལ་བརྟེན་ནས་རྒྱ་མིས་བོད་མི་རྣམས་ལ་འཁོན་འཛིན་ཧ་ཅང་གཞི་རྒྱ་ཆེ་ཞིང་ངར་ཤུགས་ཅན་བྱས་པ་དེ་ཚོའི་སྐོར་ཁོང་གིས་མཁྱེན་ཡོད་མེད་ཐད་དྭོགས་འདྲི་བྱེད་དགོས་པ་ཞིག་རེད། ༡༩༩༠ གོ་གྲངས་ཀྱི་སྐབས་སུ་ཁོང་གིས་ཏིང་ཞའོ་ཕིང་ནི་རང་གི་གྲོགས་པོ་རྙིང་པ་ཞིག་ཡིན་ཞེས་གསུངས་གོམས་སུ་སོང་ཡོད་པ་རེད། གལ་སྲིད་ཏིང་གིས་འདི་ཤེས་ཡོད་ཚེ། དེ་འདྲའི་གྲོགས་པོར་ཁས་འཆེ་བ་ལ་བརྟེན་ནས་ཁོ་ནི་མགོ་འཐོམས་ཡོད་པ་རེད། གྲུབ་འབྲས་མེད་པའི་ཞི་མོལ་འདིའི་བརྒྱུད་རིམ་ཚང་མའི་ནང་། ༧རྒྱལ་བ་རིན་པོ་ཆེས་དེ་འདྲའི་འཆར་སྣང་གི་གྲོགས་པོ་དག་ལ་བཀའ་མོལ་གནང་གི་ཡོད་བཟོ་འདུག་ལ། དེ་འདྲ་ནི་མི་མང་ཆེ་བས་ལོ་ན་ལྔ་ཙམ་ལ་སོན་སྐབས་མཚམས་འཇོག་བྱེད་པ་རེད།
རྩོམ་པ་པོས་ཨིན་ཌི་ཡཱ་ན་སློབ་གྲྭ་ཆེན་མོར་བོད་ཀྱི་རྒྱལ་རབས་སློབ་ཁྲིད་བྱེད་བཞིན་ཡོད།
ཨེ་ལི་ཀྲི་ལ་ཞུ་རྒྱུར།
རྒྱལ་བ་རིན་པོ་ཆེས་རྒྱ་མིས་མགོ་སྐོར་གཏོང་གི་ཡོད་པ་དེ་མཁྱེན་གྱི་འདུག རྒྱལ་བ་རིན་པོ་ཆེས་བོད་རྒྱའི་འབྲེལ་མོལ་དེ་ལམ་ལྷོང་ཡོང་གི་མེད་པ་མཁྱེན་གྱི་འདུག ཡིན་ནའི་ང་ྩོ་ལ་ལམ་འདི་ལས་གཞན་མེད། བོད་པ་རྣམས་འུག་ཐུག་ནས་སྡོད་ཡོད། རྒྱལ་ཁབ་སུ་ཞིག་གིས་བོད་རང་བཙན་ཁས་ལེན་བྱེད་ཀྱི་ཡོད་དམ། ང་ཚོ་རྒྱ་ལ་དམག་རྒྱག་གི་ཡིན་ཟེར་ན་སུས་རོགས་པ་བྱེད་ཀྱི་རེད་དམ། རྒྱལ་ཁབ་ཤིག་ཕར་ཞོག མི་སྒེར་པ་ཚོ་ཡང་གཡོལ་ཐབས་བྱེད་ཀྱི་རེད། ཚང་མ་སོ་སོའི་ཁེ་མཁན་ལ་ལྟོས་ནས་ལས་ཀ་བྱེད་ཀྱི་ཡོད། ཨེ་ལེ་ཀྲི་ཁྱོད་རང་ལ་ལྟོས་དང་། ཁྱོད་དེ་ྔོན་རྒྱ་ལ་དགྲ་སྡང་སྡང་བྱེད་མཁན་དེ་བར་སྐབས་ཤོད་མཁས་པོ་དང་སྡོད་མཁས་པོ་ཞིག་བྱེད་ཀྱི་འདུག ༼ཁོ་རེ་རབ་གསལ། མཆན་འདི་མ་སུབ་ཨ། ཁྱོད་ཨ་མདོ་དང་ཁྱོད་ཀྱི་གྲོགས་པོ་ལ་ཁ་ཏོག་ཙམ་བཏང་ན་ལམ་གསེང་ཁ་རྡའི་ཁྲིམས་ཡིན་ཟེར་སུབ། དབུས་གཙང་གི་མི་ཞིག་དང་ཁམས་པ་ཞིག་ལ་རྒྱ་ཤོར་སྟོང་ཤོར་བྱས་ནས་ཁ་གཏོང་ཡོང་དུས་ཁྱོད་མཐོང་སར་མེད།༽
