གངས་དཀར་རྒྱལ་སྲས།
དང་ཐོག་ངས་ཁྱོད་རང་མཐོང་དུས། ཁྱོད་རང་ཁྱི་ཕྲུག་མང་པོ་ཞིག་དང་ལྷན་དུ་སྡེ་བ་འདི་དང་ཐག་རིང་ས་ཞིག་ན་འདུག ངས་ཁྱོད་ལ་གཟན་ཅུང་ཙམ་རེ་སྤྲད་པ་ལ་བསྟེན་ནས་ཁྱོད་ཀྱིས་ང་ངོ་ཤེས་ཤིང། གང་ནས་མཐོང་ཡང་ངོ་ཤེས་མདོག་གིས་རྒྱུག་ཡོང་ཞིང། རྣམ་འགྱུར་སྙིང་རྗེ་བོ་སྣ་ཚོགས་བསྟན་ཡོང་བ་ལ་བསྟེན་ནས་ང་ཡང་ཁྱོད་ལ་་བརྩེ་བ་ཆགས། དེའི་རྐྱེན་གྱིས། ངའི་སེམས་ལ་ཁྱོད་རང་ཁྱི་ཕྲུག་བློ་གཏད་ཅན་ཞིག་རེད་བསམ་ཏེ་ཁྱོད་རང་གཏན་དུ་ཉར་དགོས་བསམ་ནས་བརྩེ་བ་ལྷད་མེད་ཅིག་གི་སྣེ་མོ་ཁྱོད་ལ་གཏད་པ་ཁྱོད་ཀྱིས་དྲན་སོས་སམ། དེ་ནས་བཟུང། ང་ཁོམ་སྐབས་རེ་ཡོད་དུས་ང་ཁྱོད་ལ་སྐོར་རྒྱག་ཏུ་ཡོང་ནས་ཁྱོད་ཀྱི་གནས་སྟངས་ལ་ལྟ་ཙམ་རེ་བྱས་དུས། ཁྱོད་ཀྱིས་ཀྱང་ང་ཡོང་ཐེངས་རེར་རྔ་བ་གཡུག་གཡུག་དང་མགོ་བོ་དམའ་དམའ་ཡིས་ངའི་འཁྲིས་ལ་བཅར་ནས་སྙིང་ཉེ་ཉེ་བྱེད། ངས་ཁྱོད་ཀྱི་རྣམ་འགྱུར་དེ་དག་མཐོང་རྗེས་རང་གིས་ཉར་བཞིན་པའི་ཁྱི་དང་ཉར་འཆར་གྱི་ཁྱི་མི་ཉུང་བ་ཞིག་རང་རང་གི་ས་ལ་བཏང་ནས་དུས་གཏན་དུ་བཙལ་དུ་མ་སོང། ཁྱོད་ཁོ་ན་ལས་ཁྱི་གཞན་ཞིག་མི་ཉར་བའི་ཚོར་བ་ཧ་ཅང་རྣོ་བའི་ཉིན་ཞིག ཁྱི་ཚོགས་ཀྱི་ཟུག་སྐད་ཁྲོད་ན། ཁྱོད་ཀྱིས་བདག་པོ་གསར་བ་ཞིག་བཙལ་འདུག་ཟེར། བདག་པོ་དེ་ང་ལས་ཕྱོགས་གང་ཅིའི་ཐད་ནས་ཡག་རབས་ཟེར། སྐབས་དེར་ཁྱོད་རང་ཁྱི་འཇོན་ཐང་ཅན་ཞིག་དང་ཁྱི་ཁྲེལ་མེད་ཅིག་ཡིན་པ་ངས་ཐོག་དང་པོར་ཤེས་པ་ཡིན། ཁྱོད་ཀྱིས་བདག་པོ་གསར་བ་དེ་བཙལ་རྗེས་ནས་བཟུང། ཁྱོད་ཀྱིས་ང་ལ་བཟུང་བའི་ལྟ་སྟངས་ཀྱང་གསར་བ་ཞིག་རེད། སྔོན་ཆད་ཀྱི་ཡིད་དུ་འོང་བའི་རྣམ་འགྱུར་དེ་དག་གཅིག་ཀྱང་མེད་པར། རང་འདོད་ཆེ་ཞིང་རང་གི་འདོད་པ་དང་ཅུང་ཙམ་མ་མཐུན་ཚེ། མངོན་སུམ་གྱིས་རྨུག་པར་བྱེད། དེ་ནས་བཟུང་ང་ཚོས་ཁྱོད་ཀྱི་བདག་པོ་དེའི་མིང་ལ་བདག་པོ་ཆེ་བ་ཞེས་འབོད་ཀྱིན་ཡོད། ཁྱི་གང་ཞིག་རང་གི་བདག་པོ་ལ་བློ་གཅིག་སེམས་གཅིག་ཡིན་ན། མངོན་ལྐོག་གང་ནས་ཀྱང་བདག་པོ་དང་རང་གི་བར་གྱི་བརྩེ་བ་སྲུང་ངེས་ལ་བདག་པོ་གཞན་ཞིག་ནམ་ཡང་མི་བཙལ་མོད། ཁྱོད་རང་དེ་ལས་ལྡོག་སྟེ། རང་གི་བདག་པོའི་མི་ཚོར་ས་ནས་བདག་པོ་གཞན་པའང་གང་མང་བཙལ་མྱོང་བས། ཁྱོད་ཀྱིས་བདག་པོ་ཆེ་བའི་གང་ཞིག་ལ་དམིགས་པ་མ་གཏོགས་བདག་པོ་ཆེ་བར་བློ་གཅིག་སེམས་གཅིག་མིན་པ་གསལ་བོར་ཤེས། ཁྱོད་རང་ངོ་མ་ཁྱི་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད། བདག་པོ་ཆུང་ཆུང་དེ་ཚོའི་ཁྲོད་ན་ཁྱོད་ལ་སྙིང་ཉེ་མི་ཉེ་ཅི་རིགས་ཡོད་དེ། ཁ་ཤས་ཀྱིས་ཁྱོད་ཀྱི་གང་ཞིག་ལ་ལོངས་སུ་སྤྱད་རྗེས། ཁྱི་དེ་ལ་འདི་འདྲའི་ཁྱད་ཆོས་འདུག ཁྱི་དེས་འདི་ལྟར་འཁུན་སྒྲ་སྒྲོགས། ཁྱི་དེས་འདིལྟར་ཟུག་རྔུ་བྱེད་ཅེས་རང་རང་གིས་ཅི་ཞིག་བྱས་པའི་བརྒྱུད་རིམ་བཤད། ཡང་ཁྱོད་ཀྱི་བདག་པོ་གཞན་ཞིག་གིས་བཤད་ན། ཁྱི་དེའི་གང་ཞིག་ལོངས་སུ་སྤྱོད་ན་ཁྱི་དེ་གང་ན་ཉལ་བའི་སྒོ་རྡུང། སྒོ་མི་ཕྱེ་ན་སྒེའུ་ཁུང་ནས་འཛུལ་དེ་བཙན་ཐབས་འཐེན་དང་གཞི་ནས་འཁུན་སྒྲ་དང་ཟུག་རྔུ་འབྱིན་ངེས། ང་སྒེའུ་ཁུང་ནས་འཛུལ་ཏེ་ཁྱི་དེའི་འཁུན་སྒྲ་དང་ཟུག་རྔུ་ལ་ལོངས་སུ་སྤྱོད་མཁན་ཐོག་མ་ཡིན་ཟེར། ཡང་ཁྱོད་ཀྱི་བདག་པོ་གཞན་ཞིག་གིས་ཟེར་ན། ཁྱོད་ཀྱི་གང་ཞིག་ལ་ལོངས་སུ་སྤྱོད་འདོད་ན་མཚན་དཀྱིལ་ལ་སྤང་ཐང་ལ་ཁྲིད་དང་ཁྱི་དེས་སྤང་ཐང་ནས་ཀྱང་འཁུན་སྒྲ་འབྱིན་ཞིང་ཟུག་རྔུ་འབྱིན་པར་བྱེད། ང་ཁྱི་དེ་སྤང་ཐང་ལ་ཁྲིད་ནས་འཁུན་སྒྲ་དང་ཟུག་རྔུ་ལ་ལོངས་སུ་སྤྱོད་མཁན་ཐོག་མ་ཡིན་ཟེར།
