ཁ་བརྡའི་ཐོག་་གཞན་མིང་སྒེར་སྤྱོད་བྱེད་མཁན་འགའ་ཐོན་ཡོང་གི་འདུག འདི་དག་ནི་སྨྱུག་མིང་བེད་སྤྱོད་བྱེད་མཁན་དག་ལ་ཞུ་གི་མེད། རྩོམ་འབྲི་མཁན་གྱིས་རང་གི་མིང་ངོ་མ་དང་སྨྱུག་མིང་གང་སྤྱད་ཀྱང་ང་ཚོས་དེ་ལ་བརྩི་བཀུར་བྱེད་འོས་པ་རེད་དྲན། ཉེ་ཆར་ནས་ bbc ཞུ་བ་དང་། ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞུ་བ། ཨོ་བྷ་མ་ཞུ་བ་སོགས་ཐོན་ཡོང་གི་འདུག ངེད་ཀྱི་ཚོད་དཔག་ནོར་མེད་ན་ འདི་དག་ནི་ཁྲིམས་འགལ་ཡིན་པ་འདྲ། མི་ཚབ་བྱེད་པའམ་མི་གཞན་ཞིག་འཁྲབ་པ་༼impersonator༽དེ་དག་ཧ་ཅང་མ་འོས་པ་ཞིག་རེད་དྲན། དྲ་རྒྱ་ཁ་ཤས་ན་འདི་ལྟར་བྱེད་མཁན་ཚོར་ སྐྱེ་བོ་གཞན་གྱི་རྣམ་པ་རྐུ་འཕྲོག་བྱེད་པའི་ ༼identity theft ༽ནག་ཉེས་ཀྱི་ཁོངས་སུ་བཅུག་ནས་ཁྲིམས་ཆད་གཅོད་པའི་ལམ་ཁ་ཡོད་ཅེས་བསྒྲགས་འདུག དེར་བརྟེན། བརྗོད་གཞི་འདིའི་ཐད་ལ་གུ་ཡངས་པོའི་ཐོག་ནས་གླེང་སློང་བྱེད་འདོད་ཡོད་དམ།
འདི་ལ་ང་ཚོས་འགན་འཁུར་ཟེར་བའི་ཚིག་དེ་ལ་བསམ་གཞིགས་ནན་པོ་བྱེད་དགོས་པར་འདོད། མི་སུ་ཞིག་དྲ་ངོས་གང་རུང་དུ་འགན་འཁུར་ནས་ཡོང་བ་ཡིན་ན། དེ་ཡིས་རང་གི་སྨྱུག་མིང་དང་དངོས་མིང་གང་རུང་་འཁུར་ནས་ཡོང་གི་རེད། དེ་ཡིན་དུས། དྲ་ཐོག་གི་སྤུན་ཟླ་སུ་ཡིན་ཡང་། འགན་འཁུར་ནས་ཡོང་ན་སྟབས་བདེ་ཞིང་གོ་རིམ་ལྡན་པ་དང་། བརྩི་བཀུར་དང་ཐོངས་ཆེན་ཡོད་པ་རེད། དེ་ཡིན་དུས། ངས་འདི་ནས་དྲ་ཐོག་གི་སྤུན་ཟླ་ཡོངས་ལ་འགན་འཁུར་རོགས་ཟེར་ནས་ཞུ་འདོད་བྱུང་། འགན་འཁུར་ཡོད་པའི་མི་དེ་ནི་དྲ་ངོས་དང་སྤྱི་ཚོགས། ཁོར་ཡུག་གང་དུ་ཡོད་ཀྱང་། ཀུན་ལ་འདྲིས་བདེ་བ་དང་ཁ་སངས་པ་བཅས་ཀྱི་ཁྱད་ཆོས་ཡོད་པ་ཡིན།
BBC ཟེར་བ་ནི་སུ་ཞིག་གི་མིང་ཡིན་པ་མ་ཤེས་ཀྱང་གསར་འགྱུར་ཞིག་གོ་ཐོས་ཡོད་འོན་ཀྱང་དེ་ལ་སྐྱོན་དུ་མི་བརྩི ། ཁོས་BBC མིང་འཁྱེར་ཏེ་གསར་འགྱུར་མཁོ་གཏོང་གི་ལས་ཀར་ཞུགས་ཏེ་ཁྲིམས་འགལ་གྱི་ལས་ཀ་བྱེད་ཐབས་མེད་ལ་བྱེད་རྒྱུ་ཡང་མ་རེད། ཨོ་རྒྱན་འཔྲིན་ལས་རྡོ་རྗེ་ཟེར་བ་ནི་མིང་འདྲ་ལ་མི་གཅིག་པ་གང་མང་ཡོད་ཡོད་པ་ཤེས་དགོས། ཨོ་བྷ་ཟེར་བ་གང་ཡིན་བཤད་ཚོད་ཐུབ་མ་སོང་། བོད་པ་ལ་ཡང་ཨོ་བྷ་མ་ཡོད་པ་གོ་ཐོས་བྱུང་། འོན་ཀྱང་བདེན་པར་མི་འཛིན། ཅི་སྟེ་ཁོང་རྣམས་ཀྱིས་དོན་དུ་ཁ་བརྡ་ཚང་གི་སྒྲིགས་གཞིར་བརྩི་བཀུར་མ་ཞུས་པ་དང་། ཁྲིམས་འགལ་བྱུང་ཡོད་ན་མཐའ་གཅིག་ཏུ་ངོ་རྒོལ་རྒྱབ་རྒྱུ་ཡིན།
ཁ་བརྡ་ང་ཚོ་དྲ་གྲོགས་རྣམས་ཀྱི་གནས་ཚང་རེད། ཁ་བརྡ་ནི་དྲ་གྲོགས་རྣམས་ཀྱི་སྙིང་གཏམ་བཤོད་ས་རེད། དེའི་ཕྱིར་དྲ་གྲོགས་རྣམས་ཀྱི་ཁ་བརྡའི་བཀའ་ལ་བརྩི་བཀུར་དང་ཁ་བརྡ་ཚང་ལ་སྲུང་སྐྱོབས་ཡོང་བ་མཁྱེན ། །
འཛམ་གླིང་སྤྱི་འགྲོས་ཀྱི་སྨྲ་བརྗོད་རང་དབང་ཟེར་བ་ལའང་མཐའ་མའི་ཚོད་འཛིན་དང་ཐག་གཅོད་ཅིག་ཡོད། གཞི་མེད་ཁུངས་མེད་ཀྱིས་སྨྱུག་མིང་དང་གསང་མིང་འོག་གང་བྱུང་ལབ་བརྡོལ་བྱས་ནས་སྨྲ་བརྗོད་རང་དབང་རེད་ཟེར་བ་ནི་སྨྲ་བརྗོད་རང་དབང་གི་རྩ་ཁྲིམས་ལས་བརྒལ་བ་རེད། གང་ལྟར་སྐྱེ་བོ་སྒེར་ལ་དམའ་འབེབས་བྱ་ཡང་རུང་། ཚོགས་པ་ཞིག་ལའང་རུང་། དྲང་བདེན་གྱི་འགན་ཁུར་འོག་ནས་དམའ་འབེབས་སམ་སྐྱོན་བརྗོད་ཐེར་འདོན་བྱེད་པ་ནི། མི་སྒེར་དང་ཚོགས་པ་གང་ཞིག་གི་གནས་བབ་ལ་ངེས་པར་དགོས་པ་ཞིག་རེད། དཔེར་ན་ཁ་བརྡ་སོགས་སྒེར་གྱིས་བསམ་ཚུལ་སྤེལ་རེས་ཀྱི་ལམ་ཁའི་གྲུ་ཟུར་ཞིག་རེག་པ་ནས་བཟུང་འཇིག་རྟེན་ལུགས་འགལ་གྱི་བྱ་སྤྱོད་སྤེལ་བའི་རང་རེའི་སྤྱི་སྒེར་མང་པོ་ཞིག་གི་ཧམ་སེམས་དང་། སྒེར་སྤྱོད་རིང་ལུགས་ལ་ཚོད་འཛིན་བྱ་དགོས་པའི་གོ་རྟོགས་ཤིག་རང་ཤུགས་ཀྱིས་སྤྲད་དང་སྤྲོད་བཞིན་ཡོད། ངས་འདིར་བཤད་དགོས་པ་ནི། སྐྱེ་བོ་སྒེར་ཞིག་གིས་མི་གཞན་གྱི་དངོས་མིང་དང་པར་སོགས་བེད་སྤྱོད་ནས་བསམ་ཚུལ་སྤེལ་བ་དེ་རེད། དེའང་དང་པོ་ནི། རང་རེ་བོད་མི་མང་པོ་ཞིག་གིས་ངོ་གདོང་དྲ་དེབ་ཏུ་༸གོང་ས་མཆོག་དང་། བླ་མ་སྐྱེས་ཆེན་རྣམས་ཀྱི་སྐུ་པར་བཀོལ་ནས་སྤྱི་སྒེར་གཉིས་ཀྱི་གཏམ་འཆལ་སྤེལ་བ་ནི་ཅུང་མ་ལེགས་པ་ཞིག་རེད། གཉིས་པ་ནི་སྤྱིར་མིང་གཅིག་མི་བརྒྱ་ཕྲག་མང་པོར་འདོག་ཆོག་ལ་བཏགས་ཀྱང་སྲིད། འོན་ཀྱང་ཁ་བརྡ་སོགས་ཀྱི་སྟེང་ང་ཚོས་ཤེས་བཞིན་པའི་གཞན་མིང་སྒེར་སྤྱོད་ཀྱིས་བསམ་ཚུལ་འདོན་པ་དེ་རེད། དེས་ནི་མང་པོ་ཞིག་ལ་མཚམས་རེར་གོ་རྟོགས་མ་འདྲ་བ་སྤྱོད་བཞིན་ཡོད་པས། ཨོ་རྒྱན་འཕྲིན་ལས་རྡོ་རྗེ་སོགས་མིང་མ་བཏགས་ན་ལེགས་པར་སེམས། ཉིན་ཞིག་༸གོང་ས་མཆོག་གི་མཚན་ཡང་གསང་མིང་དུ་གཞན་གྱིས་བེད་སྤྱོད་ནས་ཁ་བརྡའི་ཐོག་མི་ཡོང་བའི་ངེས་པ་མི་འདུག མདོར་ན་གསང་མིང་འདོགས་པ་ལ་ཚད་གཞི་ཞིག་ཡོད་པར་སེམས།
མིའི་མིང་དེ་ཚོ་མི་ཤེས། ཡིན་ནའང་ BBC ཟེར་བའི་བསྡུས་ཚིག་འདི་ལ་དབྱིན་ཇིའི་གསར་འགྱུར་ལས་ཁུངས་ (The British Broadcasting Corporation) ཟེར་བ་དེ་མ་བརྩིས་པའི་བསྟན་དོན་གཞན་ཡང་ཡོད་དེ། Baptist Bible College (www.bbc.edu), Big Blue and Cousins (www.bbc.org), Billionaire Boys Club/Ice Cream (www.bbcicecream.com) ཟེར་བ་སོགས་རེད། ད་དུང་རྩེད་མཚར་ཞིག་བཤད་ན། ལོན་ཌོན་གྱི་སློབ་གྲྭ་ཆེན་མོའི་སློབ་མ་ཚོའི་བར་ནས་རྒྱ་རིགས་སྐོར་ཞིག་ལ་ “BBC” ཟེར་བའི་མིང་འདོགས་ཞིག་འབོད་ཅིང་། དེ་ནི་དབྱིན་ཇི་རྒྱལ་ཁབ་ཏུ་སྐྱེས་པའི་རྒྱ་མི་ British Born Chinese ཞེས་པའི་དོན་རེད།
དེ་བྱས་དུས་“BBC”ནི་ཁྲིམས་འགལ་ཡིན་མིན་བཤད་མི་ཐུབ་ལ། ཡང་མིང་དེ་འདྲ་བེད་སྤྱོད་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དེ་འདྲའང་མིན། ཁ་བརྡའི་ཐོག་གི་ BBC ཟེར་མཁན་དེས་གསར་འགྱུར་བརྒྱུད་ལམ་ཞིག་གི་རྣམ་པའི་ཐོག་ནས་ཀུ་རེ་མང་པོ་རྩེས་སོང་བ་དེ་ནི་དགོད་བྲོ་བོ་ཞིག་བྱུང་ལ། དེ་རིང་ཁ་བརྡའི་ཐོག་གི་ BBC ལགས་ཀྱིས་ང་ཚོའི་དྲ་ཐོག་གི་བགྲོ་གླེང་གིས་བློ་བཟང་སེང་གེའི་གཏམ་སྤྱོད་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཚུལ་བཤད་འདུག་པ་དེ་ནི་ང་ཚོའི་སྤྱི་ཚོགས་ལ་དམངས་གཙོའི་ཁྱད་ཆོས་མངོན་གྱི་ཡོད་པའི་བཟང་རྟགས་སུ་མཐོང་ནས་དེ་ནི་གཏམ་བཟང་ཞིག་ཏུ་བསམ་པ་ཡིན།
