ཉི་མ་རྒྱལ་མཚན།
ཁྱོད་ད་དུང་། འདི་ལྟར་བསྡད་དགོས་དོན་ཅི། དོན་ངོ་མར། ཁྱོད་ཀྱིས་ཅི་ཞིག་བྱ་འདོད། ཁྱོད་ཀྱི་བྱ་སྤྱོད་དེ་ངས་ནམ་ཡང་མཐོང་མི་འདོད། ཁྱི་རྒན་མ། ཁྱོད་ད་དུང་འདི་ལྟར་ཅེར་དགོས་དོན་ཅི། དོན་ངོ་མ་ཁྱོད་སུའི་སྒོ་ཁྱི་ཡིན། ཁྱོད་འདིར་སླེབས་ནས་བཟུང་། ངའི་འགྲོ་ལམ་བཀག་སོང་ལ་ངའི་སེམས་པ་སྡུག་ལ་སྦྱར་སོང་། ད་ཁྱོད་འགྲོ་ན་རན།
ཁྱི་རྒན་མ།
འདུག་ཤེས་ན་བཙན་པོས་ཟ་ཐབས་དཀའ་ཟེར་བ་ལྟར། ཁྱོད་ཀྱང་འདུག་ཤེས་ན་བཟང་། ཁྱི་རྒན་མ། ང་གཉིད་སད་དུས། ད་དུང་ཁྱོད་ཀྱི་ཁྱི་ཕྲུག་གི་ངའི་ཕ་ཁྱིམ་ཁེངས་འདུག ཁྱི་རྒན་མ། ཁྱོད་ཀྱི་ཧམ་པ་འདིར་ང་ངོ་མ་བཟོད་མི་ཐུབ། ཁྱི་རྒན་མ། ངའི་ཕ་ཁྱིམ་དུ་ཁྱོད་གནས་བཅའ་བའི་ཐོབ་ཐང་མེད། ད་ཁྱོད་མྱུར་དུ་སོང་། ཁྱི་རྒན་མ། ཁྱོད་ལ་ངོ་ཚ་དང་ཁྲེལ་གཞུང་ཞིག་ཡོད་ན། ད་འདིར་མ་འདུག
ཁྱི་རྒན་མ།
ངའི་ཚེ་སྲོག་ལས་གཅེས་པའི་ཕུ་ནུ་གང་མང་ཞིག་ཁྱོད་ཀྱིས་ཕྱི་ལམ་དུ་བཏང་སོང་ལ་གནས་ངེས་མེད་དུ་འགྲིམ་དགོས་བྱུང་སོང་། ཁྱི་རྒན་མ། ཁྱོད་ཀྱི་ངའི་མེས་པོའི་རྣག་ཁྲག་ལས་བསགས་པའི་རིག་གཞུང་ལ་ཁྱོད་ཀྱིས་རྡོག་རྫིས་བཏང་སོང་། ད་ངོ་མ་ཁྱོད་རང་ཚོད་ཟུངས། ཁྱི་རྒན་མ།
༢༠༡༤/༠༢/༢༢ཉིན་བྲིས།
ངོ་མ་སྙན་མོ་དང་བྲོ་བ་ཡོད་པ་ཞིག་བྲིས་འདུག།
ངའི་མི་ཚེའི་ལོ་རྒྱུས་འདྲ་པོ་འདུག་ལ་བོད་པའི་ལས་དབང་ལའང་འགྲེལ་ཆོག་པ་ཞིག་བྲིས་འདུག་ངོ་མ་ལེགས།
ཁྱི་རྒན་ནི་རྒྱ་དམར་ལ་གོ་དགོས། དེས་ནང་དོན་གསལ་པོར་གོ་ཐུབ།
ཁྱི་རྒན་ཚོས།
བདག་པོར་སོ་མ་བརྒྱབ་ཨ། ཧཧ།