ཞིབ་ཀློག་ལན་གཉིས་བྱས་ཀྱང་དོན་དག་རྡོག་རྡོག་དེ་ཅི་ཞིག་ཡིན་པ་ཤེས་ཐུབ་མ་སོང་། རྩོམ་ཡིག་འདི་ལ་ཊིཀའམ་མཆན་འགྲེལ་ཞིག་ཡོད་ན་སྐྱིད་པ་ལ།
དྲང་བདེན་ལགས
ཁྱོད་ཀྱིས་ངེད་ཀྱི་མིང་ནས་བོས་ཏེ་གཤམ་གསལ་བསྙོན་འཛུགས་འདི་བྱས་པ་རེད།
“ཁོ་རེ་རབ་གསལ། མཆན་འདི་མ་སུབ་ཨ། ཁྱོད་ཨ་མདོ་དང་ཁྱོད་ཀྱི་གྲོགས་པོ་ལ་ཁ་ཏོག་ཙམ་བཏང་ན་ལམ་གསེང་ཁ་རྡའི་ཁྲིམས་ཡིན་ཟེར་སུབ། དབུས་གཙང་གི་མི་ཞིག་དང་ཁམས་པ་ཞིག་ལ་རྒྱ་ཤོར་སྟོང་ཤོར་བྱས་ནས་ཁ་གཏོང་ཡོང་དུས་ཁྱོད་མཐོང་སར་མེད།”
ངེད་ནི་དྲང་པོར་བྱེད་ཅི་ཐུབ་བྱེད་ཀྱིན་ཡོད་ལ། ཆོལ་ཁའི་ཕྱོགས་རིས་དེ་ལས་ཀྱང་བྱེད་ཀྱིན་མེད། ཁམས་པའི་ཕྱོགས་དང་དབུས་པའི་ཕྱོགས་ལ་སྡང་ཟུག་འདི་བྱས་སོང་ཞེས་ཁུངས་གསུངས་རོགས། དེ་མིན་ཁྱེད་ཀྱི་ཚིག་འདི་ནི་ཚིག་སྟོང་པ་ཞིག་རེད། ཁྱེད་ཀྱིས་ངའི་མིང་དངོས་སུ་སྨོས་ནས་རང་གི་མིང་སྦས་པ་དེ་ཡང་ཡ་རབས་ཤིག་མ་རེད། ངས་ཕལ་ཆེར་ཁྱོད་སུ་ཡིན་མིན་ཡང་ཤེས་ཐུབ་པ་འདུག
གོང་གི་མྱི་ལྡང་འདིས་ཨེ་ལི་ཀྲི་ཟེར་བ་དེ་དབྱིན་སྐད་རེད་དམ་ཡང་ན་བོད་སྐད་ཅིག་རེད། རྩོམ་མ་གོ་བའི་སྟེང་དུ་མཆན་འདི་འདྲ་ཡང་གོ་མ་སོང་།
དྲང་བདེན་མ་རེད་འཁྱོག་རྫུན་རེད། ག་དུས་དྲྭ་བཟོ་བས་ཨ་མདོ་བ་དང་རང་གི་གྲོགས་པོ་ལ་ཁ་བཏང་བའི་མཆན་ཞིག་བསུབ་སོང་། མིང་ནས་སྨྲས་ཏེ་གླེང་རོགས། ག་རེ་ཁམས་པ་དང་དབུས་གཙང་། ཁྱོད་ཀྱིས་ཁམས་པ་དང་དབུས་གཙང་གི་ཆེད་དུ་ཕན་པའི་བྱ་བ་ག་རེ་བསྒྲུབས་ཡོད།
