བློ་གྲོས་རབ་བརྟན།
དེང་སང་མཁས་དབང་Elliot Sperling སི་པར་ལིང་སྐུ་གཤེགས་པར་རྗེས་དྲན་ཟེར་ནས་ས་ཆ་མང་པོར་ཚོགས་འདུ་འཚོག་གིན་འདུག ཚོགས་འདུ་ཚོགས་ཏེ་ཅི་ཞིག་གི་ཆེད་དུ་རྗེས་དྲན་བྱེད་བཞིན་ཡོད། དོན་དམ་པར་ཁོང་ཅི་ཞིག་རེད། ལྷག་ཏུ་བོད་མི་ཚོར་མཚོན་ན་དྲན་དགོས་པ་ཅི་ཞིག་བྱས་ཡོད། ང་ལ་ཁ་གསལ་གཏིང་གསལ་གྱི་ལན་ཞིག་དགོས་རྒྱུ་ཡོད། རྗེས་དྲན་ཚོགས་ཐོག་ནས་མི་ཚོས་བཤད་པའི་སྐད་ཆ་འགའ་འདིར་དྲངས་ཏེ་མཁས་དབང་ཁོང་ག་འདྲ་ཞིག་རེད་ཨེ་མཐོང་བལྟ།
ཨ་མྱེས་རྨ་ཆེན་གྱི་བཀྲ་ཤིས་ཚེ་རིང་གིས་” མཁས་དབང་དམ་པ་ཁོང་ནི་བོད་དང་བོད་མིའི་རྩ་དོན་ལངས་ཕྱོགས་ཐད་ཕྱི་ལོ་ ༡༩༧༣ ནས་ད་ལྟའི་བར་དུ་བློ་བརྟན་འགྱུར་མེད་ངང་བཞུགས་པའི་བོད་རང་བཙན་འཐབ་རྩོད་པའི་དཔའ་ཡ་དཔུང་རོགས་དང་བློ་འགེལ་ཆོག་པའི་གྲོགས་པོ་རྙིང་པ་ཞིག་ཡིན།” ཟེར།
གཞོན་ཚོགས་ཚོགས་གཙོས། ” མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཐོག་མར་འཛུགས་མཁན་རྣམ་པ་ནས་བཟུང་འབྲེལ་བ་ཉེ་བོ་ཡོད་པའི་གྲོགས་པོ་རྙིང་པ་ཞིག་ཡིན་ལ། དམ་པ་ཁོང་བོད་རང་བཙན་གྱི་ཚོགས་འདུ་མང་པོར་མཉམ་ཞུགས་གནང་ཡོད་པ་མ་ཟད། དམ་པ་ཁོང་ནི་རང་བཙན་ལྟ་གྲུབ་སྒང་ལ་ལངས་ཐུབ་མཁན་དང་བཤད་ཐུབ་མཁན། བཤད་སྐབས་ཀྱང་རྒྱུ་མཚན་དང་ལོ་རྒྱུས་ཀྱི་ཁུངས་དང་ལྡན་པའི་ཐོག་ནས་བཤད་ཐུབ་མཁན་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། ” ཟེར།
དགུ་བཅུ་གསུམ་ཚོགས་པའི་ལྷ་རྒྱལ་རི་བས། “མཁས་དབང་དམ་པ་ཨི་ལིའོ་ཊི་སི་སྤིར་ལིན་ལགས་ནི་བོད་ཀྱི་ལོ་རྒྱུས་ཤེས་པ་དང་། བོད་ནང་གི་བོད་མི་ཚོའི་རེ་འདོད་མགོ་འཚོས་པའི་ཐོག་ནས་དགོངས་པ་མ་རྫོགས་བར་དུ་བོད་རང་བཙན་འཐབ་རྩོད་ཐད་དགོངས་བཞེས་བརྟན་པོ་ཞེ་དྲག་གནང་ཡོད་པར་བརྟེན། དུས་རྟག་ཏུ་ཁོང་ལ་གུས་བརྩི་ཞུ་ཡི་ཡོད།” ཟེར།