ཡང་ཁྱོད་ཀྱི་བདག་པོ་ཞིག་གིས་བཤད་ན། ཁྱོད་ཀྱི་གང་ཞིག་ལ་ལོངས་སུ་སྤྱོད་འདོད་ན་སྒོ་མང་བློ་གསལ་མགྲོན་ཁང་ལ་ཁྲིད་དང་ཁྱི་དེས་མགྲོན་ཁང་ནས་ཀྱང་འཁུན་སྒྲ་དང་ཟུག་རྔུ་སྒྲོག་པར་བྱེད། ང་ཁྱི་དེ་མགྲོན་ཁང་ལ་ཁྲིད་ནས་འཁུན་སྒྲ་དང་ཟུག་རྔུ་ལ་ལོངས་སུ་སྤྱོད་མཁན་ཐོག་མ་ཡིན་ཟེར། ཁྱོད་ཀྱིས་དེ་ལྟར་གནས་མལ་མི་འདྲ་བ་མང་པོ་ཞིག་ནས་འཁུན་སྒྲ་དང་ཟུག་རྔུ་མང་བོ་ཞིག་སྒྲོགས་མྱོང་མོད། ཚང་མ་དབྱིངས་གཅིག་དང་མགྲིན་གཅིག་ལས་སྒྱུ་རྩལ་གྱི་ཆ་གསར་བ་ཅི་ཡང་མི་འདུག་སྐད། ཡིན་ནའང། ཁྱོད་ཀྱི་འཁུན་སྒྲ་དང་ཟུག་རྔུ་དེའང་ཧ་ཅང་གི་རྩ་ཆེན་པོ་ཞིག་ཡིན་པ་འདྲ་སྟེ། ཁྱོད་ཀྱི་ཟུག་རྔུ་ཐེངས་གཅིག་གིས་ཁྱོད་ཀྱི་བདག་པོ་ཞིག་ལ་ཆོལ་གསུམ་ཟ་ཁང་ནས་གསོལ་ཚིགས་ཡིད་ཚིམས་པ་ཞིག་རག་སྐད། ཁྱོད་རང་བདག་པོ་མང་པོ་བཙལ་རྒྱུར་དགའ་བ་ལས་བདག་པོ་གང་ལའང་བརྩེ་བ་མེད་པ་འདྲ་སྟེ། སྐབས་ཤིག་ཁྱོད་ཀྱི་བདག་པོ་ཆུང་ཆུང་ཞིག་ནད་ཀྱིས་མནར་སྟེ་འཇིག་རྟེན་འཚོ་སྡོད་ལ་རེ་བ་མེད་པར་གྱུར་སྐད། ཁོ་ལ་རེ་བ་ཞིག་ཡོད་པ་ནི་ཁྱོད་རང་ཐེངས་གཅིག་མཐོང་ན་འདོད་པ་དེ་ཡིན་སྐད། དེའི་ཕྱིར་ཁོས་འབྲེལ་མཐུད་ཅི་ལྟར་བྱས་ཀྱང་ཁྱོད་རང་ཁོའི་ཉེ་ས་ཙམ་ལའང་མ་བཏུད་པས་ཁོ་དུངས་སེམས་ལྷད་མེད་ཅིག་གིས་ཕྱི་མིག་བལྟ་བཞིན་འཇིག་རྟེན་འདི་དང་གཏན་དུ་གྱེས་སོང་ཟེར། ཁྱོད་ཀྱི་མིང་ནས་འབོད་བཞིན་བུད་སོང་ཟེར། ཁྱི་ཚད་ལྡན་ཞིག་ལ་བདག་པོ་གཅིག་ལས་མེད་པས་ཁྱི་བདག་པོ་མང་པོ་ཅན་ལ་སུ་ཡང་མི་དགའ་མོད། ཁྱོད་ཀྱི་ཉམས་ཆུང་བའི་ཕྱི་ཚུལ་དང་ཡིད་དུ་འོང་བའི་སྤྱོད་པ་དེས་རྒྱུས་མེད་མང་པོ་ཞིག་ད་དུང་བདག་པོ་ལ་བསུ་ཐུབ་པ་འདྲ། ཡིན་ནའང་། ཁྱོད་ཀྱི་ཅི་ཞིག་འགྲིག་མེད་དེ། ཁྱོད་ལ་རྒྱུས་མངའ་ཅན་དང་ཁྱོད་ཀྱི་ཕ་ཡུལ་གཅིག་པ་དེ་ཚོ་ལ་ཁྱོད་རང་གཏན་ནས་མི་དགའ་བ་བཞིན་ཁོ་ཚོའང་ཁྱོད་ལ་གཏན་ནས་མི་དགའ། དེ་ནི་གསང་བ་གལ་ཆེན་ཞིན་ཡིན་མོད། འདས་སོང་གི་ཁྱོད་ཀྱི་བྱུང་བ་ལ་རྒྱུས་མངའ་མེད་ཚེ་མི་ཤེས་པ་འདྲ་བས། ཁྱོད་ཀྱི་བདག་པོ་གསར་རྙིང་གང་གིས་ཀྱང་ནམ་ཡང་མི་ཤེས་པ་འདྲ། གང་ལྟར། ཁྱོད་ཀྱིས་བདག་པོ་ཆེ་བ་ལ་ད་དུང་རྔ་མ་གཡུག་གཡུག་གིས་བསུ་བ་བྱེད་པ་འདིས་ཁྱོད་ཀྱི་སྙིང་སྟོབས་དང་འཇོན་ཐང་ཞིག་སྤྱི་ཚོགས་ལ་ངོ་སྤྲོད་བྱས་པ་རེད། ཅིའི་ཕྱིར་ཞེ་ན། བདག་པོ་ཆེ་བ་ལ་སྔ་མོ་ནས་བདག་པོ་བརྒྱབ་ཚར་བའི་ཁྱི་ཞིག་ཡོད་པ་ཁྱོད་ཀྱིས་ཀྱང་སྔ་མོ་ནས་ཤེས། བདག་པོ་གཅིག་གིས་ཁྱི་གཅིག་ལས་བདག་པོ་རྒྱག་སྲོལ་མེད་ལ། ཁྱི་དང་ཁྱིའི་བདག་པོ་གཉིས་ཀྱི་བར་དུ་ཁྱི་གཞན་ཞིག་འཚང་བ་ནི་ཁྱི་འཚང་མཁན་དེའི་ངོས་ནས་འཇོན་ཐང་ཞིག་ཡིན་སྲིད་ཀྱང་སྤྱི་ཚོགས་ཀྱི་ངོས་ནས་བཤད་ན་ཁྱི་དང་བདག་པོ་གཏོར་བའི་ཉེས་མིང་ཡོད་པ་མ་ཟད་ངོ་ཚ་ཁྲེལ་མེད་ཀྱི་ལས་ཀ་ཞིག་ཀྱང་ཡིན། གང་ལྟར་མི་མང་པོ་ཞིག་གིས་ཤེས་ཀྱིན་མེད་པ་ནི། ཁྱོད་ཀྱིས་དང་ཐོག་ཐབས་བཀོད་ཅི་ཞིག་འཐེན་ནས་བདག་པོ་དང་ཁྱིའི་བར་དུ་འཛུལ་བ་ཡིན་མིན་དེ་རེད། ད་དུང་ཁྱོད་ཀྱིས་བདག་པོ་དེ་ལ་བཟུང་བའི་བརྩེ་བ་ཡང་དག་ཅིག་ཡིན་ནམ་ཡང་ན་དམིགས་བྱ་གཞན་ཞིག་ཡོད་མིན། མ་འོངས་པའི་ལོ་ཟླས་མ་གཏོགས་སུས་ཀྱང་ཁ་ཚོན་མི་ཆོད་ཟེར། སྤྱིར་བཏང་། འདས་ཟིན་པའི་ལོ་ཟླས་ཁྱོད་ཀྱི་ཡོད་ཚད་ལ་འགྲེལ་བཤད་གསལ་བོ་ཞིག་བྱས་ཟིན་པས་དེ་ནི་རྩོད་དགོས་པ་ཞིག་མིན་ནའང། ཁྱོད་ཀྱིས་ད་དུང་རང་ཉིད་ཁྱི་ཁྲེལ་ཡོད་ཅིག་དང་ཁྱི་སྤུས་དག་ཅིག་ཡིན་པའི་བཟོ་ཕྱོགས་གང་ས་ནས་བསྟན་ཡོང་བས། དྲང་ཐིག་ཏུ་གནས་པའི་མ་འོངས་པའི་ལོ་ཟླས། ཐག་མི་ཆོད་པའི་ཁྱོད་ཀྱི་མངོན་ལྐོག་ཡོད་ཚད། སྤྱི་ཚོགས་ལ་འགྲེལ་སྲིད་པས་དེ་དུས་ཁྱོད་ཀྱིས་གནས་ལུགས་ཤིག་དང་རྒྱུ་མཚན་ཞིག་ཁྱེར་མི་ཡོང་བའི་རེ་བ་ད་ལྟ་ནས་ཞུའོ།
