བློ་གྲོས་རབ་བརྟན།
ང་མི་ཡུལ་དུ་སྐྱེས་ནས་ལོ་བཞི་བཅུ་བརྒལ་སོང་། དེའི་རིང་བྱུང་མ་མྱོང་བ་ཞིག་ད་ལོ་བྱུང་སོང་། ནད་རིམས་ཀྱིས་ཁྱིམ་ལ་བཅུག་པ་ངའི་མི་ཚེའི་ནང་ཐེངས་དང་པོ་བྱུང་སོང་། ཨ་རི་ནས་བཅུག་སོང་། ཨ་རིའི་ཁ་ལས་ཧྥོ་ནེ་ཡར་བཅུག་སོང་།
3/ 16/20 ནས་དབུས་གཞུང་དང་ས་གནས་གཞུང་ནས་ནད་ཡམས་སྔོན་འགོག་ཆེད། འདུ་འཛོམས་དང་འགྲོ་འོང་ལ་སྟངས་འཛིན་དང་དོ་ནན་བྱས། སློབ་གྲྭ་སྒོ་བརྒྱབ། མི་མང་པོས་ལས་ཀ་ཁྱིམ་ནས་བྱས། ཡིན་ནའང་། ཟས་རིགས་དང་སྨན། སྣུམ་དང་དངུལ་ཁང་བཅས་སྒོ་ཕྱེ། ང་ལས་ཀ་འགྲོ་དགོས་བྱུང་། ཟས་རིགས་ཚོང་ཁང་དུ་ལས་ཀ་བྱེད་དུ་སོང་། ལག་ཤུབས་དང་ཁ་ཤུབས་གོན་ཏེ། གློག་འཁོར་དུ་སན་ཧྥི་རན་སུ་སི་ཁོར་ལས་ཀར་བསྐྱོད། གློག་འཁོར་གྱི་རྐུབ་སྟེགས་ལའང་མ་བསྡད་པར་ལངས་ནས་སྐར་མ་ཉི་ཤུའི་རིང་བསྐྱོད། གློག་འཁོར་སྟོང་མིན་ཙམ། འགྲོ་འོང་ཧ་ཅང་ཧ་ཅང་གི་ཉུང་། ཕན་ཚུན་ནད་གཡོལ་དུ་རྒྱང་ཁད་ཀྱིས་འགྲོ་འོང་བྱས། དང་པོ་ཉིན་རེ་ལས་ཀའི་དུས་ཡུན་ཐུང་དུ་བཏང་། དེ་ནས་ཉིན་གྲངས་ཉུང་དུ་བཏང་། ཉིན་འགའི་རྗེས་ནས་ལས་མེད་ལ་ཕྱོགས་ཀྱིན་འདུགཁྱད་མི་འདུགཞེ་སྣང་དང་དོགས་པའི་ངང་འགྲོ་བ་ལས་ཁྱིམ་ལ་བསྡད་ན་བཟང་གི་འདོད།
རྒྱ་ནག་ལ་ནད་ཡམས་དེ་ཐོག་མར་བྱུང་སྐབས་སྣང་མེད་ལྟ་བུར་བཞགཉིན་མ་རེ་ལ་བོས་ཧན་ནས་སན་ཧྥི་རན་སུ་སི་ཁོར་གནམ་གྲུ་གསུམ་རེ་འཕུར་ཡོང་གི་འདུགསྤྲོ་འཆམ་གྲུ་ཆེན་དང་གནམ་གྲུ་དག་ནི་ནད་ཡམས་ཕྱོགས་བཞིར་སྐྱེལ་མཁན་ཡིན་པ་སུས་ཤེས། དེ་ནས་ཉི་མ་གཅིག་སོང་གཉིས་སོང་། ནད་ཡམས་དེ་སྒོ་རྩར་འབྱོར། མི་རྣམས་ཀྱི་དངངས་སྐྲག་བྱེད་འགོ་བརྩམས། བཟའ་བཅའ་དང་གཙང་ཤོགཁྱིམ་གྱི་ཉིན་རེའི་དགོས་མཁོ་ཚད་ལས་བརྒལ་བ་ཉོས་ཏེ། ཚོང་ཁང་སྟོང་པ་བཟོས། འཚང་ཁ་བརྒྱབ། འཁྲུག་པ་བརྒྱབ། ཁ་ཤུབས་དང་ལག་ཤུབས། ལག་པའི་འདག་ཆུ་བཅས་བཙོང་རྒྱུ་མེད་པར་གྱུར། ཚོང་ཁང་སྐོར་ཞིག་གིས་གཙང་ཤོག་སོགས་སྐོར་ཞིག་ཕྱིར་ལོག་མི་ཆོག་པའི་གསལ་བསྒྲགས་ཀྱང་སྤེལ་སོང་། མི་རེ་རེས་ཚད་ལས་བརྒལ་བ་ཉོས་སོང་བས་རེད།
