མི་ཉག་སྐལ་བཟང་།
——–ལྟ་ལོག་ཅན་ཚོར་སྤྲིངས་པ།
ཀ་ཁ་མི་ཤེས་དོལ་རྒྱལ་རྗེས་འབྲངས་ཚོས།།
ཁ་ནས་བཤད་ཀྱང་དོན་ལ་མི་གནས་པར།།
ག་དུས་ཡིན་ཡང་རང་མགོ་ཆུ་འདྲེན་གྱིས།།
ང་ཡིས་བལྟས་ན་ཀླ་ཀློའི་རྒྱུགས་ཁྱི་བཞིན།།
ཅ་ཅོ་ཆེ་སྒྲོག་རྫུན་གཏམ་ཁོ་ན་ཡིས།།
ཆ་མེད་རྒྱུས་མེད་ཚོ་ལ་ཡིད་ཆེས་མེད།།
ཇ་ཆང་ཟས་རིན་ཙམ་གྱིས་མགོ་རྨོངས་ཤིང་།།
ཉ་པ་རྒན་པོ་ཚོ་ལའང་འགྲན་ནུས་མིན།།
ཏ་ལའི་བླ་མར་མཇལ་བའི་སྐལ་བ་མེད།།
ཐ་ཆད་མི་རྣམས་གླང་ཆེན་སྨྱོན་པ་བཞིན།།
ད་ཆར་རང་སྡུག་རང་གིས་ཉོ་བཞིན་པའི།།
ན་ཆུང་བོད་རིགས་འདི་དག་སྙིང་རེ་རྗེ།།
པ་རི་པི་རིའིི་མི་ཚེ་འཁྱོལ་ཐབས་མེད།།
ཕ་ཡུལ་གངས་ལྗོངས་རྒྱ་མིར་ཚོང་རྒྱུ་ཞོག །
བ་སོའི་ཕྲེང་བ་རྒྱན་དུ་འདོགས་ཐབས་མེད།།
མ་དྲངས་རྩུབ་སྤྱོད་ད་ལྟ་མཚམས་འཇོག་གྱིས།།
ཙ་རིའི་ཡུལ་ན་ཁྱོད་ཚོ་ཁྱི་སྤྱང་བཞིན།།
ཚ་བའི་ཡུལ་དུ་ཁྱོད་ཅག་དུག་སྦྲ་བཞིན།།
ཛ་དྲག་ཅན་གྱི་ད་ལྟའི་དུས་ཚོད་འདིར།།
ཝ་མོའི་ཚོགས་པ་ཡུན་རིང་བརྟན་མ་ཡིན།།
ཞ་ཉེ་ནག་པོས་བྲིས་པའི་སེམས་ཚོར་འདི།།
ཟ་འདྲེ་ལྟ་ལོག་ཚོགས་པར་སྤྲིངས་པ་ཡིན།།
འ་ཆད་འུ་ལ་ཐུག་པའི་རྒོལ་ལན་འདི།།
ཡ་མེད་དྲག་སྤྱོད་པ་ཚོར་བརྡ་ལན་ཡིན།།
ར་མ་རྒྱ་བོ་ཚིལ་གྱིས་ཕུངས་སྲོལ་ཡོད།།
ལ་རྒྱ་དམ་ཚིག་མེད་པའི་སྐྱེ་བོ་རྣམས།།
ཤ་དང་ཁྲག་ལ་དགའ་བའི་སྲིན་པོ་བཞིན།།
ས་སྟེང་འདི་ན་རྡུལ་དུ་བརླག་བར་སྨོན།།
ཧ་ཅང་བྲེལ་བ་ཚ་པོས་བྲིས་ཡོད་ཀྱང་།།
ཨ་མའི་བུ་ཚོ་བལྟ་ན་རིན་ཐང་ཡོད།།
ཧ་ཅང་རང་བཞིན་དྲང་པོ་བརྗོད་པ་འདི།།
ཨ་མའི་སྙིང་གི་བུ་ཡི་ལབ་རྡོལ་མིན།།
ཚིག་དེ་བཟང་གི་ཡ་
མི་སེམས་བསད་རང་སེམས་དཀྲུགས་ཆོས་དང་འཇིག་རྟེན་གང་ལའང་མི་ཕན་།
རང་གི་ལྡོག་ཕྱོགས་སུ་ཡོད་པའི་མི་རྣམས་ལ་ཁ་མཚོན་ཚིག་མཚོན་དང་། འཐབ་འཁྲུགས་སོགས་བྱས་པ་ཙམ་གྱིས་ཁྱོད་རང་ལ་རྒྱལ་ཁ་ནམ་ཡང་ཐོབ་མི་སྲིད་ལ། དེ་ལས་སྡུག་ཏུ་འགྲོ་ངེས། འོན་ཀྱང་ཁྱེད་ཀྱིས་རང་གི་གྲོགས་སུ་བསྒྱུར་ཐུབ་ན་དེ་དུས་ཁྱེད་རང་ལ་རྒྱལ་ཁབ་ཐོབ་ཚར་བ་ཡིན་ཞེས་པའི་མཁས་པའི་གདམ་ངག་དེ་མ་བརྗེད་པར་གྱིས། ཁྱེད་ཀྱིས་དོལ་ཚོགས་ལ་སྐྱོན་བརྗོད་བྱེད་སྟངས་དེ་ལ་བལྟས་ནས་དོལ་ཚོགས་ཀྱིས་བཤད་སྟངས་དང་ཁྱད་པར་ཆེར་མི་འདུག་གོ
