བསྟན་འཛིན་ནོར་འཛིན། (དཔེ་སྟོན་སློབ་གྲྭ དྲུག་པ། ཁ། ལོ་༡༢)
ཀ་ཡི་གྲོགས་པོ་རྣམ་པ་ཚོ།།
ཁ་གཏམ་ཚིག་གསུམ་ཞུས་པ་ན།།
ག་ས་ག་ལ་རིམས་ནད་ཁྱབ།།
ང་ཚོས་ངེས་པར་གཟབ་ནན་དགོས།།
ཅ་ལག་གང་བྱུང་རེག་མི་ཉན།།
ཆ་མེད་མི་དང་འགྲོགས་མི་ཉན།།
ཇ་ཁང་ནང་ཡང་འཛུལ་མི་ཉན།།
ཉ་མོ་ཆུ་ནང་གནས་པ་བཞིན།།
ཏ་རེ་གཟུངས་སྔགས་བགྲང་བཞིན་བཞུགས།།
ཐ་ན་གྲོགས་དང་རྒྱང་རིང་མཛོད།།
ད་ལྟའི་ཝུ་ཧན་རིམས་ནད་དེ།།
ན་ཚེ་རང་གཞན་ཕུང་བའི་ནད།།
པ་ཕའི་བཀའ་ལ་ཉན་འཇོག་བྱོས།།
ཕ་མས་གཅེས་པའི་གྲོགས་ཆུང་ཚོ།།
བ་ལ་གཏམ་བཤད་བྱེད་པ་བཞིན།།
མ་ཚོར་མ་ཤེས་བྱ་མི་རུང།།
ཙ་གེ་ཙིག་གེར་མགོ་མ་འཁོར།།
ཚ་གི་ཚི་གེའི་གནས་སྟངས་ལྟོས།།
ཛ་དྲགས་མི་ཡི་ཚེ་སྲོག་ཐུག།།
ཝ་ཡེ་སྣང་ཆུང་མ་གཏོང་དང།།
ཞ་བོ་ནང་བཞིན་ཁྱིམ་ལ་སྡོད།།
ཟ་ཆས་འཐུང་ཆས་འདང་ངེས་ཉོས།།
འ་ཅག་མི་རེས་འགན་འཁུར་དགོས།།
ཡ་མེད་དོན་མེད་འཁྱམ་མ་འགྲོ།།
ར་ཅོ་ཅན་གྱི་དུག་སྲིན་དེ།།
ལ་ལུང་བརྒལ་ནས་གང་སར་ཁྱབ།།
ཤ་རིགས་ཟས་ལས་འགོས་སྲིད་ན།།
ས་ག་ཟླ་བ་ཇི་བཞིན་སྲུང།།
ཧ་ཅང་ཉེན་ཚབས་ཆེ་བ་ཡིས།།
ཨ་རི་ཡིན་ཡང་སྡུག་སྐད་ཤོར།།
ཧ་ལས་གཙང་ཁྲུས་ཁ་རས་རྒྱོབས།།
ཨ་རག་ཅན་གྱིས་དུག་སེལ་བྱོས།།
ཀ་རྩོམ་དེ་ཧ་ཅང་ཡག་པོ་བྲིས་འདུག.་ མུ་མཐུད་འབྲི་རོགས།
ཤིན་ཏུ་ལེགས།
མ་འོངས་སོན་རྩ།།
རེ་བའི་གཞི་མ།།
མངོན་པར་བསྟོད་དོ།།
མ་མཐུད་འབད་དགོས།།
ཀོ་ཝིད་༡༩ ཏོག་དབྱིབས་ནད།
ཁ་སྣ་གཉིས་ལ་དཱོགས་གཟོན་དགྱིས།
ག་དུས་ཡིན་ཀྱང་ལག་པ་འཁྲུས།
ང་ཚོ་ཚང་མས་ཁ་རས་གྱོན།
ཅ་ཅོ་མང་སར་འགྲོ་རྒྱུ་སྤོང།
ཆ་མེད་མི་དང་ཐུག་མི་ཉན།
ཇ་ཐང་ཚ་བོ་མང་ཙམ་ཐུང།
ཉ་ཤ་ཕག་ཤ་ཤ་རིགས་སྤོང།
ཏ་རེ་ལ་སོགས་གཟུང་སྔགས་བསོག།
ཐ་མ་ཀོ་ཝིད་༡༩ ནད་ཡམས་ལ།
ད་ལྟའི་དུས་འདིར་ཟབ་ཟབ་མ་གནང་ན།
ནམ་ཞིག་ནད་ཡམ་འཕེལ་ཡང་སྲིད།