མི་ཚེ་ཟེར་བ་བ་དེ་ག་འདྲ་ཡིན་པ། ནང་ཆོས་ནས་བསྟན་པ་མང་པོ་ར་སྤྲོད་ཀྱིན་འདུགམི་ལ་མིའི་ཚེ་སྲོག་ག་ཚོད་གལ་ཆེན་ཡིན་པ་ཞུ་མི་དགོས། ཚེ་སྲོག་གི་ཆེད་དུ་མི་རྣམས་ཁྱིམ་དུ་བསྡད་དེ། སྲང་ལམ་ལ་མཐོང་རྒྱུ་དཀོན། གླིང་ཀ་དག་ན་ལུས་སྦྱོང་ལ་སྐྱོད་མཁན་གང་འཚམས་མཐོང་རྒྱུ་འདུགང་ཟེར་བའི་གཅེས་འཛིན་གྱི་དབང་གིས་དེ་ལྟར་བྱུང་བ་ལས། དེ་མིན་ཉེན་རྟོག་པས་ཕྱི་ལ་ཐོན་མ་བཅུག་པ་དེ་འདྲ་མ་རེད། གཅིག་བྱས་ན། སྤྱི་ཚོགས་ཀྱི་གོ་རྟོགས་དང་འབྲེལ་བ་དམ་པོ་ཡོད་ངེས། གལ་ཏེ་ཕྱི་ལ་ཐོན་ནའང་ཉེན་རྟོག་པས་སུན་པོ་བཟོ་བ་སོགས་གང་ཡང་མེད། མི་མང་པོ་འཛོམས་ན་ནི་རྩད་གཅོད་པ་ཡོད་ངེས་རེད། དེ་ནི་སྤྱི་ཚོགས་སུ་ནད་ཡམས་སྔོན་འགོག་གི་ཐབས་ལམ་གནད་ཆེན་ཞིག་ཡིན་པ་དེ་རེད།
སྲིད་གཞུང་ནས་མི་མང་གི་ལས་ཀ་ཤོར་བས། ཁང་གླ་དང་དངུལ་བུན་སྤྲོད་ཐུབ་མིན་ཐད་ལ། མི་སེར་ཚོར་ཨ་སྒོར་གཅིག་སྟོང་རེ་སྤྲོད་རྒྱུ་གཏན་འཁེལ་གནང་། དེ་ནི་གཞུང་གི་མི་མང་ལ་ལྟ་རྟོག་བྱེད་སྟངས་ཤིག་དང་། མཐར་གཏུག་ན་གཞུང་དེ་མི་མང་གི་གཞུང་ཡིན་ཟེར་བའི་མང་གཙོའི་ཁྱད་ཆོས་ཤིག་ཀྱང་འདི་ནས་སྟོན་སྙམ། བོད་མི་ཚོ་མཚོན་ན། དངུལ་ཕྲན་བུ་རེ་གསོག་ཉར་བྱས་ཡོད་ངེས་རེད། ཟླ་གཅིག་གཉིས་ལ་ལས་ཀ་མེད་ནའང་དཀའ་ངལ་ཆེན་པོ་མེད་རྒྱུ་རེད་བསམ། རེད་དེ་དཀའ་ངལ་ཞིག་འཕྲད་བཞིན་པ་ནི། བོད་མི་སྐོར་ཞིག་གིས་ལས་ཀ་མེད་སོང་དུས། ཁྱིམ་དུ་སྡོད་མ་ཐུབ་པར་ངོ་ཤེས་འདྲ་བོ་འགའ་སྐད་བཏང་ནས་ཁྱིམ་ནས་ཏ་སི་རྩེད་བཞིན་ཡོད་པ་གོ་རྒྱུ་མང་། སྐད་ཆ་དེ་འདྲ་གོ་ཡོང་དུས། དེ་སྔོན་རྒྱ་དམག་གིས་ཆབ་མདོ་བཙན་བཟུང་བྱས་ཏེ། ཐག་ཉེ་ཐག་ཉེར་འབྱོར་ཚར་ནའང་ད་དུང་སྐུ་དྲག་ཚོས་ཤོ་བརྒྱབ་ནས་བསྡད་རེད་ཟེར་བ་གོ་མྱོང་། བྱེད་སྟངས་གཅིག་མཚུངས་ནད་ཡམས་ཀྱིས་མི་ཚང་མ་ཁྱིམ་དུ་བཅུག་པའི་སྐབས་འདིར། བོད་མི་འགའི་ཁུ་སུམ་ཏ་སི་རྩེད་སྟངས་འདི་ནི་སྐྱག་ལངས་་ཤོར་བའི་གོམས་གཤིས་ཤིག་རེད་བསམ།