མིའི་མིང་དེ་ཚོ་མི་ཤེས་ཟེར་ནའང་། དགོད་བྲོ་བའི་གནས་ཚུལ་ཞིག་བཤད་རྒྱུ་འདི་འདྲ་ཞིག་ཡོད་དེ། དུས་བབ་ཐོག་གི་ཟིན་བྲིས་པ་བསེ་རུ་ནི་ང་རང་དགའ་མོས་ཆེ་སའི་བོད་བཞུགས་རྩོམ་པ་པོ་བསེ་རུ་ཟེར་བ་ཞིག་ཡོད་པ་དེ་ཡིན་ཤག་བྱས་པ་ཡིན་མོད། ཞག་མ་གཅིག་རྩོམ་པ་པོ་བསེ་རུ་དང་དངོས་སུ་མཇལ་ནས་མཚན་གུང་བར་དུ་ཁ་བརྡ་བྱས་ཏེ། བཟི་སྣང་དང་བཅས་ངེད་ཅག་ཚང་མ་གནས་ཚང་དེ་རུ་ཞག་འདུག་བྱས་པ་ཡིན། ཡིན་ནའང་རྗེས་ནས་ཤེས་གསལ་ལ། ཞག་མ་དེར་ངེད་ཚོ་ཁ་བརྡ་ལ་གཡེང་བའི་སྐབས་ཏག་ཏག་ཏུ། ཟིན་བྲིས་པ་བསེ་རུས་དུས་བབ་ཀྱི་ཐོག་ཏུ་ཟིན་བྲིས་དང་མཆན་འདེབས་པའི་ལས་སུ་ཞུགས་འདུག་པས། ངས་གཞི་ནས་ཁོང་གཉིས་ནི་མི་ཁག་ཁག་ཡིན་པ་ཤེས། གསལ་བཤད་ཞུ་རྒྱུ་ཞིག་ལ། ངས་ཞག་མ་དེར་རྩོམ་པ་པོ་བསེ་རུར་ཟིན་བྲིས་ཀྱི་སྐོར་ནས་ཁ་བརྡ་ཅི་ཡང་མ་བྱས་ལ། རྗེས་ནས་ངས་ཁོང་ལ་འདིའི་སྐོར་གླེང་སྐབས། བོད་དུ་སྨྱུག་མིང་གཅིག་རུང་མི་ཁག་ཁག་ཡིན་པའི་དཔེ་མཚོན་ཁ་ཤས་བགྲངས་པ་མ་ཟད། སྔར་དུས་དེབ་གཅིག་གི་ཐོག་ཏུ་རྩོམ་པ་པོ་གཅིག་གི་རྩོམ་ཡིག་སྤུས་ལེགས་ཁ་ཤས་བསྡེབས་གཅིག་ཏུ་མིང་གཅིག་གི་འོག་ཏུ་འགོད་མི་བདེ་བའི་ཐོག་ནས། རྩོམ་སྒྲིག་པས་རྩོམ་པ་པོར་སྨྱུག་མིང་འགའ་རེ་སྤྲད་ཚུལ་གྱི་གཏམ་རྒྱུད་ཀྱང་བཤད་རྒྱུ་འདུག དེ་ནི་རྩོམ་སྤུས་ལེགས་འབྲི་མཁན་མང་པོ་མེད་པའི་དུས་སྐབས་ཞིག་ཡིན་པའི་རྐྱེན་གྱིས་ཡིན་ནམ་གང་ལྟར་ངེད་གཉིས་ཀྱི་ཁ་བརྡའི་བར་ལ་མི་ཞིག་གསེབ་སྟེ་ཁ་བརྡའི་རྔ་མ་མཐུད་མ་ཐུབ་པར་ལུས།
དྲ་གྲོགས་རྣམ་པ་ཚོ།
BBcཞེས་པས་ནི་གསར་འགྱུར་གཙོ་འདོན་བྱེད་པའི་གསར་ཤོག་དེ་དང་འདྲ་བ་དྲ་ངོས་འདི་རུ་གསར་འགྱུར་འགོད་མཁན་བླ་ན་མེད་པ་ཞིག་ཡིན་པར་རློམ་ནས་བྲིས་པ་ཞིག་ཡིན་སྲིད་ལ། དེས་ན་ཁོང་གི་ཀུན་སློང་ལ་སྐྱོན་མེད་པར་ཤེས་ཐུབ།
ཨུ་རྒྱན་འཕྲིན་རྡོ་རྗེ་ནི་གང་ཟག་གཅིག་གི་མིང་ཡིན་པར་ཁ་ཚན་བཅད་མི་རུང་། གལ་སྲིད་མི་གཞན་གྱི་མིང་བེད་སྤྱད་བྱས་པ་ཡིན་ན་དངོས་གནས་ཁྲིམས་འགལ་རེད། དཔེར་ན། བཟོ་གྲ་ཆེ་གེ་མོའི་མིང་བེད་སྤྱད་བྱས་ན་ཁྲིམས་འགལ་ཡིན་ན། མི་གཞན་གྱི་མིང་རྐུ་ཁྱེར་བྱས་ན་ལས་ཀྱང་ཡིན།
ཨོ་བྷ་མ་ཞེས་པས་ནི་ལུང་ཁུག་གི་མིའི་རང་གཤིས་མཚོན་པ་ཞིག་རེད། གལ་སྲིད་ཨ་རིའི་དམག་གིས་ཤེས་ན་འཇུ་བཟུང་བྱེད་ངེས་སྙམ། འདིའི་མཆན་ཁ་བརྡ་ཚང་གིས་ལག་ན་ཡོད་སྙམ།
གོང་གི་ཁ་བརྡ་འདི་མགོ་རྔ་མེད་པ་ཞིག་ཏུ་མི་འགྱུར་རྒྱུའི་ཆེད་དུ། སྒྲུང་དེར་བསེ་རུའི་ཟིན་བྲིས་ན་རྒྱབ་ལྗོངས་འདི་འདྲ་ཞིག་ཡོད་དེ།
http://www.tibettimes.net/blogs.php?id=63&post_id=2414
“་གྲོགས་ལྩགས་རྒྱ་འགྲམ་ནག་ལགས་སུ་སྤྲིངས་པ།
མཁྱེན་ལྡན་གྱི་དྲ་གྲོགས་ལགས་ཟིན་བྲིས་སུ་མཆན་བཏབ་པར་བཀྲ་ཤིས་བདེ་ལེགས་ཞུ། སྐུ་ཉིད་ངས་ས་ཕྱོགས་དང་ཡུལ་ཕྱོགས་གང་ཞིག་ཡིན་ནས་ཡིན་མིན་མི་ཤེས་ཀྱང་།
སྐུ་ཉིད་ཀྱིས་ཕྲན་གྱི་སྒྲུང་རྩོམ་བཀླགས་མྱོང་བ་ཙམ་མ་ཟད་དེས་ཤུགས་རྐྱེན་དང་། སློབ་ཆུང་ནས་སྐུ་ཉིད་ཀྱིས་ངའི་རྩོམ་རིག་བཀླགས་མྱོང་ལ་ད་དུང་ཡང་ཀློག་བཞིན་ཡོད་ཅེས་གསུངས་འདུག་པས། གསལ་འདེབས་ཞུ་རྒྱུར་སྐུ་ཉིད་ཀྱིས་བསེ་རུ་དང་བསེ་རུ་གཉིས་ངོས་འཛིན་འཁྲུགས་པ་མིན་ནམ་སྙམ། ངའི་སྨྱུག་མིང་ལ་བསེ་རུ་ཞེས་བཏགས་པ་དེ་ནི་ཕྲན་རང་ཉིད་བཙན་བྱོལ་དུ་འབྱོར་རྗེས་བཏགས་པ་ཞིག་ཡིན་ལ། ཟིན་བྲིས་སུ་སྨྱུག་མིང་བེད་སྤྱོད་པ་དེ་ཡང་དྲ་གྲོགས་སོ་སོར་རྒྱབ་ལྗོངས་ཀྱི་འགྲེལ་བརྗོད་དང་དགོས་པ་ཞིག་ཡོད་ལ་ཕྲན་ལ་ཡང་དེ་ལྟར་ཡོད་པ་སྨོས་མེད་ལགས། ངས་ཀྱང་སྒྲུང་རྩོམ་དང་སྙན་རྩོམ་སོགས་རྩོམ་རིགས་འདྲ་མིན་འབྲི་བའི་ལས་ལ་བཞུགས་བཞིན་ཡོད་ཀྱང་། སྐུ་ཉིད་སློབ་ཆུང་སྐབས་ནས་ཕྲན་བསེ་རུའི་རྩོམ་རིགས་བཀླགས་མྱོང་བ་དང་། ད་དུང་ཀློག་བཞིན་ཡོད་པའི་སྐོར་གསུངས་འདུག་པས། དོན་དངོས་སུ་ཁྱེད་ཀྱིས་ངོས་འཛིན་གནང་བཞིན་པའི་བསེ་རུ་ང་མིན་པར་ངེས་པས་དེ་དོན་གསལ་འདེབས་མ་ཞུས་ན། རི་བོང་རྡོར་བརྫུས་ཀྱི་དཔེ་རུ་འགྱུར་བའི་ངེས་པ་མི་འདུག་པས། ངས་དྲང་བདེན་གྱི་གཞུང་ལམ་གྱི་སྟེང་ནས་གསལ་འདེབས་ཀྱི་ཚངས་ཐིག་ཅིག་མི་འཐེན་རང་འཐེན་དུ་གྱུར་སོང་།
དྲ་གྲོགས་ལགས། ངས་བཤད་ཐལ་ཤོར་ཡོད་ན་དགོངས་འགལ་མེད་པ་ཞུ།”
ལྕགས་རྒྱ་འགྲམ་ནག་ལགས་ཀྱིས་གནས་ཚུལ་སྐོར་ཞིག་ཁ་གསལ་དུ་བཏང་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ། འོན་ཀྱང་འགྲམ་ནག་ལ་མདའ་ཚན་པའི་མདའ་མོ་དེ་མི་འདུག འབེན་ཤར་ལ་བཞག་ནས་མདའ་ནུབ་ཏུ་འཕངས་འདུག་དཱ།
བི་བི་སི་ ཟེར་བའི་དབྱིན་ཇིའི་བསྡུས་ཚིག་དེ་ཡོད་ས་དང་འཇུག་ས་ལོས་མང་། དེ་ནི་སྐབས་འདིའི་རྩོད་དོན་མ་རེད། རྩོད་དོན་ངོ་མ་ནི། ངས་ང་རང་ལྕགས་རྒྱ་འགྲམ་ནག་ཡིན་མདོག་མདོག་གིས་རྩོམ་དང་མཆན་བྲིས་ན་དེ་ལ་གཟབ་དགོས་པ་མིན་འགྲོ་དྲན། དེ་དང་ཆབས་གཅིག ང་ཚོ་ལ་དགག་བྱ་དང་དགོས་པ་དམིགས་བསལ་བ་ཞིག་མེད་ཚེ། སོ་སོའི་མིང་ངོ་མ་བྲིས་ནས་རྩོམ་དང་མཆན་འབྲི་བའི་ཕྱོགས་ལ་སྐུལ་འདེད་ཆེན་པོ་ཞིག་གཏོང་འོས་པར་དྲན།
མདའ་མོ་མེད་པ་མ་རེད། འབེན་ཆུང་དྲགས་པ་རེད། མ་མཐོང་བ་རེད། ཡིན་ནའང་ཁྱེད་ཀྱི་མིག་ཤེལ་གསལ་བོ་དེའི་དྲིན་ལ་ད་མཐོང་གི་འདུག སང་ཉིན་ཡིན་དཱ།
བསམ་གཟས་ནས་ཆེད་དུ་མི་གཞན་གྱི་མིང་སྤྱད་དེ་གཏམ་འཆལ་བཀྲམ་ཐབས་ཀྱི་བྱེད་ལས་ལྟ་བུ་མ་མཐོང་ན་འདིའི་རིགས་རྩད་གཅོད་བྱེད་དགོས་པ་ཞིག་མ་རེད་སྙམ། གཙོ་བོ་མི་སུ་རེད་དང་མིང་ལ་ཅི་འདོགས་གལ་ཆེན་མ་ཡིན་པར་མི་དེའི་སྐད་ཆ་གང་བཤད་ལ་ལྟ་བའི་གོམས་གཤིས་ཤིག་འཇགས་དགོས་ཀྱི་འདུག
ཁ་བརྡ་དྲ་ཁང་ལ་ཕེབས་མཁན་ཚོས་ཁ་བརྡའི་ཁ་ལ་ཉན་འཇོག་དགོས་རྒྱུ་གལ་ཆེན་རེད་སྙམ།
དྲ་གྲོགས་ཚོ་བཀྲིས་བདེ་ལེགས།
སྤྱིར་གང་ཟག་སྒེར་གྱི་མིང་གཞན་ཞིག་གིས་མ་ཡིན་ཡིན་མདོག་གི་བེད་སྤྱོད་བྱས་པ་ནི་དེར་དམིགས་ངན་པ་ཡོད་ངེས་པས་དེ་ནི་འོས་འཚམས་ཤིག་མི་མཐོང་ཡང་།BBCལྟ་བུའི་ཚོགས་པའམ་སྤྱི་མིང་དེ་འདྲ་བྱེད་ལས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བེད་སྤྱོད་བྱས་པ་ནི་འོས་ཤིང་འཚམས་པར་མཐོང་།
གཞན་ཡང་སྨྱུག་མིང་བེད་སྤྱོད་བྱས་པའང་འོས་འཚམས་ཤིག་ཏུ་མཐོང་།དེར་དགོས་པ་རྒྱུ་མཚན་དུ་མ་ཞིག་ཡོད་པ་དཔེར་ན།སྤྱི་ཚོགས་འདིར་སྐད་ཆ་བདེན་པ་བཤད་མཁན་མང་པོ་ཞིག་ལ་རྡུང་རྡེག་དང་མི་ཁ་ལས་མ་མཐར་བའི་གནར་གཅོད་ཕོག་གི་ཡོད་པ་རེད།
དེ་བས་ཐབས་སྡུག་པ་ལ་མཚན་གྲྭ་ཚང་གི་དགེ་བའི་བཤེས་གཉེན་ཆེན་པོ་བློ་བཟང་རྒྱ་མཚོ་མཆོག་ལ་བྱུང་བའི་སྐྱོ་གར་དེ་འདྲ་སླར་ཡང་ང་ཚོར་ཡང་མི་ཐོན་པའི་ངེས་པ་མེད་ཤིས།ང་ཚོས་མི་འདོད་བཞིན་དུ་སོ་སོ་རང་ཉིད་སྲུང་སྐྱོབ་དང་བདེན་པ་སྲུང་སྐྱོབས་ཀྱི་སླད་དུ་དཔེར་མིང་བེད་སྤྱོད་མི་བྱེད་རང་བྱེད་རེད།
ལྕགས་རྒྱ་འགྲམ་ནག་ལགསཀྱིས་གཞི་འཛིན་སའི་བྷི་བྷི་སི་ལགས་ཀྱི་དགོངས་ཚུལ་དེ་ངས་སླར་ཡང་བཤུ་འགོད་ཐེངས་གཅིག་བྱས་པ་ཡིན། རྒྱུ་མཚན་ཆེན་པོ་ལྡན་འདུག ལྕགས་རྒྱ་ཁོང་ཤེས་ཡོན་ཅན་ཞིག་རེད་འདུག མིང་ལ་བྷི་བྷི་སི་བྲིས་པ་དེར་གཏིང་ཟབ་མོའི་དགག་དགོས་ཤིག་ཡོད་པ་གོར་མ་ཆག ཕྱོགས་གཅིག་ནས་མི་དེར་མིང་སྙན་གྲགས་ཡོང་རྒྱུའི་སྒེར་སེམས་མེད་པ་དེ་ཤེས་ཐུབ། མི་དེས་སྤྱི་ཚོགས་ལ་ཕན་པའི་ཆེད་དང་སྤྱི་ཚོགས་ནང་ཕྱོགས་འཐེན་གྱི་རྐྱེན་མི་ཆགས་རྒྱུར་མིང་དེ་ལྟ་བུ་བྲིས་པ་སོགས་རྒྱུ་མཚན་དོན་དང་ལྡན་པ་མང་པོ་ཞིག་ཡོད་སྙམ་མོ། །
༢༢༽ BBC ནས།
སྤྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༣ གི་ཆུ་ཚོད་ ༢༢ སྐར་མ་ ༢༡
ཟླ་བ་ཆོས་འཛོམས་ལགས་ཀྱིས་ཨ་རིག་དགེ་མཐོང་ལ་ཤིན་ཏུ་རྩ་ཆེ་བའི་བསླབ་བྱ་གསེར་ལྟ་བུ་ཞིག་སྐྱོན་འདུག ང་ཡང་ཧ་ཅང་དགའ་པོ་བྱུང་། དངོས་གནས་བྱས་པ་ཡིན་ན་དེང་སང་གི་དུས་འདིར་བསམ་བློ་འདི་ལྟ་བུ་གཏོང་ཐུབ་མཁན་ཤིན་ཏུ་ནས་དཀོན་པོ་རེད། ལྷག་དོན་དུ་བུ་མོ་ཞིག་གི་ངོས་ནས། ཟླ་བ་ཆོས་འཛོམས་ཞེས་པ་བུ་མོ་ཡིན་ཁུལ་བྱས་པའམ་བུ་དངོས་གནས་ཡིན་པ་གང་ལྟར་ཡང་རྣམ་དཔྱོད་ཅན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། དེང་སང་གཞོན་སྐྱེས་མང་པོ་ཞིག་རྟོག་དཔྱོད་ཀྱིས་ཕོངས་ནས་གཡམ་རྒྱུགས་ཁོ་ན་བྱེད་བཞིན་ཡོད་ཀྱང་། ཁོ་མོས་ཤིན་ཏུ་ཞིབ་ཚགས་པོའི་སྒོ་ནས་བསམ་བློ་གཏོང་གི་ཡོད་པ་ནི་བློ་སེང་ལ་དོན་དང་ལྡན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་སོགས་ལས་ཤེས་ནུས། མ་ཟད་དགེ་མཐོང་ལ་དྲ་སྟེང་ཡོང་རྒྱུར་དགག་བྱ་གནང་བ་དང་། དོན་དངོས་ཀྱི་ཤེས་ཡོན་ངོ་མ་དེ་གང་འདྲ་ཞིག་ལ་གོ་དགོས་པ་སོགས་ཀྱི་བརྡ་སྤྲད་པ་འདི་བསམ་བློའི་གནས་ཚད་ཀྱང་ཅུང་མཐོ་བ་ཞིག་ཡིན་པར་སེམས། ངས་ཀྱང་ཁོང་གི་བསླབ་བྱ་དང་དུ་བླངས་ཏེ་དྲ་སྟེང་ཡོང་རྒྱུར་ཚོད་འཛིན་བྱ་རྒྱུ་ཡིན། འོན་ཀྱང་དགོངས་ཚོམས་མེད་པ་ཞུ་རྒྱུ་ཞིག་ལ་བཀའ་ཁྲིའི་འོས་བསྡུའི་ལས་འགུལ་མཇུག་སྒྲིལ་བའི་མཚམས་ནས་དྲ་སྟེང་དུ་ཕལ་ཆེར་ཡོང་རྩིས་མེད། དེ་སྔོན་ཡང་དྲ་སྟེང་རྩ་བ་ནས་ཡོང་མྱོང་མེད་ཀྱང་རྨོངས་པ་ཁྱུ་དང་ཁྱུ་བྱས་ཏེ་གཡམ་རྒྱུགས་ཀྱིས་བོད་ཀྱི་མ་འོངས་པ་འདི་རླུང་ལ་བསྐུར་རྩིས་ཡོད་པའི་གནས་ཚུལ་གོ་རྗེས་དྲ་སྟེང་མི་ཡོང་ཐུ་མེད་ཆགས་སོང་། ང་དྲ་སྟེང་ཡོང་ནས་བདེན་པའི་གནས་ལུགས་དྲངས་པ་ལ་གྲུབ་འབྲས་ཀྱང་མི་དམན་པ་ཞིག་ཐོབ་སོང། གང་འགྲོ་གཏོལ་མེད་པའི་མི་མང་པོ་ཞིག་ལ་འགྲོ་ལམ་བཤངས་ཐུབ་སོང་ལ་མ་མཐར་ཡང་མགོ་བསྐོར་བསླུ་བྲིད་བྱེད་མཁན་གྱི་དཔུང་ཁག་གི་གདོང་རིས་ངོ་མ་དེ་མི་དམངས་མདུན་གསལ་སྟོན་བྱེད་ཐུབ་སོང་།འདི་དངོས་གནས་དགའ་འོས་པ་ཞིག་མ་ཡིན་ནམ། ལྟོས་དང་། ད་ཆ་ཁོ་ཚོ་ལ་རྒྱུ་མཚན་ལྡན་པའི་གནས་ལུགས་ཤིག་འདྲེན་རྒྱུ་འདུག་གམ ད་ལྟ་ཁོ་ཚོ་བག་ཁུམས་ཀྱིས་དོན་ཡང་ཡོང་ནུས་ཀྱི་མི་འདུག གལ་ཏེ་སྐབས་རེ་ཡོང་ཁུལ་བྱས་པའི་དབང་དུ་བཏང་ཀྱང་གཞན་ལ་གཞི་མེད་ཀྱི་སྒྲོ་སྐུར་དང་ཚིག་མཚོན་འདེབས་པ་སོགསརེད། ལྟོས་དང་། ཁོ་ཚོས་སྤེལ་བའི་ཡིག་ཚོགས་འདི་ཚོ་གང་འདྲ་ཞིག་འདུག དག་ཆ་དང་སྡེབ་སྦྱོར། དེ་བཞིན་ཚིག་སྦྱོར་སོགས་ཧ་ཅང་གི་ངོ་ཚ་དགོས་པའི་གནས་ཤིག་མ་ཡིན་ནམ། མ་ཟད་བློ་སེང་ཁོང་ད་ལན་བསྐོར་བསྐྱོད་སྐབས་དེ་སྔ་ལྟར་མ་ཡིན་པར་སྐད་ཆ་ཤོད་སྐབས་ཧ་ཅང་གིས་གཟབ་ནན་བྱེད་ཀྱི་འདུག་ཟེར། ད་སྔ་ཡིན་ན་ཁོ་རང་མི་དང་གཞན་རྣམས་དུད་འགྲོ་ལྟ་བུ་ཞིག་ཏུ་བཟུང་སྟེ་རང་གི་ཁ་ནས་གང་ཐོན་ཤོད་ཀྱི་ཡོད་པ་དེ་ལ་ང་ཚོས་སྟངས་འཛིན་ལེགས་པོ་ཞིག་བྱེད་ཐུབ་པ་འདི་རྒྱལ་ཁ་ཞིག་མ་ཡིན་ནམ། སོང་ཙང་ངས་དགའ་འོས་པའི་གནས་ཚུལ་འདི་ཡང་ཟླ་བ་ཆོས་འཛོམས་ལགས་སུ་ཤོད་འདོད་བྱུང་། དངོས་གནས་བྱས་ན་ང་ལ་དུས་ཚོད་ཧ་ཅང་དཀོན། ཡིན་ཡང་གལ་ཆེ་དོན་ཆེར་དམིགས་ཏེ་དུས་ཚོད་མང་པོ་ཞིག་དྲ་ཐོག་ཏུ་བཏང་ཟིན། རྗེས་ནས་ནི་དེ་ལྟར་མ་ཡིན། ཚང་མས་ད་དུང་ཡང་ཟླ་བ་གཅིག་ཙམ་ལས་ཀ་ཧུར་ཐག་གནང་རྒྱུའི་རེ་བ་བཅས། བྷི་བྷི་སི་ཡིས་འདི་ཚེས་ལ།