ང་ཚོ་བོད་ཀྱིས་མི་རབས་གསར་པ་ཚོའི་སེམས་ཁམས་བདེ་ཐང་ཡོང་དགོས་ན་ན་ཚ་རིགས་གཉིས་ཀྱིས་མ་གོས་པར་བྱ་རྒྱུ་གལ་ཆེན་རེད། ན་ཚ་གཅིག་ལ་ཆོས་རྩོད་ཀྱི་སྲན་ནད་ཟེར་བ་རེད། དེ་ཕ་མེས་ནས་བརྒྱུད་ཡོང་བའི་ནད་ཅིག་རེད། ན་ཚ་གཞན་དེ་ལ་ཆོལ་རྩོད་ཀྱི་ཨེད་རྫི་ཟེར་བ་རེད། དེ་རྡ་རམ་ས་ལར་སྒེར་དོན་གྱི་ཆེད་དུ་སྤྱི་དོན་གྱི་དར་ཆ་འཕྱར་མཁན་ཁ་ཤས་ཤིག་གིས་ཁྱེར་ཡོང་བའི་ན་ཚ་གསར་པ་ཞིག་རེད།
དྲྭ་བཟོ་བས་ཕ་ཡུལ་གཅིག་པ་དང་གྲོགས་པོ་ལ་ཁ་བཏང་བའི་མཆན་བསུབ་ཀྱི་ཡོད་ན་འདིར་ཁྱོད་ཀྱིས་དྲྭ་བཟོ་བ་རང་གི་མཚན་ཐོག་ནས་ཁ་གཡོགས་བྱས་པའི་མཆན་འདི་ག་རེ་བྱས་ནས་འདིར་བཞག་ཡོད་པ་རེད། ཁྱོད་ཀྱི་རྫུན་སྐུབ་འདི་ཀ་རང་ནས་བུད་པ་རེད། མྱུར་དུ་ཡིག་བརྒྱ་དང་བཛྲ་ས་དྭ་སོགས་བགྲངས་ནས་འགྱོད་བཤག་ཡག་པོ་གྱིས་མ་གཏོགས་གཤིན་རྗེ་ཆོས་རྒྱལ་གྱིས་གུ་ཡངས་གནང་གི་མ་རེད་ད།
མཆན་དང་པོའི་བདག་པོ་དྲང་བདེན་ཟེར་མིའི་མཆན་བུ་དེར་ཆ་འཇོག་མི་འདུག འདིར་ཕལ་ཆེ་བས་སྙུག་མིང་རྣམ་པ་སྣ་ཚོགས་དང་། ལྷག་པར་དུ་སེམས་ཅན་གྱི་མིང་མང་པོ་བྲིས་འདུག་པས་རབ་གསལ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་ན་མ་གཏོགས་དྲ་མི་རེ་རེ་བཞིན་ཕ་ཡུལ་གང་ནས་ཡིན་ཤེས་མི་ཐུབ་ལ། ཡི་གེ་འབྲི་ཤེས་པའི་ཐོག་ནས་བོད་མི་ཞིག་ཡིན་པ་ཤེས་ནུས་པ་ཙམ་ལས། མིང་གི་ཐོག་ནས་ཕ་ཡལ་དང་སུའི་གྲོགས་པོ་ཡིན་མིན་ཕར་ཞོག ཐ་ན་མི་ཡིན་མིན་ཡང་ཤེས་དཀའ་སེ་མི་འདུག་གམ། གཅིག་བྱས་ན་དྲང་བདེན་ཟེར་མིས་རབ་གསལ་གྱི་མིག་དང་བོད་མིའི་ཆིག་སྒྲིལ་གྱི་སྙིང་ལ་ཨེ་ཕོག་ལྟ་གི་ཡོད་པ་འདྲ།