ཁྱི་དེ་རིགས་ལ་དང་ཐོག་ནས་བདག་པོ་རྒྱག་སྟངས་ནོར་མི་ཉན་ཡ། མ་གཞི་ནས་ཁྱི་འདི་རིགས་ཀྱིས་འུ་ཚོས་རྐང་འཆའ་ཞིང་ཤ་ལ་མུར་བར་བྱེད་པས། ཁྱི་འདི་རིགས་ལ་བདག་པོ་ཀྱང་མ་གཞི་ནས་མ་འདྲ་བ་ཞིག་དགོས་པ་ཡིན། ཧ་ཧ་ཧ
བཀླགས་ཟིན་ལགས།
ངས་དེ་ལས་ཁྱོད་ཀྱི་བློ་སྤོབས་རིགས་ཤིག་མཐོང་སོང་་་་
དྲ་ཞུགས་པ་ཚཽ་གོང་གི་ཁྱི་དང་ཁྱིའི་བདག་པོ་ཚོ་ཞེས་པའི་རྩོམ་ཡིག་དེ་སུ་ཞིག་གིས་གང་ཞིག་ནས་བླངས་པ་ཡིན། ང་འབྲེལ་བ་ཞིག་བྱེད་རོགས་གནང། ང་དེ་ལ་གསང་བའི་དོན་ཅིག་ཡོད།ངའི་རྩོམ་ཡིག་དེ་དྲ་ཚིགས་འདི་རུ་འགོད་མཁན་ནི་ངོ་ཤེས་ཤིག་ལོས་ཡིན་བསམ་གྱིན་ཡོད། ང་ལ་འབྲེལ་བ་ཞིག་བྱེད་རོགས་གནང།kangkargyalse878@yahoo.co.inཁ་དྲོ་བཀྲ་ཤིས།
ངོ་མ་འཇིག་རྟེན་ན་དེ་འདྲ་ཡོད་པ་ཞིག་རེད་བསམ་བློ་མ་བཏང་པ་ཡིན་ན་སླུ་བྲལ་ནི་སྤྱི་ཚོགས་ཀྱི་མི་མཐོང་པའི་གསང་པ་ཞིག་དང་བཟོད་སྲན་མི་ཐུབ་པས་རྒྱུ་རྩལ་ངོ་མ་ཞིག་ཡིན་པ་འདྲ་དེ་གང་ཡིན་ཞེ་ན་སྔོན་སོང་གི་ལོ་རྒྱུས་ལས་དེ་ལ་བཟོད་སྲན་ཐུབ་རྒྱུ་ཁག་པོ་ཞིག་རེད་བསམ་བྱུང་།
ཁྱི་འདིའི་རྒྱུད་པ་དེང་སང་མང་རུ་མང་རུ་འཕེལ་གྱི་འདུག
ངའི་རྩོམ་ཡིག་དེ་སུ་ཞིག་གིས་འདིར་བཀོད་པ་ཡིན། གྲོགས་པོ་ལགས། དེ་བསུབ་རོགས་གནང། ཁྱོད་ཀྱིས་ངའི་རྩོམ་ཡིག་འདི་ལྟར་འོས་སྦྱོར་བྱས་པར་བཀའ་དྲིན་ཆེ། ཡིན་ནའང་རྩོམ་ཡིག་འདིས་དམིགས་པའི་སྤྱང་ཀི་ལ་མ་ཕོག་པར་མ་དམིགས་པའི་ཤྭ་བོ་ལ་ཕོག་པའི་ཉེན་ཁ་སྣ་ཚོགས་ཡོད་པས་འདི་བསུབ་རོགས་གནང་། ཁ་དྲོ་བཀྲ་ཤིས།