དངོས་གནས་བྱས་ན། མིང་དངོས་སུ་མ་བཀོད་ཀྱང། པུར་མིང་ཡོངས་གྲགས་ཤིག་བཀོད་ཐུབ་ན་འབྲི་མཁན་གྱི་འབད་བརྩོན་ལ་ངོས་འཛིན་ཡོང་གཞི་ཞིག་དང། དྲ་རྒྱ་རང་ལ་མཐོང་སླེབས་ཡ་གཅིག་རེད་མོད། མིང་མ་བཀོད་པ་འདི་རང་གི་ལས་དོན་དང་འབྲེལ་བའི་སྒྲིག་གཞི་གང་རུང་དང་འགལ་གྱི་ཡོད་པར་སྔོན་མ་དུས་བབ་ཚང་གིས་བཤད་མྱོང་བ་རེད། ཡིན་ནའང་དེ་འདྲས་སྒྲིག་འཛུགས་ལ་བློ་གཏོད་བཅོལ་ཁུལ་གྱིས་དོན་དམ་ངོ་གདོང་གཞན་ཞིག་གིས་སྐད་ཆ་གཞན ཞིག་བཤད་འདོད་པ་དེ་དག་ལ། ངས་བསམ་ན་མ་མཐའི་ཡི་གེ་པའི་ཚད་གཞི་དེ་མ་འཛོམས་པ་རེད་བསམས་ཀྱི་འདུག ཡང་ཕྱོགས་གཅིག་ནས་དངོས་མིང་མ་བཀོད་ན་མཚམས་རེར་ཐལ་ཆ་འདྲ་ཤོར་ཀྱང་མི་སྐྱོན་གི་བསམ་མཁན་ཡོད་ནི་རེད། དེ་ནི་འགྱེལ་ཞོར་ལངས་ཞོར་འགྲོ་ལ་སྤོབས་པའི་གཤིས་ཀ་རྒྱུན་སྐྱོང་མི་བྱེད་པ་ནི་བོད་མི་ཚོར་དམིགས་བསལ་འབྲེལ་བ་ཞིག་ཡིན་ན་ཐང་གི། གང་ལྟར་རང་ཉིད་ཡི་གེ་འདིར་འཐམས་ཤིང་འཁྱུད་ནས་གང་དུ་ཟགས་ཀྱང། གང་དུ་སླེབས་ཀྱང་འགྲོ་དགོས་བསམ་པ་ཞིག་ཡིན་ན། རང་གི་དངོས་མིང་དང་ཡོངས་གྲགས་ཀྱི་པུར་མིང་བཀོད་ཐུབ་ངེས་རེད། ཡིན་ནའང། མིང་འདྲ་མིན་བཀོད་མཁན་གྱི་ནང་ན། དོན་དངོས་ཡིག་འཁྱོག་རེ་འབྲི་ཤེས་པ་ཙམ་མང་པོས་བསམ་སྦྱོར་གཞན་གྱི་སྐུར་བཞེངས་ཀྱི་ཡོད་པ་ནི་དངོས་ཡོད་རེད། དེའི་ནང་ནས་ཀྱང་རང་གི་གནད་ཡོད་མི་སྣའི་མཚན་འོག་མཆན་བུ་བཏབས་པས་རྣམ་རྟོག་མང་པོ་བསྐྲུན་གྱི་ཡོད་ཁར་སྐད་ཆ་མང་པོ་ཆགས་ཀྱི་ཡོད་པ་རེད་ལ། བརྩི་བཀུར་བྱེད་ཀྱི་མེད་པ་ནི་དོན་དངོས་རང་རེད། ངས་ད་ལྟ་བཤད་པའི་བརྩི་བཀུར་དེ་ཁྱེད་རང་སྒེར་ནས་རྒྱུ་མཚན་ཡང་དག་གིས་བརྩི་བཀུར་བྱེད་དགོས་ཟེར་གྱི་མེད་ཀྱང། གཞན་མང་པོས་བརྩི་བཀུར་རྣམ་དག་ཐོབ་ས་ཞིག་ལ་ཁྱད་གསོད་བྱས་ན། རང་བཞིན་མི་མང་པོ་ཞིག་མ་དགའ་བ་ཆགས་འགྲོ་གི་རེད། དེ་བས་བརྩི་བཀུར་འདི་ཁྱེད་ཀྱི་ཐོབ་ཐང་གི་ཁོངས་སུ་བཙན་སྦྱར་མ་བྱས་ན་འོས་པར་སེམས་ལ། དོན་དམ་དངོས་ཡོད་གནས་ཚུལ་བསྟུན་དགོས་ཞེས་པ་དེ་རེད།
གཞོག་རླུང་བསིལ་བུ་སྙིང་ལ་ཞུགས།
ལྷག་བསམ་རྫུ་བའི་གཡོ་རྒྱུའི་གཏམ།
གཟེ་མ་ར་མགོའི་ཨ་འགར་དེ།
འཕེན་མ་ཤེས་ན་རང་མགོ་གཏོར།
རིག་ངན་སྡིག་པའི་བུ་ཆུང་ནི།
ལང་ཚོ་རྫོགས་དུས་མ་རྒན་ཟ།
གཡོ་ཆེན་གཏམ་གྱི་ཤ་ཚ་དེ།
ཐོས་བས་ཁོག་ལ་གད་མོ་ཤོར།
གོ་ན་རྣ་བའི་བདུད་རྩི་ཡིན།
མ་གོ་སྙིང་གི་གཟེར་མ་གྱིས།
རང་མིང་བྲིས་པ་དྲང་པོ་རེད། །
སྨྱུག་མིང་བེད་སྤྱད་ཅུང་ཟད་ཡོ། །
གཞན་མིང་རྩོམ་སྤེལ་མ་རབས་རེད། །
མིང་མེད་རྩོམ་མེད་ལྷག་བསམ་མེད། །
རྩོམ་རིག་ཆུ་བོའི་རྒྱུན་རིང་ཤོག །
ཁྱེད་ཀྱིས་གཞན་གྱི་མིང་སྤྱོད་ཐུབ་བམ་ཞེས་པའི་བསམ་ཚུལ་བྲི་མཁན་གྱི་མི་འདི་བསམ་བློའི་གནས་ཚད་དེ་ཙམ་མེད་པའི་མི་ཞིག་རེད་འདུག ཁོ་པས་འདི་ལྟར་བྲིས་པ་སྟེ། ༼འདི་དག་ནི་ཁྲིམས་འགལ་ཡིན་པ་འདྲ། མི་ཚབ་བྱེད་པའམ་མི་གཞན་ཞིག་འཁྲབ་པ་༼impersonator༽དེ་དག་ཧ་ཅང་མ་འོས་པ་ཞིག་རེད་དྲན། དྲ་རྒྱ་ཁ་ཤས་ན་འདི་ལྟར་བྱེད་མཁན་ཚོར་ སྐྱེ་བོ་གཞན་གྱི་རྣམ་པ་རྐུ་འཕྲོག་བྱེད་པའི་ ༼identity theft ༽ནག་ཉེས་ཀྱི་ཁོངས་སུ་བཅུག་ནས་ཁྲིམས་ཆད་གཅོད་པའི་ལམ་ཁ་ཡོད་ཅེས་བསྒྲགས་འདུག༽ སོགས་གལ་ཆེ་མདོག་གིས་བྲིས་པ་ནི་དོན་དངོས་དང་བར་ཐག་ཧ་ཅང་རིང་བ་མ་ཟད། དགེ་སྐྱོན་གཉིས་ཀའི་ཕྱོགས་ལ་བསམ་གཞིགས་བྱེད་ཐུབ་མི་འདུག དཔེར་ན། ཁོ་བོ་ལྟ་བུས་རང་གི་མིང་ལ། བློ་བཟང་ཡོན་ཏན་དང་། ཕུན་ཚོགས་ཚེ་རིང་། ཉི་མ་དོན་གྲུབ། ལྷག་པ་བཀྲ་ཤིས། དོན་གྲུབ་ཚེ་རིང་། ཡེ་ཤེས། བསམ་གྲུབ་དཔལ་ལྡན། སོགས་བོད་མིང་བྲིས་པས་མི་ལང་བ་ཞིག་འབྲི་མི་ཐུབ་བམ། མྱུར་འཕྲིན་ཁ་བྱང་ཡང་དེ་མཚུངས་ཤིག་བཟོ་མི་ཐུབ་པ་གང་ཡོད། དེ་དག་ངས་འབྲི་ཐུབ་ཀྱང་བསམ་གཞིགས་མང་པོ་བྱས་མཐར་BBC ཞེས་པའི་མིང་དེ་སྤྱད་པ་ཡིན། རྒྱུ་མཚན་ནི། གལ་ཏེ་ཁྱེད་ཀྱི་ཉེ་འཁོར་ན་ཁྱོད་རང་དང་འཆམ་པོ་མེད་པའི་ལྷག་པ་བཀྲ་ཤིས་ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་སྟེ། ཉིན་ཞིག་དྲ་སྟེང་དུ་ང་ལྟ་བུ་ཞིག་གིས་ལྷག་པ་བཀྲ་ཤིས་ཞེས་པའི་མིང་བེད་སྤྱད་དེ་མི་གཞན་ལ་མཚང་འབྲུའི་ཚིག་མཚོན་འདེབས་སྐབས་ཁྱེད་རང་གི་མཚང་དང་ཆེས་ཆ་འགྲིགས་པོ་བྱུང་ན། སྐབས་དེ་དུས་ཁྱེད་རང་གིས་རང་མནོང་ངོས་ལེན་གྱིས་རང་གི་ཉེ་འཁོར་ན་ཡོད་པའི་ལྷག་པ་བཀྲ་ཤིས་ལ་མ་ཉེས་ཁག་གཡོག་བྱ་རྒྱུར་ཐེ་ཚོམ་མེད། སྐབས་དེ་དུས་ཁྱེད་རང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་རྒྱུ་མཚན་ལྟར་སྣང་མང་པོ་འདྲེན་སྲིད། གཙོ་ཆེ་ཤོས་ཀྱི་རྒྱུ་མཚན་ནི། ང་ལ་རྒྱུས་མངའ་ཆེ་ཤོས་ནི་རང་གི་ཉེ་འཁོར་ན་ཡོད་པ་འི་རང་གི་དགྲ་ལྷག་པ་བཀྲ་ཤིས་ཁོ་པ་ཡིན་པ་དང་། ངའི་གནས་ཚུལ་ཞིབ་ཕྲ་ཤེས་མཁན་ཁོ་པ་ཡིན་ཞེས་པ་དང་། ཁོ་པ་ནམ་རྒྱུན་ནས་ང་དང་འཆམ་པོ་མེད་ཅེས་པ་སོགས་ཁུངས་ལུང་རྒྱུ་མཚན་མང་པོ་འདྲེན་སྲིད་ཀྱང་། ལྷག་པ་བཀྲ་ཤིས་ཀྱི་མིང་ཁུར་བ་གཞན་ཞིག་གིས་བྲིས་པ་དེ་སྟེས་དབང་གིས་རང་གི་མཚང་ལ་ཕོག་མིན་བསམ་བློར་འཁོར་དཀའ་བ་རེད། དེ་བཞིན་སྤྱི་སྒེར་དང་། ཆོལ་ཁ་སོགས་ཀྱི་དབར་ལ་ཕྱོགས་འཐེན་རྐྱེན་སློང་མི་ཡོང་བའི་ཆེད་ངས་མིང་དེ་ལྟརསྤྱད་པ་ལས་ཁྲིམས་མི་ཤེས་པ་དང་། མགོ་བསྐོར་བྱེད་ཀྱི་བོད་མིང་བྲི་མི་ཤེས་པ་སོགས་མིན་པས་ན། དེ་དོན་ཁྱེད་ཀྱིས་ལེགས་པར་ཤེས་དགོས་ཡིད་འདོམས་གྱིས།
ཁྱེད་ཀྱིས་གཞན་གྱི་མིང་སྤྱོད་ཐུབ་བམ་ཞེས་པའི་བསམ་ཚུལ་བྲི་མཁན་གྱི་མི་འདི་བསམ་བློའི་གནས་ཚད་དེ་ཙམ་མེད་པའི་མི་ཞིག་རེད་འདུག ཁོ་པས་འདི་ལྟར་བྲིས་པ་སྟེ། ༼འདི་དག་ནི་ཁྲིམས་འགལ་ཡིན་པ་འདྲ། མི་ཚབ་བྱེད་པའམ་མི་གཞན་ཞིག་འཁྲབ་པ་༼impersonator༽དེ་དག་ཧ་ཅང་མ་འོས་པ་ཞིག་རེད་དྲན། དྲ་རྒྱ་ཁ་ཤས་ན་འདི་ལྟར་བྱེད་མཁན་ཚོར་ སྐྱེ་བོ་གཞན་གྱི་རྣམ་པ་རྐུ་འཕྲོག་བྱེད་པའི་ ༼identity theft ༽ནག་ཉེས་ཀྱི་ཁོངས་སུ་བཅུག་ནས་ཁྲིམས་ཆད་གཅོད་པའི་ལམ་ཁ་ཡོད་ཅེས་བསྒྲགས་འདུག༽ སོགས་གལ་ཆེ་མདོག་གིས་བྲིས་པ་ནི་དོན་དངོས་དང་བར་ཐག་ཧ་ཅང་རིང་བ་མ་ཟད། དགེ་སྐྱོན་གཉིས་ཀའི་ཕྱོགས་ལ་བསམ་གཞིགས་བྱེད་ཐུབ་མི་འདུག དཔེར་ན། ཁོ་བོ་ལྟ་བུས་རང་གི་མིང་ལ། བློ་བཟང་ཡོན་ཏན་དང་། ཕུན་ཚོགས་ཚེ་རིང་། ཉི་མ་དོན་གྲུབ། ལྷག་པ་བཀྲ་ཤིས། དོན་གྲུབ་ཚེ་རིང་། ཡེ་ཤེས། བསམ་གྲུབ་དཔལ་ལྡན། སོགས་བོད་མིང་བྲིས་པས་མི་ལང་བ་ཞིག་འབྲི་མི་ཐུབ་བམ། མྱུར་འཕྲིན་ཁ་བྱང་ཡང་དེ་མཚུངས་ཤིག་བཟོ་མི་ཐུབ་པ་གང་ཡོད། དེ་དག་ངས་འབྲི་ཐུབ་ཀྱང་བསམ་གཞིགས་མང་པོ་བྱས་མཐར་BBC ཞེས་པའི་མིང་དེ་སྤྱད་པ་ཡིན། རྒྱུ་མཚན་ནི། གལ་ཏེ་ཁྱེད་ཀྱི་ཉེ་འཁོར་ན་ཁྱོད་རང་དང་འཆམ་པོ་མེད་པའི་ལྷག་པ་བཀྲ་ཤིས་ཞེས་པ་ཞིག་ཡོད་པའི་དབང་དུ་བཏང་སྟེ། ཉིན་ཞིག་དྲ་སྟེང་དུ་ང་ལྟ་བུ་ཞིག་གིས་ལྷག་པ་བཀྲ་ཤིས་ཞེས་པའི་མིང་བེད་སྤྱད་དེ་མི་གཞན་ལ་མཚང་འབྲུའི་ཚིག་མཚོན་འདེབས་སྐབས་ཁྱེད་རང་གི་མཚང་དང་ཆེས་ཆ་འགྲིགས་པོ་བྱུང་ན། སྐབས་དེ་དུས་ཁྱེད་རང་གིས་རང་གནོང་ངོས་ལེན་གྱིས་རང་གི་ཉེ་འཁོར་ན་ཡོད་པའི་ལྷག་པ་བཀྲ་ཤིས་ལ་མ་ཉེས་ཁག་གཡོག་བྱ་རྒྱུར་ཐེ་ཚོམ་མེད། སྐབས་དེ་དུས་ཁྱེད་རང་ཉོན་མོངས་པའི་གཞན་དབང་དུ་གྱུར་ཏེ་རྒྱུ་མཚན་ལྟར་སྣང་མང་པོ་འདྲེན་སྲིད། གཙོ་ཆེ་ཤོས་ཀྱི་རྒྱུ་མཚན་ནི། ང་ལ་རྒྱུས་མངའ་ཆེ་ཤོས་ནི་རང་གི་ཉེ་འཁོར་ན་ཡོད་པའི་རང་གི་དགྲ་ལྷག་པ་བཀྲ་ཤིས་ཁོ་པ་ཡིན་པ་དང་། ངའི་གནས་ཚུལ་ཞིབ་ཕྲ་ཤེས་མཁན་ཁོ་པ་ཡིན་ཞེས་པ་དང་། ཁོ་པ་ནམ་རྒྱུན་ནས་ང་དང་འཆམ་པོ་མེད་ཅེས་པ་སོགས་ཁུངས་ལུང་རྒྱུ་མཚན་མང་པོ་འདྲེན་སྲིད་ཀྱང་། ལྷག་པ་བཀྲ་ཤིས་ཀྱི་མིང་ཁུར་བ་གཞན་ཞིག་གིས་བྲིས་པ་དེ་སྟེས་དབང་གིས་རང་གི་མཚང་ལ་ཕོག་མིན་བསམ་བློར་འཁོར་དཀའ་བ་རེད། དེ་བཞིན་སྤྱི་སྒེར་དང་། ཆོལ་ཁ་སོགས་ཀྱི་དབར་ལ་ཕྱོགས་འཐེན་རྐྱེན་སློང་མི་ཡོང་བའི་ཆེད་ངས་མིང་དེ་ལྟརསྤྱད་པ་ལས་ཁྲིམས་མི་ཤེས་པ་དང་། མགོ་བསྐོར་བྱེད་ཀྱི་བོད་མིང་བྲི་མི་ཤེས་པ་སོགས་མིན་པས་ན། དེ་དོན་ཁྱེད་ཀྱིས་ལེགས་པར་ཤེས་དགོས་ཡིད་འདོམས་གྱིས།
ངས་ཁ་སྔོན་སྔོན་འགྲོའི་སྐབས་བློ་སེང་ལགས་སུ་འོས་འཕེན་པར་དེ་དུས་ཕལ་ཆེར་ངས་ནོར་འཁྲུལ་ཆེན་པོ་བྱས་འདུག་་་་་ད་རེད་་དངོས་གཞིའི་སྐབས་འོས་ཁོང་ལ་འཕེན་འདོད་མེད་གང་ལ་ཞེས་ན་ཁོང་ལ་དངོས་ནས་བཙན་བྱོལ་སྤྱི་ཚོགས་ཡོངས་དང་ལྷག་པར་བཙལ་བྱོལ་ཆབ་སྲོད་ཀྱི་མྱོང་བ་གཡག་རྔ་ཙམ་ཡང་མིན་འདུག་ཁོང་ལ་དྲི་བ་དྲི་ལན་སྐབས་ཁོང་གིས་བཙན་བྱོལ་སྤྱི་ཚོགས་ནང་གི་མི་དམངས་སེམས་སྐུགས་ཐབས་ལས་དངོས་ཡོད་ཀྱི་བཀའ་མོལ་གནང་གི་མིན་འདུག་ལ་དེ་བཞིན་ཁོང་གི་ཨ་རི་ལྟ་བུའི་སྲིད་འཛིན་གྱི་བྱ་གཞག་ལ་དཔེ་ལྟས་ནས་བཙན་བྱོལ་ནང་གསར་བཅོས་ཞེས་འུར་ཆེན་པོ་གནང་བར་དངོས་ནས་ངས་དེ་སྔ་ཁོང་ལ་འོས་འཕེན་པ་ནོར་བ་ཤེས་ཐུབ་པ་ནི་དེང་དུས་དྲ་རྒྱ་ཚོའི་ཉེར་ལེན་ལ་རེད་་་་་ད་ངས་དངོས་གཞིའི་འོས་ནི་ཉམས་མྱོང་དང་ཤེས་བྱ་གཉིས་ལྡན་དེ་བཞིན་བཙན་བྱོལ་གཞུང་དང་བོད་མི་ཡོངས་ལ་བཀའ་དྲིན་ཆེ་བའི་བསྟན་རྣམ་ལགས་སུ་ཡིན་
མགོན་པོ་ལགས་ཁྱེད་ཀྱིས་བསམ་ཚུལ་ལ་ལྟས་ན་་ད་བར་བཙན་བྱོལ་ནང་ལ་བྱུང་ཟིན་པའི་མི་དམངས་ཀྱིས་བཀོད་པའི་བཀའ་བློན་ཐེངས་གཉིས་ནི་་དམངས་གཙོ་ཚད་ལྡན་མིན་པའི་རྣམ་པ་དང་གལ་སྲིད་ཐེངས་འདིར་བློ་སེང་ཕམ་ན་ཡང་ཁྱེད་ཀྱིས་དམངས་གཙོ་ཚད་ལྡན་མིན་ཟེར་ངེས་རེད་འོ་ན་བཙན་བྱོལ་ལ་ཇི་སྲིད་་བློ་སེང་བཀའ་བློན་ལ་མ་བསླེབས་པར་དུ་་དེ་སྲིད་དུ་དམང་གཙོ་ཚད་ལྡན་མ་ཡིན་ནམ་་་་དེ་ནི་ཁྱེད་ཀྱི་ཐད་ཀར་༸གོང་ས་མཆོག་ལ་བསྐྱོན་བརྗོད་བྱ་མ་ཐུབ་རུང་ཤུག་ལ་༸ཡིད་བཞིན་ནོར་བུ་ལ་སྐྱོན་བརྗོད་བྱ་བཞིན་ཡོད་པས་ཧ་ཅང་ཚབས་ཆེན་རེད་་་་་ཁྱོད་ཀྱིས་བྲིས་པའི་ཆན་ནི་དངོས་ནས་ཆབ་སྲིད་ཀྱི་གོ་སྟོབས་ཞན་ལ་བོད་སྤྱི་ཚོགས་ནང་རླང་དུགས་ཆེན་པོ་སྤེལ་བཞིན་འདུག་པས་དངོས་ནས་བོད་མི་དམངས་ལ་ཤ་རྩ་ཡོད་ན་ཆན་བྲིས་སྐབས་འདས་པ་ད་ལྟ་མ་འོངས་བཅས་ལ་བསམ་བློ་ཞིབ་མོ་གཏང་ནས་ཆན་བྲིས་དགོས་་་་་
ངས་བསམ་ན་གོང་དུ་བི་བི་སི་དང་། ཨོ་བ་མ། ཨོ་རྒྱན་ཕྲིན་ལས་རྡོ་རྗེ། ཞེས་པའི་མིང་གསུམ་པོ་འདི་བཀོལ་སྤྱོད་བྱས་པ་ལ་དམིགས་བསལ་གྱི་ངན་ཚབས་ཤིག་མི་འདུག་སྙམ། རྒྱུ་མཚན་གང་ལགས་ཞེ་ན། བི་བི་སིའི་སྐོར་གོང་དུ་དོ་བདག་རང་ངོས་ནས་གསལ་བཤད་གནང་བ་ལྟར་རེད་ལ། ཨོ་བ་མ་ཡང་དེ་མཚུངས་རེད། དེ་བཞིན་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་ཞེས་པ་ནི་མཆན་བུ་འགོད་མཁན་གྱི་དངོས་མིང་མིན་ཞེས་སུས་ཀྱང་ཁ་མཚམས་གཅོད་མི་ཐུབ་པས། གལ་སྲིད་ཁྲིམས་འགལ་ཡིན་པའི་དབང་དུ་བྱས་ཏེ་ཁྲིམས་གཏུག་བྱ་དགོས་ན་རྒྱབ་རྟེན་དུ་གནས་ལུགས་ཅི་ཞིག་འདྲེན་རྒྱུ་ཡིན་ནམ།
྆྆༾༾༾༾྆྆༜༜༜BBCལགས་ཀྱིས་གསུངས་པར་རྒྱུ་མཚན་ཆེན་པོ་འདུག་མངོན་པར་བསྟོད་རྒྱུ་ཡིན།
དྲ་ཐོག་གི་མིང་བེད་སྤྱོད་གཏོང་སྟངས་ནི་དྲ་རྒྱའི་དོ་དམ་གྱི་ཆ་ནས་བཤད་ན་དཀའ་རྙོག་ཅིག་ལོས་ཡིན། དེ་ལ་བསམ་ཤེས་ལོས་བྱེད་ཐུབ། བལ་ཡུལ་གྱི་བཀྲ་ཤིས་དོན་གྲུབ་མིང་ཅན་པ་དེའི་བྱེད་སྟངས་ལ། ངས་ད་དུང་ཡང་གུ་ཡངས་ཀྱི་བསམ་བློ་གཏོང་ཐུབ་ཀྱི་མི་འདུག
ང་ཚོ་ནི་རང་ཡུལ་གཞན་ལག་ཏུ་ཤོར་ཏེ་གཞན་ཡུལ་ལ་བཙན་གཡོལ་དུ་ཡོང་བའི་སྐྱབས་བཅོལ་བ་རེད། རང་རེའི་སྤྱི་ཚོགས་ཀྱི་བདེ་དོན་ལ་ཕན་མི་ཐོགས་རུང་གནོད་སྐྱེལ་རྒྱུའི་བསམ་བློ་ཁོག་བཅངས་ཀྱིས་དཀྲུགས་ཤིང་བརྒྱབ་ན་དེ་ལ་ཅི་ཟེར་དགོས་སམ། ཁ་བརྡའི་ཐོག་ཏུ་བསམ་གཟས་ནས་དཀྲོགས་གཏམ་བཟོ་རུ་ཡོང་ན། དྲ་དེབ་དོ་དམ་པས་དེ་མཐའ་གཅིག་ཏུ་འགོག་ཐབས་བསྟེན་རྒྱུ་ལས་གཞན་ཐབས་ཅི་ཡོད་བསམ། ཁ་སྔོན་ཞིག་ལ་ཨ་མདོའི་ཨ་ལགས་ག་གེ་མོ་ཞིག་གཡབ་རྐྱལ་རེད་ཟེར་བའི་ཚིག་ཅིག་འདུག དེ་ངས་བསུབ་པ་ཡིན།
གཞན། “མི་ཚབ་བྱེད་པའམ་མི་གཞན་ཞིག་འཁྲབ་པ་༼impersonator༽” དེའི་ཐད་ལ། ངའི་བསམ་པར་ BBC དང་ཨོ་སྦ་མ་ཞེས་པའི་མིང་འདི་གཉིས་ཁ་བརྡའི་ཐོག་ཏུ་བེད་སྤྱོད་གཏོང་བ་ནི་ཀུ་རེའི་ཚུལ་དུ་ཡིན་པ་མ་གཏོགས། དེ་ལ་དངོས་ཡོད་ཀྱི་གཞི་འཛིན་ས་ཞིག་རྩ་ནས་མི་འདུག་བསམ།
ཡོའུ་ཊུའུ་སྦི་ youtube ཟེར་བའི་དྲ་བརྙན་དེ་རུའང་ཨོ་སྦ་མའི་ ༼impersonator༽ཞིག་ཡོད་པ་འདིར་གཟིགས་དང་ང་ཚོའི་བགྲོ་གླེང་འདིའི་ངོ་བོ་ཇེ་གསལ་དུ་འགྲོ་ཐུབ་པའི་རེ་བ་ཡོད་ http://www.youtube.com/watch?v=nU9lTLT3Rp0&feature=related
འདི་ལ་མཆན་འགོད་པ་ཚོས་ “འདི་ནི་ཨོ་སྦ་མའི་ལད་མོ་བྱེད་མཁན་ཡག་ཤོས་དེ་རེད་”ཟེར་བ་ལྟ་བུ་དང་། “ཁྱོད་ནི་ཨོ་སྦ་མ་དང་ཤིན་ཏུ་འདྲ། དེ་ནི་ཁྱོད་ཀྱི་སྐད་ལ་ཟེར་གྱི་ཡོད། དཔེ་ཡག་པོ་འཁྱོངས་འདུག” ཟེར་བ་ལ་སོགས་ཀྱི་མཆན་བཀོད་འདུག འདི་དང་འདི་བཞིན་གྱི་མི་ཚབ་བྱེད་པའམ་མི་གཞན་ཞིག་འཁྲབ་པའི་དཔེ་མཚོན་ནི་གྲངས་ཀྱིས་མི་ལངས་མོད། གནད་འགག་ནི་དེ་དག་མང་ཆེ་བ་ནི་ཀུ་རེ་དང་གད་མོ་སློང་བྱེད་ཁོ་ན་ཙམ་ཡིན་པ་མ་ཟད། དེ་ནི་ངོ་མ་དགོད་བྲོ་བ་ཞིག་ཡིན་པ་འབྲེལ་ཐག་འདིར་གཟིགས་དང་ཤེས་ཐུབ། http://video.google.com/videoplay?docid=-1921276117304287501#