བློ་ཕམ་པ་ཞིག་ལ་ང་ཚོ་བོད་མིའི་གྲོགས་པོ་ཡིན་གསུངས་་མཁན་འགའ་ཞིག་ནས་བོད་མི་ལས་ལྷག་པ་མཁྱེན་གྱི་ཡོད་པའི་གནམ་པ་སྟོན་གྱི་འདུག ༧གོང་ས་མཆོག་གི་མཛད་འཕྲིན་ཐོག་བསམ་འཚུལ་མ་མཐུན་པ་ཡོད་ན་གཅིག་རེད་། འོན་ཀྱང་༧གོང་ས་མཆོག་དང་བོད་མིའི་འདོད་དོན་ཐོག་ཁོང་ལས་ལྷག་པ་མཁྱེན་གྱི་ཡོད་འདོགས་གནང་ན་དེ་ནི་དངོས་ཡོད་དང་འགལ་བ་རེད། ད་ལོའི་དཔྱིད་ཀར་བོད་ནང་བོད་མི་ཚོས་ཁྲོམ་སྐོར་གནང་སྐབས་ཁོང་རྣམས་ནས་༧གོང་ས་མཆོག་གི་དགོངས་པ་ག་ཚོས་བཞེས་ཐུབ་ཀྱི་ཡོད་མེད་དང་ཁོང་གི་ནུས་པ་གང་འདྲ་ཡོད་མེད་གསལ་པོ་ར་སྤྲོད་བྱུང་སོང་། ཞུ་ཡག་དེ་ལས་མེད།
བོད་ཞེན་མེད་པ་དང་མི་མིང་མེད་མཁན། ཐ་ན་བོད་མིང་ཡང་མེད་མཁན་ཞིག་གིས་འདི་འདྲ་བཤད་ཀྱི་འདུག རྒྱ་གར་སྐད་དུ་རྗོས་གྲི་མ་ཏུ་པོ་ལོ། དབྱིན་སྐད་དུ་སྒྲོན་གྲི་སྤེས་ལེ། བོད་སྐད་དུ་སྐྱག་རྫུན་མ་ཤོད། བོད་པ་ནང་ཁུལ་ལ་དཀྲུགས་ཤིང་འཕེན་མཁན་འདི་འདྲ་ཞིག ནགས་ཚལ་སྟུག་པོ་གང་ཞིག་གི་གཅན་གཟན་ཡིན་ན་བསྡོད་མ་གཏོགས། གདོང་དམར་བོད་པ་ཚང་འདི་ཤ་ཟ་རྒྱུར་དགའ་བ་དེ་ནི་དངོས་ཡོད་ཡིན་པ་རེད། མི་མིང་མེད་མཁན་གྱི་སྐྱག་རྫུན་པ་ལགས། གཅིག་བྱས་ན་སྐྱག་རྫུན་བཤད་ཤེས་མཁན་དང་བོད་ཡིག་འབྲི་ཤེས་མཁན་གྱི་གཅན་གཟན་ཞིག་གློ་བུར་དུ་དྲ་ཚིགས་འདིའི་ནང་དུ་སླེབས་པ་འདི་ཡང་གཟབ་གཟབ་བྱེད་དགོས་ས་རེད་ཡིན་ན་ཡང་ཐང་། ཨོ་རེད། གང་ཡིན་ན་ཡིན། བོད་པ་ཚང་གི་མི་འདི་དག་ལ་ཁ་ཞེ་མེད། ག་རེ་བཤད་འདོད་ན་བཤད་ངེས་ཡིན།
རྒྱལ་བ་རིན་པོ་ཆེས་རང་བཙན་དོར་བ་མིན། རྒྱ་མིས་ཉེ་ཆར་རྒྱལ་བ་རིན་པོ་ཆེར། ལུག་ལྤགས་གྱོན་པའི་ལྕང་ཀི། རྣམ་པ་འགྱུར་བའི་རང་བཙན་ལེན་མཁན། རང་བཙན་ཕྱེད་ལེན་མཁན་ཟེར་བ་སོགས་ནས་ཤེས་ཐུབ་པར། གོང་ས་མཆོག་ནི་ད་དུང་བོད་མིའི་མངོན་འདོད་གཅིག་པུ་སྟེ། བོད་བོད་མིས་སྐྱོང་བའི་ལམ་ལུགས་དེར་འབད་པ་གནང་བཞིན་འདུག