འདི་དང་འདི་འདྲ་བོ་མང་པོ་ཞིག་གིས་ཁོང་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་རབས་གཙོ་འདོན་གནང་སྟེ། རྗེས་དྲན་བྱེད་བཞིན་ཡོད་པ་གསལ་པོ་ཆགས་ཡོང་གི་འདུག དེར་བརྟེན་ཁོང་དྲན་དགོས་པ་དེ་ཡང་རང་བཙན་ལ་ཐུག་འདུག་ཅིང་། རྗེས་དྲན་པ་ཚོ་རང་བཙན་སྒྲོག་མཁན་ཚོ་ཡིན་པར་སྣང་།
གཞན་ཞིག་ནི་མཁས་དབང་སི་པར་ལིང་རྗེས་དྲན་ཟེར་ནས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ ” དུངས་ཞེན་མིན–མྱི་གཞིའི་སྙིང་སྟོབས་ནས་བཤད་ན། ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། དད་པ་མིན__བོད་རང་བཙན་འཐབ་བྱུས་ནས་བཤད་ན། སྐུ་གཤེགས་ཀྱང་ལོ་བཅུ་གསུམ་ལ་གསང་རྒྱ་བྱ་དགོས་པའི་མི་དེ་ཁྱེད་ཡིན། ” ཟེར་ནས་ཟུར་ཟ་དང་ཚིག་གིས་རྒྱག་པའི་གོ་སྐབས་ཤིག་ཀྱང་རྙེད་འདུག
དེ་མིན་གཞན་ཞིག་དགེ་འདུན་རབ་གསལ་གྱིས་རྩོམ་ཡིག་ཅིག་སྤེལ་བ་དེར་དགེ་རབ་དང་འབྲེལ་བ་བྱུང་སྟངས་དང་། གྲོགས་པོ་གྱུར་ཚུལ། ཁོང་གི་གཤིས་ཀ་བཅས་རོབ་གླེང་ཙམ་ལས། ཁོང་གིས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བོད་རྒྱ་གཉིས་ཀྱི་རྒྱལ་རབས་རྩོད་གླེང་ཐད་གསལ་ཁ་བཏོན་པ་དང་། ཞིབ་འཇུག་གྲུབ་འབྲས་འདི་འདྲ་ཡོད་ཅེས་བཤད་པ་ནི་མི་འདུག
རང་བཙན་ཟེར་ནས་ཚོགས་པ་ཁ་ཤས་ཡོད་པ་དེས་དེ་ལྟར་བྱེད་ངེས་པ་ལྟ་བུ་ཡིན་ཡང་། ས་ར་མཐོ་སློབ་ལ་མཚོན་ན་གསར་པ་ཞིག་རེད་འདོད། གཅིག་བྱས་ན་མཐོ་སློབ་དེའི་ཞལ་རས་འགྱུར་བཞིན་ཡོད་ས་རེད། ས་ར་མཐོ་སློབ་འགོ་བཙུགས་མ་ཐག