དོལ་རྒྱལ་བསྟེན་མཁན་ལ་ཡང་དབྱེ་བ་མི་འདྲ་བ་ཡོད་པ་མཁྱེན་པར་མཛོད།
དོལ་རྒྱལ་བསྟེན་པ་ཙམ་གྱི་དགྲ་རུ་ཅི་ཕྱིར་བཟུང་།།
དོ་རྒྱལ་བསྟེན་པ་ཙམ་གྱིས་ལྟ་ལོག་ཇི་ལྟར་གྱུར།།
དེ་ནི་ཆོས་ལུགས་དད་པའི་རང་དབང་རེད།།
འོན་ཀྱང་རྒྱ་དངུལ་ཟས་ནས་རང་ཤ་བཙང་།།
འཛམ་གླི་མདུན་དུ་༧་གོང་ས་མཆོག་ལ་རྒོལ།།
སྐྱེ་བོ་དེ་དག་བདག་གིས་ནམ་ཡང་རྒོལ།།
འོན་ཀྱང་དོལ་རྒྱལ་དཀོན་མཆོག་དངོས་འདོད་ནས།།
བོད་ཀྱི་བསྟན་སྲིད་ཕྱོགས་ལ་མི་སྡོང་བའི།།
བོད་རིགས་སྤུན་ཟླ་སུ་ཞིག་ཡིན་ནའང་།།
དེ་དག་བདག་གི་སྔར་བཞིན་སྤུན་སྲིང་ཡིན།།
དོལ་རྒྱལ་ངན་གླུད་ཡིན་སྟངས།
ཕ་བོང་ཡང་སྲིད་གོ་རྒྱུ་ཚོར་རྒྱུ་མེད་པ་དོལ་རྒྱལ་ལན། །
ཁྲི་བྱང་ཡང་སྲིད་ཆོས་སྒོ་མ་ཐོན་ཐང་ལུས་དོལ་རྒྱལ་ལན། །
གངས་ཅན་བླ་མས་རྒྱ་དང་ལག་འབྲེལ་དོལ་རྒྱལ་ལན། །
དགེ་བཤེས་སྐལ་བཟང་བཀའ་གདམས་གསར་འདེམས་དོལ་རྒྱལ་ལན། །
ལན་ལན་ཐམས་ཅད་དོལ་རྒྱལ་ཤུགས་ལྡན་སྨོན་ལོག་ཁྱོད་ཀྱིས་ལན། །
མེ་འབར་བའི་སྒང་ལ་་ས་སྣུམ་་མ་ཤོལ་ལོ་།
མིས་ལྷ་སྐྱོབ་དགོས་པའི་དུས། དགེ་ལྡན་པས་ཐམས་ཅད་མཁྱེན་པ་ལ་རྒོལ་བའི་དུས། རྙིང་མའི་སྤྲུལ་སྐུས་ཕུང་གསུམ་པ་ཟེར་ནས་རྫོགས་ཆེན་ཚང་ལ་རྒོལ་བའི་དུས། བཀའ་བརྒྱུད་པ་ཡིས་ཞ་དམར་ལ་དམ་ལོག་ཟེར་བའི་དུས། ས་སྐྱ་པ་ཡིས་ཇོ་ནང་ལ་ལོག་ལྟ་ཟེར་བའི་དུས། བླུན་པོ་ང་ཡི་བལྟས་ན་རྟགས་དང་སྔ་བལྟས་ཡག་པ་ཞིག་ཡིན་ནམ།
སྦྱིན་སྲེག་བྱེད་དུས་མེ་འབར་བའི་སྟེང་ལ་སྣུམ་བླུགས་དགོས་པ་ཀུན་གྱིས་ཤེས།
བྱམས་པའི་སེམས་ཀྱིས་བདུད་ཀྱང་གྲོགས་སུ་འདུ།
རིལ་རིལ་སྟེང་ལ་རིལ་རིལ་འཇོག་པའི་ཚུལ།
ཐབས་ལ་མཁས་པ་མ་ཡིན་ཐབས་སྡུག་པས།
ཞི་བདེ་ལྷིང་འཇགས་དགོས་ན་ཐབས་མཁས་མཛོད།
དེ་མིན་སྤང་རགས་སྤང་དགའ་སྤང་ལ་རྒྱུགས།
རྫ་རགས་རྫ་ལ་དགའ་བ་རྫ་ལ་རྒྱུགས།
ར་དང་ལུག་བཞིན་སོ་སོའི་གནས་བདེ་ན།
ར་རུ་གཡས་གཡོན་བཞིན་དུ་རེངས་པར་མཛོད།།
དོལ་ཚོགས་པ་དེ་ཚོ་མང་ཆེ་བ། བདུད་མ་ཡིན་པར་སྨྱོན་པ་ཡིན་ས་རེད། དེ་མིན་ན་གནས་ཚུལ་འདི་འདྲ་ཆགས་དོན་མི་འདུག་པས་་་་་
གནས་ཆུང་ཟེར་བའི་གནས་བདག་བཙན་པོ་ཞིག
ལྷ་མོ་ཟེར་བའི་ལྷ་སྲོང་དམ་ཅན་ཞིག
ཤུགས་ལྡན་ཟེར་བའི་བསྟན་བཤིག་གཏོང་མཁན་ཞིག
བོད་ཀྱི་ལྷ་སྲོང་འདི་དག་ཡོད་ལ་མེད།