དེ་རྒྱ་གཞུང་གིས་ཤེས་འདུག་ལ། བོད་རྒྱ་ཆེའི་མི་དམངས་ཀྱིས་ཀྱང་ཤེས་ཀྱི་འདུག གོང་ས་མཆོག་གི་དགོངས་པ་མ་ཤེས་མཁན་མི་ཉུང་ཤས་འདུག་པའི་ནང་ནས་གཅིག་དེ་ཨེ་ལེ་ཀྲི་ཁོང་རེད། ཨེ་ལི་ཀྲི་ཁོང་བོད་པར་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་སྲིད། ཡིན་ནའི་དེས་ཁོང་གི་བཤད་པ་ཐམས་ཅད་བདེན་པ་མ་རེད།
དཔེར་ན་ཁོང་གིས་ྔོན་མ་ང་ཚོས་བོད་རང་བཙན་དགོས་ཟེར་ལབ་ན་ཨ་རིས་རྒྱབ་སྐྱོར་བྱེད་སྲིད་ཟེར། དེ་བདེན་པ་མ་རེད། དེ་ྔོན་ཐེ་ཝན་གྱི་སྲིད་འཛིན་ཁྲན་གྱིས། ཐེ་ཝན་རང་བཙན་དགོས་ཟེར་དུས། ཨ་རིས། ཁ་བཙུམ། ྙོག་འདྲ་མ་སློང་། ང་ཚོས་ཐེ་ཝན་རང་བཙན་ནམ་ཡང་ངོས་ལེན་མི་བྱེད་ཟེར་བའི་སྲིད་བྱུས་བཟོས་སོང་། ད་གཟིགས་དང་། བོད་རང་བཙན་དགོས་ཟེར་ན་རོགས་པ་བྱེད་ས་རེད་པས།
སྟག་མཚེར་རིན་པོ་ཆེས་ཨེ་ལི་ཀྲི་དང་རབ་གསལ་གཉིས་ཀྱི་ཀླད་པ་གཙང་མ་གཙང་རྐྱང་བྱས་བཀྲུས་འདུག
ངས་ད་དུང་གཅིག་ཞུ་འདོད་འདུག གལ་ཏེ་ཨེ་ལི་ཡེཀྲི་དངོས་ནས་བོད་ཞན་ཡོད་ན་ཁོང་ནས་རྒྱ་ནག་གཞུང་ལ་ལང་ཕྱོགས་གང་འདྲ་ཟིན་ཡོད་དམ། ངས་ཧ་གོ་ཡག་ལ་ལོ་མང་པོའི་སྔོན་ཁོང་གི་སློབ་གྲ་ཆེན་མོས་བོད་རིགས་པའི་ཚོགས་འདུ་གོ་སྒྲིགས་གནང་སྐབས་ཁོང་ནས་རྒྱ་ནག་གཞུང་གི་འདོད་པ་ལྟར་བརྩན་བྱོལ་ནས་བོད་མི་མཁས་དབང་ཡོང་རྒྱུར་འགག་ཆ་བྱེད་ཡོད་འདུག ད་དུང་ལོ་སྔོན་མ་ཁོང་པེ་ཅིང་དུ་བོད་རིགས་པའི་ཚོགས་འདུ་ཞིག་ཏུ་བསྐྱོད་འདུག དེ་སྐབས་ཡང་གང་ཡང་ལབ་ཐུབ་མིན་འདུག
ཨེ་ལི་ཀྲིས་བོད་ཀྱི་སྐོར་ལ་དེབ་ཁ་ཤས་བྲིས་འདུག་ཟེར། ཁྱེད་རྣམ་ནས་ཁོང་གིས་ད་བར་གང་བྲིས་པ་འདིའི་ཐོ་ཞིག་འདིར་བཀོད་ཐུབ་བམ།
ཐུགས་རྗེ་ཆེ།