་གི་སློབ་མ་མང་ཆེ་བ་བོད་ནས་འབྱོར་བ་རེད། བོད་ཡིག་གི་རྨང་གཞི་གང་འཚམས་ཡོད་མཁན་རེད། སྐབས་དེར་མཚོན་ན་སློབ་སྦྱོང་ལས་གཞན་ཙག་ཙིག་གང་ཡང་མེད་ཅིང་། ཚོགས་པ་ཟེར་བ་དེ་འདྲ་གང་ན་ཡོད། ད་ནི་སློབ་མའི་ཡོང་ཁོངས་ནས་ནས་སློབ་མའི་ལས་འགན་ཡང་འགྱུར་བ་ཐེབས་ཀྱིན་ཡོད་ས་རེད། དེ་མིན་ན་རྡ་སའི་ཚོགས་པ་འུར་བོ་ཆེ་དག་གི་རྐུབ་ལ་བརྒྱུགས་དགོས་དོན་གང་ཡིན།
ཟུར་ཞུ༽ གོང་གི་སྐད་ཆ་དག་༼བོད་ཀྱི་དུས་བབ༽ལས་དྲངས་པ་ཡིན་ལ། གཞན་བོད་མིའི་དབྱིན་ཡིག་གི་དྲ་ཚིགས་རྒྱུག་ཆེ་བ་འགའ་ལ་བལྟས་ཀྱང་ཁོང་གི་སྐོར་ལ་རྩོམ་ཡིག་གསར་འགྱུར་ཙམ་ལས་གཞན་མི་འདུག
ཆུང་ཚེ་རིང་ལགས་ཀྱི་ངོ་དེབ་ནས་འདྲ་བཤུས་བྱས།
བོད་པ་ཚོའི་སྤྱོད་ཚུལ་ནི་ལྷ་མོའི་རྣམ་ཐར་ལེན་ཚུལ་དང་ཧ་ཅང་འདྲ། གཅིག་གིས་རྣམ་ཐར་བླངས་པ་དང་མི་གཞན་དག་བཅུ་གྲངས་ཀྱིས་དེའི་མཇུག་ནས་རམ་འདེགས་བྱེད།
བཙན་བྱོལ་ནང་གི་བོད་རིགས་མཁས་པ་རཀ་ར་ཐུབ་བསྟན་ཆོས་དར་དང་གདོང་ཐོག་སྤྲུལ་སྐུ། བོད་ནང་གི་ཚེ་ཏན་ཞབས་དྲུང་དང་དུང་དཀར་བློ་བཟང་འཕྲིན་ལས་སོགས་གཤེགས་དུས་མྱ་ངན་གྱི་གཏམ་ཧ་ལམ་མེད། ཕྱི་མིའི་ཁོངས་ནས་བོད་ཀྱི་ཆོས་རིག་ལ་དྲིན་ཤིན་ཏུ་ཆེ་བ་ཇིན་ སི་མི་ཐ་གཤེགས་སྐབས་སུའང་དེ་འདྲའི་མྱ་ངན་གུས་འདུད་རྒྱ་ཆེན་པོ་མེད།
ད་རེས་མཁས་དབང་སེ་པར་ལིང་གཤེགས་པར་མི་མང་པོས་འུར་གྱི་རྗེས་སུ་འབྲངས་ཏེ་མྱ་ངན་གུས་འདུད་གཞི་རྒྱ་ཆེན་པོ་ཞིག་ཞུ་བཞིན་འདུག་པ་འདི་ཡང་། རླུང་པོའི་རྒྱུ་ཕྱོགས་ཤིག་དང་སྡོང་ལོའི་འགུལ་སྟངས་ཤིག་ཡིན་པ་འདྲ།
མཁས་དབང་སེ་པར་ལིང་རྗེས་དྲན་ཞུ་འོས་པ་ཞིག་ཡིན་པར་རྩོད་པ་མེད་ཀྱང་། དེ་ཙམ་གྱིས་གཞི་རྒྱ་ཆེན་པོ་བྱེད་དགོས་པ་ཞིག་ཏུ་བདག་མི་འདོད་དོ།། །།
