རྩོམ་པ་པོ་རྒྱ་བཀྲ་དོན།
གློ་བུར་དུ གློ་བུར་དུ ཁྱི་རྒན་ཞིག་ཟུག་སོང
ཁྱི་ཕྲུག་དེ་དག་གིས་ཀྱང་རྣམ་འགྱུར་གཞན་ཞིག་བཟུང་སྟེ
ཁ་ཟས་ཀྱི་ཆེད་དུ རང་ཉིད་ལ་དབང་བའི་ཚེ་སྲོག་ཕྲ་མོ་དེའང་ཕུལ་ངེས་ཡིན་ཟེར
འདི་ནི ཁྱི་ཚོགས་ནང་ཁུལ་གྱི་ལྟ་སྟངས་ཤིག
སྲང་ལམ་གང་སར་དུ་ལྟོ་ཆས་འཚོལ་མཁན་གྱི་ཁྱི་ཕྲུག་དེ་དག
ནམ་རྒྱུན མྱི་སྐད་གོ་དུས་སྐྲག་སྣང་གིས་འབྲོ་ནའང
དེ་རིང་གི་ཁྱི་ཚོགས་ཁྲོད་དུ
དཔའ་ཉམས་ཀྱི་གཟུགས་བརྙན་ཁུར་ཏེ་འགྱིང་སྟབས་ཀྱིས
མྱི་ཚོགས་ལ་སྐྲག་དོན་མེད་པའི་ཟུག་ངུ་འཐེན
ཁྱི་ཕྲུག་དེ་དག་གིས དོན་སྙིང་མེད་པའི་ཟུག་སྐད་འཐེན་བཞིན
རང་ཉིད་ཀྱི་རྔ་མ་འདི་ནི་མྱི་ཚོགས་འགུག་བྱེད་མཛེས་པ་ཡིན་ཟེར
ཡིན་ནའང རྔ་མ་གཡུག་སྟངས་ཀྱི་སྒྱུ་རྩལ་ཀུན་ལ་ཡོད་པ་ཞིག་མིན
ཁྱི་འཚོ་གནས་ལ་རོལ་བ་ནི་མི་དང་གཏན་ནས་མི་འདྲ་སྟེ
ཚེ་སྲོག་གི་རིན་ཐང་ལ་ཀླད་གོར་གྱི་ཨང་གྲངས་སྟེར་ཀྱིན་ཡོད
འདི་ནི གང་ཞིག་ཁྱི་ལ་འགྱུར་བའི་སྔོན་འགྲོའང་ཡིན་སྲིད
སྲིད་པ་ཆགས་ནས་བཟུང་།
ཁྱི་དང་ཁྱིའི་བར་སྡང་མིག་དང་དཔུང་ངོམས་རྒྱུན་ཆད་མི་སྲིད་ལ།
ཁྱི་དང་ཁྱིའི་བར་དགྲར་འཛིན་གྱི་བསམ་བློ་གཏན་གནས་ཡིན།
དེར་བརྟེན།
མྱི་ཚོགས་ལས་ཁྱི་ཚོགས་བར་འཁྲུག་རྩོད་མང་བ་དང་།
མྱི་ཚོགས་ལས་ཁྱི་ཚོགས་ལ་འཆམ་མཐུན་མེད།
མཐར་གཏུགས་ན།
ཁྱིས་མྱི་ལ་རྒོལ་མི་ཐུབ་ཀྱང་ཁྱིས་ཁྱི་ལ་གུ་ཡང་གཏན་ནས་མི་གཏོང་ལ།
ཁྱི་ལ་མི་དགའ་མཁན་ནི་ཁྱི་ཁོ་ན་ཡིན།
ཡང་ན། མྱིའི་ནང་གི་ཁྱི་ཡིན།
སྙན་ངག་པ་འདིས་ཁྱི་འདི་དག་ལ་སྟངས་གསལ་བོ་བཀོད་ཡོད་གི་
ཁྱི་མེད་པའི་སྤྱི་ཚོགས་ཤིག་རྙེད་དཀའ།
ཁྱི་མེད་པའི་སྤྱི་ཚོགས་ཇི་ལྟར་བསྐྲུན་དགོས་སམ།།
ཁྱི་མེད་པའི་སྤྱི་ཚོགས་ཤིག་རྙེད་དཀའ།
ཁྱི་མེད་པའི་སྤྱི་ཚོགས་ཇི་ལྟར་བསྐྲུན་དགོས་སམ།།
ཁྱི་ལ་གཡུག་པ་བསྟན་ན། ཁྱིས་སོ་རྒྱག་པ་ལས་བརྩེ་སེམས་མི་སྟོན།
ཁྱི་ཁྱི་ས་རུ་བཞག་ན་དགའ་བ་ཡོད།
དྲ་གྲོགས་རྣམ་པས་བསམ་ཚུལ་དང་སྙན་རྩོམ་བྲིས་པ་དེའང་ཕྱོགས་གཅིགཏུ་བསམ་ན་འགྲིག་གི་རེད། ཡིན་ནའང་། ཁྱི་ཚོགས་ཀྱི་སེམས་ཁམས་ལ་རྟོགས་ཞིབ་བྱེད་རྒྱུ་ནི་དེ་ལས་ཀྱང་གལ་ཆེན་ཞིག་ཏུ་མཐོང་ཀི རྔ་མ་མེད་པའི་ཁྱི་དེ་དག་གིས་ནམ་ཡང་ལྟོ་གོས་ལ་ཡིད་ཀྱི་གཟེད་པ་བསྲིངས་ཡོད་པས་ན་མིའི་མཛེས་དཔྱོད་ཀྱི་ར་བ་ལས་འགོངས་པས་སོ། མདོ་ཁམས་པ་ཁྱི་ཚོགས་ཀྱི་ཉེ་སར་བཅར་ནས་ཁྱི་སྐད་ལ་རྣ་བ་བླགས་ཏེ་ཉན་འདུག
སྙན་དངགས་འདི་གོ་བདེ་ལ་གནད་ལ་ཤིན་ཏུ་འཁེལ་བ་ཞིག་འདུག་ཀྱང་། ཁྱི་དེ་ཚོས་མི་གོ་བས་ཅི་དྲག ཡང་བསྐྱར་ཁྱི་དེ་ཚོ་མང་ཆེ་བ་ཚོགས་འདུག་ག