དེ་བཞིན་དུ་ངས་ཀྱང་གོང་དུ་ “ཁ་བརྡའི་ཐོག་གི་ BBC ཟེར་མཁན་དེས་གསར་འགྱུར་བརྒྱུད་ལམ་ཞིག་གི་རྣམ་པའི་ཐོག་ནས་ཀུ་རེ་མང་པོ་རྩེས་སོང་བ་དེ་ནི་དགོད་བྲོ་བོ་ཞིག་བྱུང་”ཞེས་བཤད་པ་ཡིན། མདོར་སྡུས་ན་ཕྱི་རྒྱལ་གྱི་སྐད་གྲགས་ཆོད་པའི་མིང་དེ་འདྲ་བོད་ཡིག་ཏུ་བཀོལ་ན་དེ་ནི་སུས་ཀྱང་རྩེད་མོ་ཙམ་ལ་ངོས་འཛིན་ལོས་བྱེད་བསམ།
ཡིན་ནའང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ནི་ལོགས་ཀ་རེད། ང་ཚོ་ནི་བོད་པ་རེད། གཞན་གྱིས་ཅི་ཞིག་བྱེད་པ་དེ་ང་ཚོས་དེ་ལྟར་བྱས་ན་འགྲིག་གི་ཡོད་པའི་ཁ་ཕོ་བཤད་རྒྱུ་མེད་ལ། གཞན་གྱིས་ཅི་ཞིག་བྱེད་པ་དེ་ང་ཚོས་དེ་ལྟར་བྱེད་དགོས་དོན་ཡང་ཨེ་ཡོད་བསམ། ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཞེས་པའི་མིང་ཐོག་ནས་༧རྒྱལ་བ་ཀརྨ་པ་ཡིན་མདོག་མདོག་བྱས་ནས་མཆན་བཏབ་ན་དེ་ལ་སྡུག་རྒྱུ་ཞིག་མ་གཏོགས་དགའ་རྒྱུ་ཞིག་གང་ན་ཡོད།
སྟག་སྨྱོན་ནི་གླེང་གཞིའི་འདིའི་དཔེ་མཚོན་ཡག་ཤོས་ཞིག་རེད། ཁ་བརྡའི་ཐོག་ཏུ་སྟག་སྨྱོན་ཡིན་ཁུལ་གྱིས་མཆན་འདེབས་མཁན་གཞན་ཞིག་སླེབས་ནས་མཆན་མང་པོ་བཏབ་སོང་མོད། སྟག་སྨྱོན་ཁོང་ང་ཚོའི་མཉམ་དུ་ད་དུང་ཡང་ཁ་བརྡའི་ཐོག་ཏུ་བཞུགས་ཡོད་པ་མ་ཟད། ཁོང་ནི་ཚིག་གི་རྩེད་མོ་ཙམ་ལ་གཡེང་ནས་སྡོད་མཁན་ཞིག་མིན་པའི་ཡིད་ཆེས་ཀྱིས་མདང་དགུང་ཁོང་ལ་རེ་སྐུལ་འདི་ལྟར་ཞུས་པ་ཡིན། “དྲ་རྒྱ་དང་དྲ་ཚིགས་ཟེར་བ་འདི་དར་ནས་བཟུང་རྒྱལ་སྤྱིའི་ཐོག་ཏུ་ང་ཚོས་དེ་ལ་ད་བར་དུ་བེད་སྤྱོད་བྱེད་ཡུལ་གཉིས་བཀོད་སྒྲིག་བྱས་ཡོད་པའི་གཅིག་ནི། གནས་ཚུལ་དང་གཞན་དེ་ནི་རྩེད་འཇོ་རེད་ཟེར། གཅིག་བྱས་ན་དེ་ལས་མང་སྲིད། ཡིན་ནའང་ངས་འདིར་ཁྱེད་ལ་བཤད་འདོད་པ་ནི། གནས་ཚུལ་མང་ཙམ་སྤྲོད་ཐུབ་ན་བཟང་བའི་རེ་ཞུ་ཙམ་ཡིན།”
སྟག་སྨྱོན་སུ་ཡིན་ངས་མི་ཤེས། གང་ཟག་ལ་མི་རྟོན་པར་ཆོས་ལ་རྟོན་ཟེར་བ་ལྟར། ངས་ནི་ཁོང་གི་རྩོམ་དང་མཆན་ཁོ་ནའི་ཐོག་ནས་བཤད་ཀྱི་ཡོད། ད་དེ་ཙམ་ཡིན། ཁྱོའི་ཐུགས་ཐོག་ལ་བབས་ཡོད་མེད་མ་ཤེས། ཕལ་ཆེར་ཁྱོའི་བཤད་སྟངས་ལ་བལྟས་ན། བྱི་ལི་གསལ་བོ་དེ་མི་གསལ་མཁན་ཞིག་ཏུ་འགྱུར་གྱི་ཡོད་པ་འདྲ། ཁྱེད་ཚོ་ཨིན་ཌི་ཡ་ནའི་གསར་རྒོད་སྟག་འདྲ་བོ་ཞིག་མེད་སོང་བ་དེར་གདུང་སེམས་མཉམ་སྐྱེད་ཡོད། གནས་སྐབས་སུ་བདེ་མོ།
BBCལགས་ཡུན་རིང་པོ་བཞུགས་གི་མ་རེད་གནས་སྐབས་རིང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་དང་བློ་སེང་ལ་ངོ་རྒོལ་བྱེད་པར་སླེབས་པ་རེད་བཀའ་བློན་འོས་འདེམས་ཚར་ན་ཁོང་ཡོང་གི་མིན་ཟེར་བཤད་འདུག། ཁོ་རང་དྲ་རྒྱའི་ནང་སླེབས་ནས་ཟླ་བ་ཅིག་ཙམ་འགྲོ་བ་ཡོད། ཧེ་ཧེ་ཧེ
སྨྱུག་མིང་སྤྱོད་པ་འདི་ནི་སྤྱི་ཚོགས་ལ་འགན་ཁུར་དང་ལྷག་བསམ་མེད་པ་མ་ཡིན་ཀྱང་། རང་གི་ངོ་གདོང་བཀག་ནས་གཞན་ལ་རྩོད་རྙོག་སློང་པ་ཞིག་དང་འདྲ།
སྨྱུག་མིང་སྤྱོད་པ་ལ་དགོས་པ་ཡོད་ལ། མེད་ན་རྙོག་གླེང་ཉུང་།
གལ་སྲིད་སྨྱུག་མིང་མ་སྤྱོད་ན། སུ་གང་ཞིག་གིས་སྤྱི་ཙོགས་ཀྱི་སྐྱོན་ལ་སྐྱོན་དུ་བགྲངས་དཀའ་ལ།
སུ་ཞིག་གིས་མི་ངན་ལ་ཁ་གཏད་བྱེད་ནུས་དཀོན།
སྨྱུག་མིང་མ་སྤྱོད་ན་དོན་མེད་སྐྱོན་བརྗོད་ཀྱི་རིགས་གང་ཡང་བྱེད་རྒྱུ་མ་རེད།
གུས་པ་ལྟ་བུ་ཞིག་ཡིན་ཀྱང་ཕྱི་ནང་གི་དོན་གནང་མང་དག་ཅིག་ལ་བརྟེན་ནས་སྨྱུག་མིང་སྤྱོད་པ་ལས།
དེ་མིན་ན་འདི་འདྲའི་རིགས་རྕ་བ་ནས་འབྲི་མི་ཕོད་དོ། །
སྨྱུག་མིང་བེད་སྤྱད་ནས་མི་ཆོས་ཡ་རབས་ཀྱི་སྤྱོད་བཟང་གི་འགན་ཁྱེར་ན་གནད་འགག་གང་ཡང་མེད།
དེ་མིན་ལྐོག་ནས་འབུ་བཞིན་ལང་ནས་མ་ཉེས་ཁ་གཡོགས་དང་སྒྲོ་སྐུར་ལས་སོགས་གཞན་སྐྱོན་ཤིག་ཙམ་དེ་དགུང་སྔོན་གྱི་དབྱིངས་སུ་འཕྱར་དེ་ཐེར་འདོན་ཁོ་ན་ལས་རང་སྐྱོན་གཡག་ཙམ་དེ་ས་རིམ་པ་དགུ་ཡི་འོག་ཏུ་སྦས་རྐྱང་བྱེད་ན་དེ་ཡིས་ནམ་ཞིག་ཕུང་འདྲེ་སྦྱོར་ངེས་རེད།
སྡུག་ན་ཁ་བརྡ་ཚང་ཡང་ཁྲིམས་ལ་ཐུག་ངེས་རེད།
དེས་ན་དྲྭ་གྲོགས་སྨྱུག་མིང་འོག་ཏུ་གབ་ཡིབ་བྱེད་མི་དང་མཚན་དངོས་སུ་སྨྲོས་པའི་དྲྭ་གྲོགས་ཡོངས་ཀྱིས་ངེད་ཅག་གི་གཏན་འགྲོགས་ཁ་བརྡ་ཚང་སྐུ་ཚེ་ཡུན་རིང་དུ་བཞུགས་དགོས་དགོངས་ཚེ་ཐུགས་བསམ་ལེགས་པོ་ཞིག་བཞེས་པའི་རེ་བ་དང།
སྨོན་ལམ་བཅས་ཞུ་བཞིན་ཡོད།
ང་ཡང་སྨྱུག་མིང་གི་འོག་ཏུ་གབ་ནས་བསྡོད་མཁན་ཅིག་ཡིན།
འོན་ཀྱང་ང་ཡི་ཀུན་སློང་ངན་པས་མ་ཡིན་པར་ཀུ་རེ་རྩེད་ལ་ཡོང་འདོད་པས་ཡིན།
ངས་འདིར་ཞིབ་ཆ་ཅིག་བྱེད་འདོད།
སྤྱིར་ན་སྨྱུག་མིང་བེད་སྤྱོད་བྱེད་པ་ནི་སྒྱུ་རྩལ་གྱི་བྱེ་བྲག་ཅིག་ཀྱང་ཡིན་པས་མི་འོས་པ་ཞིག་ག་ལ་ཡིན།
འོན་ཀྱང་ཆབ་སྲིད་ཀྱི་རྩོམ་བྲིས་འབྲི་ན་དགོས་པ་དམིགས་བསལ་ཧ་ཅང་གནད་ཆེན་མེད་ན་ངེས་པར་དུ་རང་མིང་འབྲི་དགོས་པར་འདོད། རྒྱུ་མཚན་ནི་འདིའི་སྐབས་སུ་གནད་དོན་ལ་དབྱེ་ཞིབ་བྱེད་ཀྱི་ཡོད་སྟབས་གཅིག་སྟོད་གཅིག་སྨད་དུ་འགྱུར་བའི་གོ་སྐབས་མང་པོ་རེད། དེ་འདྲའི་སྐབས་སུ་རང་མིང་མི་འབྲི་བ་དེ་འགན་མ་ཁུར་བའི་རྣམ་པར་གྱུར་བ་ཡིན། འདི་དག་གི་སྐབས་སུ་ཚགས་པར་དང་དྲ་ཚིགས་དག་གི་བདག་པོ་དག་ལ་གསལ་ཆ་ངེས་པར་དུ་ཡོད་དགོས་ན་ཡང་དེ་ལྟར་ཡོད་མདོག་མི་འདུག རང་མིང་མ་ཡིན་པའི་མིང་གང་བཀོལ་རུང་སུ་ཡིན་གཞན་ལ་མེད་རུང་དྲ་ཚིགས་བདག་པོ་ལ་ངེས་པར་དུ་གསལ་ཆ་ཡོད་དགོས། ད་ལྟ་མེད་ན་དེའི་ཆ་རྐྱེན་སྐྲུན་དགོས། དེ་མིན་ཁྱེད་ཅག་གིས་འགན་མ་ཁུར་བར་ཡང་གྱུར་བ་ཡིན། རང་མིང་སྦས་ནས་སྐྱེ་བོ་ཞིག་ལ་མཚང་འབྲུ་དང་གཞི་མེད་སྐྱོན་བརྗོད་བྱེད་ན་རྩད་གཅོད་བྱེད་ས་མེད་པས་སྨྲ་རྗོད་རང་དབང་གི་རྩ་འཛིན་དང་འགལ་སོང་བ་ཡིན།
ད་དུང་གནད་དོན་ཞིག་ནི་ཅི་སྟེ་དངོས་མིང་མི་གསལ་བའི་མི་ཞིག་གིས་སྐྱེ་བོ་ཞིག་ལ་སྐྱོན་བཙུགས་ན་དེ་ལ་ཁུངས་སྐྱེལ་དགོས་པའི་གྱོད་གཏུག་བྱུང་ན་དྲ་བདག་དང་ཚགས་བདག་ཚོས་མི་དེ་སུ་ཡིན་བཤད་རྒྱུ་ཡོད་དགོས། དེ་མིན་དྲ་བདག་དང་ཚགས་བདག་རང་ཉིད་གྱོད་ཡར་འགྱུར་།