མྱ་ངན་འདས་མཆོད་ཁ་ལ་འཁྱེར་ནས་༸རྒྱལ་བར་ཟུར་ཟ་དང་། སྤྱི་ཚོགས་དཀྲུགས་རྐྱེན་གྱི་འཆལ་གཏམ་སྤེལ་བའི་གོ་སྐབས་འཚོལ་བ། རང་བཙན་དང་དབུ་མ་གཉིས་བར་ཐེན་འཁྱེར་བཟོ་བའི་དམིགས་ཡུལ་གཙོ་བོར་བཟུང་ཡོད་མ་ཏོག་འདས་པོ་ཁོ་རང་གྱི་འདས་མཆོད་ཇི་ལྟར་བྱེད་ཡོད་མེད་མི་ཤེས། གང་ལྟར་འུར་སྒྲ་ཆེན་པོ་བཟོས་སོང་ལ་སྐབས་འཚོལ་རིང་ལུགས་པ་རྣམས་ཀྱིས་ཀྱང་འདས་མཆོད་གོ་སྐབས་སུ་བཟུང་ནས་སྒེར་དོན་སེམས་ནད་དང་ཟུར་ཟ་ཡང་བྱེད་སོང་། སྙིང་རེ་རྗེ།
རྟ་དཀར་པོས་རི་རྩྭ་བཟའ་ཉིན་མོར། ཕག་ནག་པོ་མཆིན་པ་ན་དོན་ཅི་ཞེས་པ་ལྟར་རྒྱལ་གཅེས་བོད་མི་རྣམས་ཀྱིས་བོད་རང་བཙན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འདས་པོ་ཞིག་ལ་མྱ་ངན་རྗེས་དྲན་བྱས་དུས་རྒྱལ་བཙོང་བ་ཁྱོད་ཚོ་སྙིང་ན་དགོས་དོན་ཅི་རེད་དམ།
རྒྱལ་བཙོང་བ་ཁྱོད་ཚོས་སྐད་ཆ་འདི་དག་མཐོང་འོང་དུས་xx་བྱེད་དགོས་ས་རེད་བསམས་བསམས་དྲན་འོང་གི་རེད། xxཁྱོད་ཚོ་ལྟ་བུར་xx་བཟོ་གྱི་བྱུང་ན་ཡ་ང་སྙིང་རྗེ་ཡོང་ས་མ་རེད།
རྒྱལ་བཙོང་བ་ཁྱོད་ཚོའི་སྐད་ཆ་འདི་དག་མཐོང་འོང་དུས་xx་བྱེད་དགོས་ས་རེད་བསམས་བསམས་དྲན་འོང་གི་འདུག་་་་དུར་འགྲོ་ཁྱོད་ཚོ་ལྟ་བུར་xx་བཟོ་གྱི་བྱུང་ན་ཡ་ང་སྙིང་རྗེ་ཡོང་ས་མ་རེད།་་་ཅེས་བཅོས་ཨ་་་་རྒྱལ་བཙོང་བ་ཚོ། བོད་རང་བཙན་གྱི་དགྲ་བོ་ཚོ།
ཧཧཧཧ ངོ་མ་xx་བློ་ཁོག་ལྡན་པའི་ཕོ་རྒོད་དཔའ་མཛངས་ཅན་ཞིག་ཡིན་ཚེ་བོད་ལ་སོང་ནས་དགྲ་བོ་རྒྱ་མི་གཅིག་གཉིས་xx་དང་། དེ་ན་དངོས་ནས་དཔའ་བོ་རེད། མ་ཏོག་དྲ་རྒྱའི་སྨྱུག་མིང་འོག་གབ་ནས་འདྲ་མིན་བརྗོད་པ་ནི་ཆུའི་ནང་རྟུག་དྲི་གཏོང་བ་ལས་འཇབ་ཆུང་བ་ངོས་འཛིན་བྱ།