མཐའ་དོན་རང་གཞན་སུ་ཡིན་རུང་། ནད་ཡམས་སྔོན་འགོག་གི་འཕྲོད་བསྟེན་ཤེས་བྱ་དག་ཉིན་རེའི་འཚོ་བའི་ཁྲོད་འཐུས་ཤོར་མེད་པར་ལག་བསྟར་དང་། འགྲོ་འདུག་སྤྱོད་གསུམ་ཐད་ལ་གཟབ་དགོས་པ་དག་ལ་དོ་ནན། དེ་ནས་དོན་མེད་ལ་སེམས་ཁྲལ་མ་བྱེད་པར་སེམས་གུ་ཡངས་དང་། གོང་ས་མཆོག་གི་བཀའ་སློབ་དང་། ནང་ཆོས་ནས་བསྟན་པའི་སེམས་ཀྱི་འཁྱེར་སོ་དག་ལ་ཕྲན་བུ་དོ་སྣང་བྱེད་ཐུབ་ན་ཕན་པ་ཡོད་ཐག་གཅོད་རེད། དེ་མིན་ན་ཚ་མེད་ནའང་ཕྱི་ལ་མགོ་འཁོར་ས་མེད་པར་ཁྱིམ་ལ་རྒྱུན་རིང་བསྡོད་དགོས་དུས། སེམས་ཁྲལ་ཁོ་ནས་མི་སྐོར་ཞིག་ནད་པ་མི་ཆགས་པའི་ངེས་པ་མི་འདུག་པས་གཟབ་པར་ཞུ།
ཁྱིམ་དུ་བཅུག་ན་བཅུག་དགོས་ཆོད་པར་གྱིས། །
ཆུ་ཁོལ་རྔུབ་ལ་ཆུ་ཁོལ་གང་མང་འཐུང་། །
ནིམ་བུ་ཡོད་པའི་ཆུ་ཁོལ་ཇ་ཁོལ་འཐུང་། །
སྔར་ཤེས་ཞལ་འདོན་སླར་ཡང་སྐྱོར་ཅིང་སྒོམས། །
སྔར་མེད་ཁ་ལག་བཟོ་སྟངས་སོགས་ལ་འབད། །
ཕྱག་འཚལ་ལུས་རྩལ་སྣ་ཚོགས་འདྲ་མིན་གྱིས། །
བཅུག་ཚད་འཚམས་ཁང་བཞིན་དུ་དོན་ལྡན་གྱིས། །
བཅུག་ནི་བཅུག་སོང་བཅུག་ཡུན་དོན་ཡོད་གྱིས། །
ལས་ཀ་མེད་ཀྱང་དགེ་སྒྲུབ་ལས་ཀ་གྱིས། །
དངུལ་གསོག་མེད་ནའང་དངུལ་རིན་ཡང་ཡང་སོམས། །
འགྲོ་སོང་ཆུང་ནས་དགའ་བདེའི་འཕྲོད་བསྟེན་སློབས། །
དུས་ཚོད་བཅུག་ཚད་ཆོག་ཤེས་གོམས་པ་བསྟེན། །
ཁྱིམ་དུ་བསྡད་ན་ནད་འབུ་ག་ནས་ཡོང།
ཁྱིམ་དུ་བསྡད་ནས་ནང་ཆོས་བལྟ་ཀློག་དགྱིས།
ཁྱིམ་དུ་བསྡད་ནས་གཟུངས་སྔགས་གྲངས་བསོག་དགྱིས།
ཁྱིམ་དུ་བསྡད་པའི་དོན་གོ་འགྲུབ་པ་དགྱིས།
ཉིན་ཤས་གོང་ཨ་རི་བའི་ཡུལ་མིའི་ཐོབ་ཐང་ཡོད་འདོད་པ་་རེ་གཟུང་ནས་རྒྱ་མི་ལ་ལས་འབྲས་ཁོར་བ་རེད་སེ་ཁ་པོ་ཆེ་ཆེ་འདྲ་བོ་བཤད་ད་ སྐབས་དེར་ངས་འདང་ཞིགས་ཁ་པོ་སྔ་གྲགས་ཡོང་བསམ་སོང་ད་ཏག་ཏག་ཨ་བོད་ཚོ་སྐད་ངན་ཤོར་འདུག་ག
ངེད་གཉིས་སྐྱིད་སྡུག་གཅིག་པ་རེད། ང་ཡང་གྲོང་འཁྱེར་འདིར་ཡོད། ནང་ནས་བསྡད་ན་བཟང་གི ན་ཚ་དེ་འགོག་སྲུང་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད། འགོས་ན་སྲོག་ལ་ཉེན་ཁ་ཡོད་པ་སྨོས་མ་དགོས་སོ། །
བཅུག་ཚད་འཚམས་ཁང་བཞིན་དུ་དོན་ལྡན་གྱིས། །
འདི།
བཅུག་ཚད་མཚམས་ཁང་བཞིན་དུ་དོན་ལྡན་གྱིས། །
ལ་བཅོས།