ངས་སྨྲ་རྗོད་རང་དབང་གང་བཤད་བཤད་ཅིག་ལ་གོ་རྒྱུ་ལས་མེད་ཟེར་བ་ཡང་རང་མིང་སོགས་ཁུངས་ཆ་ཚང་གསལ་བའི་སྒོ་ནས་བཤད་པ་ལ་ཟེར་བ་ཡིན་གྱི་སྨྲ་བ་པོ་སུ་ཡིན་མེད་པའི་གཏམ་འཁྱར་སྨྲ་བའི་རང་དབང་ལ་ཞིག་ལ་སྨྲ་བརྗོད་རང་དབང་ག་ལ་ཟེར་།
ཤར་ཕྱོགས་ཁུག་རྟ་ལགས།
པུར་མིང་ལབ་ན་ག་རེ་རེད། པུར་ནི་རོ་ཡི་མིང་རེད། རོ་མིང་ཟེར་གི་ཡོད་པ་རེད་དམ། ཉིན་ཤས་སྔོན་གྱི་རྩོམ་ཡིག་འགྲན་པའི་གསལ་བསྒྲགས་དེས་དགའ་བཅུག་སོང་། མཆན་བུ་རེ་རེའི་ནང་ཡིག་ནོར་སྤེལ་སྟངས་འདིས་སྐྱོ་བཅུག་སོང་། ཨ་ལ་ཀུ་རེ་ཡིན།
སྨྱུག་མིང་སྤྱད་ན་སྒྲིག་གཞིའི་དགོངས་པ་དང་མཐུན་པ་དང་། མ་སྤྱད་ན་འགལ་བ་གང་ཡིན་ཡང་། བླང་དོར་གྱི་སྒྲིག་གཞི་དེར་མ་གུས་པ་ཡིན་པ་གཅིག་པ་མིན་ནམ། ངའི་རང་གི་མཚང་མིང་སྤྱད་ནས་མི་ནག་མདུང་ཐུང་ཞེས་བྲིས་ཡོད་པ་འདི་ལ་ཅི་ཟེར་དགོས་རེད། སྨྱུག་མིང་ཟེར་དགོས་རེད་དམ། ད་ཡང་ཉོག་སོང་། རྗེས་ལ་ཡིན་ད།
འདི་རྩོད་གཞི་ཅན་རེད་འདོད། ངེད་ཀྱི་བསམ་ཚུལ་འདི་འདྲ་ཡིན།
དང་པོ།
ངེད་རང་སྒེར་བ་ནི། དངོས་མིང་གི་འོག་ནས་རྩོམ་དང་མཆན་རྒྱག་མཁན་གྱི་གྲས་ཡིན།
དུས་ཚོད་ཧ་ཅང་ཐུང་ངུའི་ནང་ལ་རྩོམ་ཅིག་སྤེལ་དགོས་བྱུང་ན། ད་གཟོད་སྙུག་མིང་རྒྱག་གི་ཡོད། སྙུག་མིང་ནི་སྔོན་མ་སྐར་ཆེན་ཟེར་བ་བེད་སྤྱད་པ་ཡིན། དེ་ནས་། དེང་སང་མདོ་འདུམ་ཚང་ཟེར་བ་དེ་སྤྱོད་ཀྱི་ཡོད། འདི་གཉིས་ཀ། མཚམས་མཚམས་ལ་མ་གཏོགས་བེད་སྤྱོད་གཏོང་གི་མེད།
གཉིས་པ།
ངེད་ཀྱིས་རྩོམ་ཀློག་དུས། དངོས་མིང་རྒྱག་མཁན་ཞིག་ཡིན་ན་། དེ་ཀློག་འདུན་ཆེ་བ་འདུག མཆན་རྒྱག་མཁན་ལ་དེ་མཚུངས་ཡིན། འོན་ཀྱང་། དང་པོ་ནས་སྙུག་མིང་བེད་སྤྱོད་གཏོང་མཁན་ཡིན་ན། དེ་ཚོའི་དེ་ཀློག་འདུན་འདུག དཔེར་ན། གཞོན་ནུ་ཟླ་མེད་དང་སྟག་སྨྱོན་ལྟ་བུ་རེད། འདི་གཉིས་དངོས་མིང་མིན་རུང་།
ཁོང་གཉིས་ཀྱི་སྙུག་མིང་ལྟ་བུ་འདིར་ངེད་ནི་གོམས་ཚར་འདུག
གསུམ།
གཞན་མིང་བེད་སྤྱོད་གཏོང་མཁན་དག་ལ་ནི་བསམ་འཆར་དམིགས་བསལ་མེད། གང་ལྟར། ཉུང་དུ་གཏོང་ཐུབ་ན་ཡག་པོ་འདུག་དྲན། དཔེར་ན། ཨོ་བྷ་མ་དང་ཨོ་རྒྱན་འཕྲིན་ལས་རྡོ་རྗེ། BBC སོགས་བེད་སྤྱོད་གཏོང་མཁན་རྣམས་ཀྱིས་དངོས་མིང་འབྲི་མི་ཐུབ་ན། སྙུག་མིང་གཞན་ཞིག་བེད་སྤྱད་ན་མི་འགྲིག་པ་ཨེ་ཡོད་དྲན། འདི་ལ་ཁྱེད་ཚོས་གཙོ་བོ་བསམ་བློ་ཐོངས། ཡིན་གཅིག་མིན་གཅིག་གཞན་མིང་བེད་སྤྱོད་གཏོང་གི་ཡིན་ལབ་ན། དེ་ལ་དགག་བྱ་མེད།
བཞི།
སྔོན་མར་ངེད་ཀྱི་བསམ་བློ་ལ། རྩོམ་འབྲི་མཁན་དང་མཆན་རྒྱག་མཁན་ཚང་མས། སྙུག་མིང་སོགས་བེད་སྤྱོད་མ་གནང་བར་དངོས་མིང་རྒྱག་ཐུབ་ན་ཡག་པོ་འདུག་དྲན་སོང་། ད་བསམ་ན།
དེ་ཡོང་བ་ཞིག་རེད་མི་འདུག འདི་བོད་པ་གཅིག་པོ་མ་རེད། དབྱིན་ཡིག་གི་དྲ་རྒྱ་ཁག་ན་ཡང་དེ་ལྟར་འདུག དྲ་རྒྱ་དོ་དམ་པས་སྒྲིག་ཁྲིམས་དམིགས་བསལ་བ་ཞིག་བཟོས་ན་མ་གཏོགས། རྩོམ་འབྲི་མཁན་དང་མཆན་རྒྱག་མཁན་གཉིས་ཀས་དང་བླངས་ཀྱི་སྒོ་ནས། དངོས་མིང་གཅིག་པོ་བེད་སྤྱོད་པའི་དུས་ཚོད་ཞིག་ལ་སླེབས་རྒྱུ་མེད་པ་འདྲ། འོན་ཀྱང་། བགྲོ་གླེང་གི་སྤུས་ཀ་ཡག་ཏུ་གཏོང་རྒྱུ་འདུག་དྲན།
ལྔ་།
ཁ་བརྡ་དྲ་བ་ལྟ་བུར་མཚོན་ན། མཆན་འདེབས་མཁན་ཚོའི་སྤུས་ཀ་དེ་ན་ནིང་ལས་ད་ལོར་ཡག་ཏུ་ཕྱིན་འདུག རྩོམ་གཅིག་གི་སྒང་ན། གཞན་ལ་ཀླན་ཀ་འཚོལ་བ་དང་ཚིག་རྩུབ་སྨྲ་བ། འཐབ་འཛིང་བྱེད་པ་སོགས་ཀྱི་མཆན་གྲངས་ནི་མཆན་གྲངས་ཧྲིལ་བོའི་བརྒྱ་ཆ་༡༠ཙམ་རེད། མཆན་གསུབ་དགོས་བ་དང་འགོག་དགོས་བའི་གྲངས་དེ་ཡང་ཉུང་དུ་ཕྱིན་འདུག དེ་ཚོ་ཡར་རྒྱས་རེད།
ཡར་རྒྱས་འདི་མུ་མཐུད་དུ་གནས་བའི་སྨོན་ལམ་འདེབས། དེ་ཙམ་ཡིན།
མཁེྱན་ལྡན་པ་མཐོང་གྲོལ་ནས་ལགས་སུ་ཆེད་ཞུ།
ཁྱེད་རང་གིས་གུས་པ་གནས་སྐབས་རིང་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལ་རྒྱབ་སྐྱོར་དང་བློ་སེང་ལ་ངོ་རྒོལ་བྱེད་པར་སླེབས་པ་རེད་ཅེས་གསུངས་འདུག་ཀྱང་། དོན་དངོས་ལ་ཁྱེད་ཀྱིས་བསམས་པ་ལྟར་མ་ཡིན། ངས་བཀྲས་མཐོང་ལ་རྒྱབ་སྐྱོར་བྱས་མེད་ཀྱང་རྒྱབ་སྐྱོར་ཆགས་པ་རེད། གང་ཡིན་ཟེར་ན་མི་མང་པོ་ཞིག་གིས་རྟོག་དཔྱོད་རྩ་བ་ནས་མེད་པར་བློ་སེང་ལགས་སུ་མིག་བཙུམས་ནས་འོས་བླུགས་ཙང་ཉེན་ཁ་ཞིག་མཐོང་ནས་འདིར་དོན་དངོས་གསལ་སྟོན་བྱེད་དུ་ཡོང་བ་ཡིན། འོན་ཀྱང་བློ་སེང་ལགས་ཀྱི་མཚང་ལ་རྣག་ཐོག་བཙག་འཁེལ་ཆགས་སྟབས་ངོ་རྒོལ་བའི་རྣམ་པ་ཞིག་ཏུ་མངོན་པ་རེད། འདི་ཡང་ཕལ་ཆེ་བ་བློ་སེང་ལགས་ཀྱི་རྒྱབ་སྐྱོར་བ་ཚོའི་འཁྲུལ་སྣང་འཆར་ཡན་གྱི་བཙན་རྫོང་དེ་གཏོར་བྱེད་ཀྱི་མེ་སྒྱོགས་ཤིག་ཏུ་གྱུར་འདུག་ཀྱང་། དོན་འབྲས་ཡོངས་སུ་སོན་དཀའ། གང་ཡིན་ཞེ་ན། བློ་སེང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བརྒྱ་ཆ་དྲུག་ཅུ་ཙམ་རྨོངས་ཞེན་ཕྱོགས་འཐེན་གྱི་རྨང་གཞིའི་སྟེང་ནས་ལངས་ཡོད། འདིའི་དཔེ་མཚོན་ལེགས་ཤོས་ནི་བཀའ་ཁྲི་ཟམ་གདོང་ཚང་གིས་བློ་ཕམ་དང་ཁོང་ཁྲོ་ཟུང་དུ་སྦྲེལ་བའི་སྨྲེ་ངག་ལྷོ་ཨེ་ཤ་ཡའི་མཁའ་དབྱིངས་སུ་འཆོར་བའི་ཚིག་སྟེ། ༼འོས་ཀྱི་མཛོད་ཆགས་འདུག་༽ཅེས་པ་འདི་ལས་གསལ་པོར་རྟོགས་ནུས། གང་ལྟར་ང་ཚོའི་མི་དམངས་རྣམས་ཤེས་ཚད་དམའ་ལ་ཕྱོགས་རིས་ཆེ་བ། མཐོང་རྒྱ་དང་ཐོས་རྒྱ་ཆུང་ལ་གཡམ་རྒྱུགས་ལ་དགའ་བ། རྟོག་དཔྱོད་ཀྱི་ནུས་པ་ཤིན་ཏུ་ཞན་པ་ལས་བླུན་པོ་ཆུ་སྣ་གར་འཁྲིད་བྱ་རྒྱུར་སྟབས་བདེ་ཡིན་པ་སོགས་ཉེན་ཁའི་སྐབས་འདིར་ངས་རང་གིས་གང་ཤེས་མི་རིགས་ཞིག་གི་ལས་དབང་ལ་བསམས་ཏེ་སྙིང་དབུས་ནས་བསམ་པ་རྣམ་དག་བྱས་ཁུལ་ཡང་ཐམས་ཅད་བློ་ཁེངས་པ་མི་ཡོང་བ་ནི། ཞི་བ་ལྷས། སེམས་ཅན་མོས་པ་སྣ་ཚོགས་པ། །ཐུབ་པས་ཀྱང་ནི་མ་འཐུལ་ན། །བདག་འདྲ་ངན་པས་སྨོས་ཅི་དགོས། །ཞེས་གསུངས་པའི་སྡོམ་ཚིག་ལྟར་རེད། དཔེར་ན། དེ་སྔ་ངས་བློ་སེང་དང་བཀྲས་མཐོང་གཉིས་ཀར་གོ་བརྡ་གཏོང་བྱེད་འདི་འདྲ་ཞིག་བྲིས་མྱོང་བ་འདིས་ངའི་ཀུན་སློང་བར་གནས་ཀྱི་ངོ་བོར་མཚོན་ཐུབ་སྙམ། དེ་ནི་འདི་ལྟར།