ཀླུ་མཁར་བྱམས་ནི། ཆོ་མེད་ཅིག་ཡིན་པ་འདྲ།
་་་་་་་་ གཞན་ཞིག་ནི་མཁས་དབང་སི་པར་ལིང་རྗེས་དྲན་ཟེར་ནས་ཨ་ཚོགས་ཀླུ་མཁར་བྱམས་ཀྱིས་ ” དུངས་ཞེན་མིན–མྱི་གཞིའི་སྙིང་སྟོབས་ནས་བཤད་ན། ལོ་བརྒྱ་དང་བཅུ་གསུམ་ལ་བཞུགས་དགོས་པའི་མི་དེ་ཁྱེད་ཡིན། དད་པ་མིན__བོད་རང་བཙན་འཐབ་བྱུས་ནས་བཤད་ན། སྐུ་གཤེགས་ཀྱང་ལོ་བཅུ་གསུམ་ལ་གསང་རྒྱ་བྱ་དགོས་པའི་མི་དེ་ཁྱེད་ཡིན། ” ཟེར་ནས་ཟུར་ཟ་དང་ཚིག་གིས་རྒྱག་པའི་གོ་སྐབས་ཤིག་ཀྱང་རྙེད་འདུག ་་་་་་་་་ ཟེར།
ཅི་རི་ཉི་མ་ཟེར་བ་དེ་དང་བོད་རང་བཙན་ཁ་ལ་འཁྱེར་མཁན་ཚོར་xx་བྱེད་པའི་སྙིང་སྟོབས་ཡོད་ན། རྒྱ་དམར་ལ་xx་མི་སྐོར་བར་བོད་རིགས་ནང་ཁུལ་ལ་ཅིག་བྱེད་པའི་དཔའ་བློ་ཁོག་ཡོད་འདོག་སྟོན་པ་འདི་དྲན་ན། གད་མོ་ཤོར་ནས་རྒྱུ་མའང་གཟེར་བྱུང་། ་་་་་་ཧ་་་་ཧ་་་་་ཧ་་་་་་་ནང་རྩོད་མེད་པར་མཐུན་སྒྲིལ་འེ་ཡོང་བལྟས་ན་ཡག་གི་རེད། རྒྱ་ཆེ་སར་དགོངས་པ་བཞེས་རོགས། སྐུ་མཁྱེན།
བོད་པ་འདི་ཚོ་ཨ་གསར་ཆེ་མྱ་ངན་བྱེད་དགོས་ས་དཔའ་བོ་དཔའ་མོ་ཚོ་ལ་མྱ་ངན་མི་བྱེད་ར་དགོད་སྤྲོ་བ་རང་རེད།
མི་ནི་དོགས་པ་དང་རྣམ་རྟོག་གི་བདག་ཉིད་ཡིན་པ་ཧ་ཅང་གི་བདེན་ཞིང་། ཀླུ་བྱམས་ཀྱིས་ལོ ༡༡༣ འཚོ་དགོས་དེ་ཁྱོད་ཟེར་སྐབས་ང་ལ་ནི་སྐུ་མདུན་ལ་ཟུར་ཟ་བྱས་ཡོད་པའི་སྣང་བ་ཤར་མ་སོང་། འོན་ཀྱང་། རྗེས་སུ་རྣམ་ཅན་རྣམས་ཀྱིས་དེ་ནི་ཟུར་ཟ་རེད་ཅེས་ནས་འགྲེལ་སྐབས་སུ་དོགས་པ་ཟ་ས་འདུག འོན་ཀྱང་། དོགས་པ་ནི་དོགས་པ་རང་ཡིན་པ་པས་ཁ་གསལ་གྱི་བདེན་དཔང་མེད་པས། མཐའ་གཅིག་ཏུ་ཟུར་ཟ་བྱས་རེད་ཅེས་ནས་ཡིན་ཤག་གིས་བསྒྲུབས་ན་མོ་འོས་བར་མཐོང་བས་ཁོངས་སྐྱེལ་མེད་ན། བདེན་དོན་དུ་མ་སྒྲུབ་ན་ལེགས། ཡིན་ཏེ། རྣམ་རྟོག་གིས་དངོས་ཡོད་ཀྱི་ཚབ་བྱེད་མི་ཐུབ་པས་ཡིན།
ནོར་བཅོས།
མི་ནི་དོགས་པ་དང་རྣམ་རྟོག་གི་བདག་ཉིད་ཡིན་པ་ནི་ཧ་ཅང་གི་བདེན་ཞིང་། ཀླུ་བྱམས་ཀྱིས་ལོ ༡༡༣ འཚོ་དགོས་བ་དེ་ཁྱོད་ཡིན་ཟེར་སྐབས་སུ་ང་ལ་ནི་སྐུ་མདུན་ལ་ཟུར་ཟ་བྱས་ཡོད་པའི་སྣང་བ་ཤར་མ་སོང་། འོན་ཀྱང་། རྗེས་སུ་རྣམ་རྟོག་ཅན་རྣམས་ཀྱིས་དེ་ནི་ཟུར་ཟ་རེད་ཅེས་ནས་འགྲེལ་སྐབས་སུ་དོགས་པ་ཟ་ས་དངོས་གནས་འདུག འོན་ཀྱང་། དོགས་པ་ནི་དོགས་པ་རང་ཡིན་པས་ཁ་གསལ་གྱི་བདེན་དཔང་མེད་ན། མཐའ་གཅིག་ཏུ་ཟུར་ཟ་རེད་ཅེས་ནས་ཡིན་ཤག་གིས་བསྒྲུབས་ན་མི་འོས་བས་ཁོངས་སྐྱེལ་མེད་ན། བདེན་དོན་དུ་མ་སྒྲུབ་ན་ལེགས། ཡིན་ཏེ། རྣམ་རྟོག་གིས་དངོས་ཡོད་ཀྱི་ཚབ་བྱེད་མི་ཐུབ་པས་ཡིན།
མཁས་དབང་Elliot Sperling སི་པར་ལིང་ངོ་སྤྲོད་མདོར་བསྡུས་ཤིག་འབྲེལ་ཐག་འདི་ན་འདུག
http://weibo.com/ttarticle/p/show?id=2309404072751416625532#_0
དེ་རིང་གྲོགས་པོ་ཞིག་ལ་ཁ་བརྡ་བྱེད་སྐབས་ “ཁ་བརྡ་དྲ་དེབ་ཀྱི་སྟེང་དུ་རྩོམ་ཡིག་འདི་འདྲ་ཞིག་བཀོད་འདུག་ མཐོང་བྱུང་ངམ་”ཟེར། ངས་མཐོང་མ་བྱུང་ཞུས་པ་ཡིན། དེ་ནི་འདས་པའི་ཉིན་འགའི་རིང་ལས་ཀ་སོགས་ལ་བྲེལ་བྲེལ་ཟིང་ཟིང་གི་ངང་ནས་ཁ་བརྡ་དྲ་བ་ལ་ལྟ་ལོང་མ་བྱུང་། འདིར་ངའི་ངོས་ནས་ཞུ་དགོས་པ་ཞིག་ནི། མཁས་དབང་ཁོང་གིས་རྩོམ་ཡིག་གམ་དཔྱད་རྩོམ་ རང་གི་ཆེད་ལས་ལ་འབྲེལ་བ་ཡོད་པ་ལྔ་བཅུ་སྐོར་ཞིག་པར་སྐྲུན་བྱས་འདུག ད་དུང་ཚོགས་འདུ་མང་པོ་ལ་ཕེབས་ཏེ་ཆེད་ལས་ཀྱི་རྩོམ་ཡིག་སྒྲོག་སྦྱང་མཛད་འདུག་ དེ་དག་ནི་ཕྱོགས་གཅིག་ཏུ་སྤུངས་ཏེ་མེད་ཅིང་གང་སར་བཀྲམས་ནས་འདུག