༡༠༽ BBC ནས།
སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༢༥ གི་ཆུ་ཚོད་ ༦ སྐར་མ་ ༡༠
བཀྲས་མཐོང་ཆིག་ཁྲིས་གཟིར་ནས། །
ཟླ་གསུམ་མཚམས་ལ་བསྡད་ཤག །
ཨོ་བྷ་མ་ཉིས་ཁྲིས་མ་རྒྱགས། །
ཤར་རྒྱུགས་ནུབ་རྒྱུགས་བྱེད་ཀྱིས། །
ད་དུང་སྣོན་པ་ཡིན་ཟེར། །
བཀའ་བློན་བཅོ་ལྔ་བསྣམས་འདུག
དམ་བཅའི་ཁུར་པོ་འདི་ཡིས། །
ཨོ་བྷ་མ་སྐྱིད་དུ་མི་འཇུག ། །ཅེས་པ་འདི་རེད།
གང་ལྟར་ང་ལས་ཁུངས་ལ་འགྲོ་རན་འདུག་པས་མཚམས་འདི་ནས་འཇོག་འ
དོད།
དྲ་གྲོགས་རིན་འབྱུང་ལ་དམིགས་ནས་རྩེད་མོ་ཞིག་ཞུ་འདོད།
ང་རང་དྲ་ཐོག་ལ་ཡོང་ནས་ལོ་གཅིག་ད་དུང་ཟིན་མེད། ང་ཐོག་མར་དྲ་ཐོག་ཏུ་ཡོང་བའི་དམིགས་ཡུལ་ནི་དྲ་ཐོག་གི་བགྲོ་གླེང་གི་སྤུས་ཀ་ཇེ་ལགས་སུ་གཏོང་ཆེད་དུ་ཡོང་བ་ཡིན། ད་ང་ཡོང་ནས་ངས་གྲུབ་འབྲས་ཐོན་པ་འདྲ།
ཨ་ལ་དེ་ཞུ་ཚོད་ག་ལ་ཐིགས་མོད། ངོ་མ་ཡིན། ངས་དམིགས་ཡུལ་དེ་འདྲ་ཞིག་བཟུང་བ་ཡིན། དེ་བཞིན་དྲ་ཐོག་ལ་བགྲོ་གླེང་གི་སྐབས་ཞེ་ས་སོགས་ཀྱིས་རྒྱན་པའི་བགྲོ་གླེང་གང་མང་བྱས་ཀྱང་བྱས་པ་ཡིན། དེ་ཚོས་ཕན་ཐོགས་ཀྱི་ཟུར་རེ་བྱུང་མེད་དམ་སྙམ། དེ་མིན་སྔོན་མ་ང་ཡོང་དུས་དྲ་ཐོག་མཚངས་འབྲུ་རེས་བྱེད་མཁན་མང་པོ་འདུག
གང་ལྟར་ད་དུང་མེད་པར་སོང་མེད། འདི་ཙམ་ཡིན་སྲིད། ཡར་རྒྱས་ལ་ད་དུང་རེ་བ་ལོས་བྱེད།
ཨོ་རྩེད་མོ་བཤད་ནས་ངོ་མ་བཤད་རྒྱུ་ལུས་སོང་ཟིག
སྲིད་དོན་གྱི་རྩོམ་བྲིས་ན་ངེས་པར་དུ་དངོས་མིང་བཀོལ་དགོས་སྙམ་ཡོད། གཅིག་ཡིན།་
གཉིས་པ་་་གང་ཟག་སུ་ཞིག་གིས་རང་མིང་དང་སྨྱུག་མིང་གང་བཀོལ་རུང་གཅིག་གིས་ཁ་མཆུ་བརྒྱབས་ན་ཁྱེད་དྲ་བདག་ཚོས་རྗེས་འདེད་ཐུབ་པ་ཞིག་བྱེད་དགོས། དེ་ལ་སྒྲིག་གཞི་བཟོ་དགོས་རུང་ངེས་པར་དུ་གནང་རོགས།
མི་ནག་མདུང་ཐུང་ལགས། པུར་དེ་པིར་ལ་བཅོས་རོགས། ཡིག་ནོར་ལ་ཁོ་བོ་ཡང་ཁྱེད་ལྟར་ཁྱོན་ནས་མི་དགའ། འོན་ཀྱང། མ་ཤེས་པ་དང་བཏགས་ནོར་ཤོར་བ། རང་བཞིན་གྱིས་ཤོར་འགྲོ་བ། མཚམས་རེར་སྣང་མེད་སོགས་ཀྱང་ཡོང་བཞིན་པས་ན་སློབ་སྟོན་གནང་རྒྱུ་གལ་ཆེན་པོ་འདུག ཕན་གྱི་འདུག ང་ཁུག་རྟ་ཡིག་ནོར་ཁྱོན་ནས་མེད་ས་འགྲོ་གི་མི་འདུག
པིར་མིང་ཞེས་པ་འདི་ལ་སྒྱུ་རྩལ་གྱི་ཆ་དང་ཕུགས་བསམ་གྱི་ཆ་ཞིག་ཡོད་པ་གོར་མ་ཆག་ལ། རང་ཉིད་ཡི་གེ་བའི་ལམ་དུ་བསྐྱོད་འདོད་ཀྱིས་སྣང་དྲངས་ཏེ་པིར་མིང་གིས་རང་གི་ཡོད་ཚད་མཚོན་ཐུབ་བྱེད་པ་འདི་བོད་ལ་གནའ་ནས་དར་ཡོད་ཅེས་ལབ་ན་་རིགས་པས་གནོད་ས་མི་འགྲོ་གི ངས་བསམ་ན་སྒྲ་མིང་དེ་ཚོའང་སྒྱུ་རྩལ་དང་ཕུགས་བསམ་གྱི་ཆ་ཀུན་ནས་ཕྱུག་ཡོད་པ་མ་ཟད། དེས་དོན་དམ་གྱི་ཚད་གཞི་ཞིག་སྟོན་གྱི་ཡོད་པ་རེད། ད་དུང་དེ་ལས་རི་ཆུ་ནགས་གསུམ་ལའང་མིང་འདོགས་སྟངས་འདི་ལས་འཕྲོས་ཏེ་མིང་སྣ་ཚོགས་བཏགས་ཡོད་པ་རེད། ཨ་མདོ་བས་ཡུལ་མིང་འདོགས་སྟངས་དང་ལྷ་སའི་ཡུལ་མིང་འདོགས་སྟངས་གཉིས་ལ་གབ་དང་མ་གབ་ཀྱི་ཆ་ཆེན་པོ་ཡོད་པ་དེ་ལ། ཕལ་ཆེར་སྒྱུ་རྩལ་གྱི་ཆ་ནས་ཁྱད་པར་ཡོད་ལབ་ན་འགྲིག་གི་ཡོད་པ་རེད། འདི་དག་ཚང་མར་ངས་ལོ་རྒྱུས་དང་གཞུང་ལུགས་ཡོད་པ་ཞིག་རེད་ཅེས་ལབ་ཀྱི་ཡོད། འོན་ཀྱང་དྲ་བ་སྤྱོད་ལུགས་འདི་དར་ནས་བཟུང། དངོས་མིང་དང་པིར་མིང་གཉིས་ལས་ལོགས་སུ་དྲ་འབུ་ཞེས་པའི་མིང་གསུམ་པ་ཞིག་ཐོན་པ་རེད། མིང་འདོག་སྟངས་དང་གང་བརྗོད་ཀྱི་ཡོད་མེད་ལ་ལྟོས་ཡོང་དུས་དྲ་འབུ་ཞེས་པ་ནི་ཀུན་གྱི་ཁ་སེམས་གཉིས་ལ་དུས་ཐུང་ནང་འཇགས་པ་ཞིག་ཏུ་གྱུར་བས་ན། དེར་ཆ་འཇོག་དང་སྣང་ཆུང་གི་ཚད་གཞི་རང་བཞིན་གྱིས་མངོན་གསལ་དུ་གྱུར་སོང་བ་རེད། མ་གཞི་ནས་ང་ཚོ་ཚང་མ་བོད་ནས་ཡོང་བ་རེད། གངས་ཞུན་ལྟ་བུར་མཚོན་ན་པིར་མིང་རེད། མིང་དེ་འགྲེལ་སྟངས་རྩོམ་པ་པོ་སྒེར་ལས་གཞན་སུས་འགྲེལ་ཤེས་ཀྱི་མ་རེད། ཡིན་ནའང། ཀློག་པ་པོ་རྣམས་ལ་གངས་ཞུན་གྱི་མིང་ཐོག་ནས་སྐྱོ་སྡུག་གང་རུང་ངོ་སྤྲོད་བྱས་པ་དེས། ཁོང་གི་དངོས་མིང་ལས་གངས་ཞུན་རྩ་ཆེན་པོ་ཆགས་ཡོད་པ་མ་ཟད། རྩོམ་པ་པོས་རང་ལ་གངས་ཞུན་བཏགས་པའི་ཕུགས་དམིགས་ཀྱང་པིང་མིང་དེའི་ཐོག་མི་ཉུང་བ་ཞིག་ལེགས་འགྲུབ་བྱུང་ཡོད་པ་རེད། ད་དུང་སྙན་ངག་པ་གྲགས་ཅན་ལྗང་བུ་ཡིན་ནའང་དེ་ལྟར་རེད།
དེའི་རྐྱེན་གྱིས། དྲ་བ་འདི་བོད་ཀྱི་ཡུམ་སྐད་དང་རྩོམ་རིགས་རིག་གནས་ཀྱི་བང་མཛོད་ཞིག་ཏུ་གྱུར་སོང་ན་བསམ་པའི་མཁྱེན་ལྡན་ཚོས་འདི་ལྟར་དགོངས་ཚུལ་གནང་གདའ་གནང། དེ་བས་ཚང་མས་བསམ་བློ་ཡག་ས་དང་ཆེ་ས་ནས་བཏང་སྟེ། དངོས་མིང་དང་ཡོངས་གྲགས་པིར་མིང་བཀོད་ཐུབ་དེ་མི་དགའ་གང་ལ་དགའ་ཞེས་སྐུལ་འདོད་བྱུང།
ད་དུང་ལྷག་བསྡད་པ་ཞིག་ལ། དངོས་མིང་དང་པིར་མིང་བཀོད་དེ། དྲ་བདག་རྣམ་པ་ཚོའི་དགོངས་གཞི་ལྟར་དོན་དམ་གྱིས་བོད་ཀྱི་རྩོམ་རིགས་རིག་གཞུང་ལ་ཕན་ཐོག་གི་ལྗང་བུ་འབུས་དང་ན། དྲ་བདག་པ་རྣམ་པ་ཚོས་དེ་བསྟུན་རྩོམ་པ་པོ་རྣམས་པར་ཁ་སྟབས་བཟོ་དགོས་ཀྱི་རེད་འདོད་ཀི
བསམ་འཆར།
དངོས་མིང་། ཞེས་པ་འདི་ནོར་བ་རེད། ནོར་དགོས་རྒྱུ་མཚན་ནི། དངོས་མིང་བཏགས་སོསག་གོ་དོན་གཞན་ཡོད་རེད། དེ་བཞིན་པིར་མིང་ཟེར་བ་འདི་མི་ཐད་སྙམ་སྟེ། པིར་ཞེས་པ་འདི། ལྷ་བྲིས་པའི་ཡོ་སྤྱད་ལས་སྨྱུ་གུར་མི་གོ་བས། དེས་ན། དངོས་མིང་མ་རེད། མིང་དངོས་རེད། པིར་མིང་ལས་སྨྱུག་མིང་ཐད་པ་ཡོད་ལུགས་ཙམ་མོ། །
ཉིན་ཤས་རིང་འདིར་ཡོང་ཐུབ་མ་སོང་། རྩོད་གླེང་ཡག་པོ་གནང་བཞིན་འདུག དོན་དག་ལ་ཆེ་ཆུང་ཡོད་མ་རེད་བསམས། དོན་ཆུང་ཆུང་བསགས་ནས་ཆེན་པོ་བཤད་དགོས་པ་རེད་དྲན།
སྨྱུག་མིང་དང་མིང་ངོ་མ་སོགས་གང་འབྲི་ཐད་ལ་འདིར་བགྲོ་གླེང་མ་དགོས། བགྲོ་གླེང་ངོ་མ་དེ་རང་ཉིད་མི་གཞན་ཞིག་ཡིན་ཁུལ་གྱིས་རྩོམ་དང་མཆན་འབྲི་བ་དེའི་གྲས་རེད། ནུབ་ཕྱོགས་པའི་ཁྲིམས་ལུགས་ནང་ལ་འདི་ལ་ཉེས་པ་གཏོང་སྲོལ་ཡོད་པ་འདྲ། དེ་ཡང་རྩེད་མོ་དང་ཟློས་གར་གྱི་འཁྲབ་སྟོན་དག་འདི་ལ་འབྲེལ་བ་མེད། རིམ་གྱིས་མང་ཙམ་ཞུ་ཨེ་ཐུབ་ལ་ལྟ་གི་ཡིན། ཐུགས་རྗེ་ཆེའོ།།