དེ་ཡང་མང་ཆེ་བ་དེ་ཨིན་ཡིག་གི་ནང་དུ་ཡོད་པ་དང་འགའ་ཞིག་སྐད་ཡིག་གཞན་དུ་འདུག དེར་བརྟེན་བོད་ཡིག་ཁོ་ན་གཟིགས་མཁན་རྣམས་ཀྱིས་ཁོང་གི་རྩོམ་ཡིག་ཁག་གཟིགས་མེད་པ་ལ་ཐུགས་ཁག་མེད་ཅིང་། རྩོམ་ཡིག་གཟིགས་མ་ཐུབ་པའི་ཉེར་ལེན་གྱིས་མཁས་དབང་ཁོང་གི་མཛད་པ་རྣམས་ལ་དྭོགས་སློང་བྱེད་པ་ནི་འོས་ཤིང་འཚམས་པ་ཞིག་རེད། གནད་འདི་མཐོང་ནས་ངས་ཁོང་གིས་ད་བར་པར་སྐྲུན་བྱས་ཟིན་པའི་རྩོམ་ཡིག་གི་ཁ་བྱང་རྣམས་བོད་ཡིག་ཏུ་བསྒྱུར་ཅིང་ཞུས་དག་ཅིག་ཀྱང་གྲོགས་པོ་ཞིག་གིས་བཏང་ཟིན་པ་ཡིན། དེ་དག་བོད་ཡིག་གཟིགས་མཁན་རྣམས་ལ་སྤྱན་འབུལ་ཞུ་བསམས་པ་ཡིན། འོན་ཀྱང་ཁ་བྱང་ཙམ་ཞིག་ཐུགས་ཕན་སོས་པ་ཞིག་ཡོང་རེ་མི་འདུག་ཅིང་། མ་མཐའ་ལའང་ནང་དོན་སྙིང་བསྡུས་རེ་དང་ཤོག་གྲངས་སོགས་ཀྱི་གནས་ཞིག་འགོད་ཐུབ་ན་བསམས་ནས་ད་དུང་ལྷག་ཡོད། དེ་གཅིག་ཡིན། དེ་ནས་ཁོང་གིས་དཔྱད་རྩོམ་གྱི་འབྲས་བུ་རྣམས་དགེ་རྒན་ཆེན་མོ་གཞན་དང་གཞན་གྱིས་ལུང་འདྲེན་བྱས་པ་མ་ཟད། ཁག་གཅིག་གིས་སློབ་ཁྲིད་ཀྱི་སློབ་ཚན་ཁོངས་སུའང་བཅུག་ཡོད་ཚོད་འདུག དེ་ལྟར་ཨིན་སྐད་སྨྲ་བའི་འཇིག་རྟེན་དུ་ཁོང་གི་མཛད་པ་དང་སྙན་གྲགས་རྒྱས་པ་ཡིན་པ་རེད། འདི་གསལ་བཤད་ཅིག་ཏུ་ངོས་འཛིན་གནང་རོགས།
ད་དུང་ཁོང་གི་སྐོར་ལ་ད་ལྟ་རང་ལྟ་འདོད་པ་རྣམས་ཀྱིས་ བོད་ཀྱི་དཔེ་མཛོད་ཁང་གིས་བསྒྱུར་པའི་ “བོད་དོན་དག་སྐྱེལ། རྒྱ་ནག་གཞུང་གི་དྲི་གཞི་བརྒྱ་ལ་དྲིས་ལན་”ཞེས་པ་ ལོ་རྒྱུས་དེབ་ཕྲེང་ ༡༨ པའི་ནང་གཟིགས་དང་། ཁོང་གིས་ལན་འདེབས་མཛད་པ་སྐོར་ཞིག་བསྒྱུར་ཡོད་པ་རེད། ཁ་བརྡ་དང་དུས་བབ་དྲ་བ་གཉིས་ནའང་ཁོང་གིས་མཛད་པའི་རྩོམ་ཡིག་རེ་ཟུང་དང་། བཅར་འདྲི་འགའ་བཅས་ཡོད་པ་ལགས་སོ།།