—-གསལ་ལེ་རྒྱལ།
རིན་པོ་ཆེ། ཁྱེད་གང་ན་བཞུགས། དགའ་ལྡན་ན་བཞུགས་སམ། ང་བརྒྱད་ལོ་དང་རིག་གནས་གསར་བརྗེ། གྱ་དགུ་ལོ་དང་ཉིས་སྟོང་བརྒྱད་སོགས་ཀྱི་གནས་ཚུལ་ཛ་དྲག་དག་སྔ་མོ་ནས་ཚང་མས་ཞུས་ཟིན་པ་མ་ཟད། ན་ནིང་གི་གནས་ཚུལ་ཡང་ཞུས་ཟིན་པས་འདིར་བསྐྱར་བཤད་མི་བྱེད།
ད་ལོ།
1 ད་ལོར་གོང་ས་མཆོག་དགུང་ལོ་81ཡིན་ལ་ད་དུང་སྐུ་གཟུགས་བདེ་ཐང་དང་མཛད་འཕྲིན་ཇེ་རྒྱས་ཡིན། ཁ་སང་དེ་རིང་སོག་ཡུལ་ན་བཞུགས། རྒྱ་རྒན་ཚོས་སོག་ཡུལ་ལ་ཕེབས་མི་ཆོག་ཟེར་གི་ར་ཁོ་ཚོས་ཅང་མ་བ་ཐ། ང་ཚོ་ཚང་མ་དགའ་ནས་བསྡད་ཡོད།
2 ད་ལོར་དབྱར་རྩྭ་དགུན་འབུའི་གོང་ཚད་དམའ་བའི་ཁར་སྐྱེ་སྟོབས་ཀྱང་ཇེ་ཞན་དུ་གྱུར་ནས་འབྲོག་པ་སྐོར་ཞིག་གིས་ད་དུང་ན་ནིང་གི་བུ་ལོན་སོད་མེད།
3 ད་ལོར་རླུང་འཚུབ་དང་ཆུ་ལོག་གིས་ནོར་ལུག་འགའ་ཁུར་ཟིན་ཡང་མི་ལ་དེ་ཙམ་གྱི་གནོད་པ་མ་བྱུང་ཐ།
4 ད་ལོར་གོང་རིམ་གྱི་རོགས་སྐྱོར་སྒོར་མོ་ད་དུང་མ་འབྱོར་བས་ང་ཚོའི་རྩམ་པའི་ནང་ན་མར་མེད། ང་ཚོས་རྩམ་སྐྱ་ཟ་བཞིན་ཡོད། མར་ལོག་འདི་ལྔ་མཆོད་ལ་ཆེད་དུ་ཉར་བ་ཡིན།
5 ད་ལོར་ཡང་བོད་ཕྱི་ནང་གཉིས་ནས་གྲྭ་བ་མང་པོ་ལོག་ཐ། ལོག་མཁན་མང་ཤོས་ལོ་ལྔ་བཅུའི་ཡན་རེད། ལོག་ས་རྒྱ་མོ་རེད། ཐིག་ལེ་ཡར་འདྲེན་བྱེད་མ་ཐུབ་ཐ། ཡིན་ནའང་གཟན་ཤམ་ད་དུང་ཕུད་མེད་གི།
6 ན་ནིང་ཁྱིམ་ཚང་བཅོས་ནོ་དེ་ཚོ་ཚང་མ་ད་ལོར་འཐོར་ཐ། འཐོར་རྐྱེན་སྐད་འཕྲིན་རེད། ཡིན་ནའང་ལོ་ལོན་ཚོར་འདུག་རོགས་བུ་ཕྲུག་རེ་ལས་ཡོད་གི།
7 འུ་ཚང་གི་སྲིད་སྐྱོང་ད་དུང་བློ་བཟང་སེང་གེ་ཡིན། སྒོར་མོ་བཙལ་ན་ཧྲ་གི། ཁོའི་སྒེར་གྱི་ཁང་རིན་སྲིད་སྐྱོང་ལ་བསྡད་མ་ཐག་བསད་དང་། ཨ་རིའི་སྲིད་འཛིན་གསར་བ་དེ་ཁྲོམ་རྒན་ཞིག་རེད། ཕྱུག་པོ་ཞིག་ཀྱང་རེད། སྲིད་འཛིན་ལ་བསྡད་ན་ཟླ་ཕོགས་མི་ལེན་ཟེར།
8 ཧུའུ་ཅིན་ཐོའི་འཆམ་མཐུན་དང་ཞིས་ཅིན་ཕེན་གྱི་རྨི་ལམ་གཉིས་ཤོབ་རེད། ཧྲང་ཧེའི་རྒྱ་མོ་ཞིག་གིས་ང་ཚོ་ཚང་མ་ཀྲུང་གོའི་ས་ཐོག་ནས་བདའ་གི་ཡིན་ཟེར་གི དགའ་ལྡན་ན་ས་སྟོང་འདྲ་ཡོད་ན་ང་ཚོ་ཐུགས་ལ་འཛིན་རོགས།
ད་ཅང་མི་དྲན་གི། རིན་པོ་ཆེ། བདེ་མོ་བྱོས། ཡང་ང་ལས་ཀར་འགྲོ་དགོས།
ཧ་ཧ་་་སྐྱིད་པོ་བྲིས་འདུག
འབྲོག་པ་སྐོར་ཞིག་གིས་ད་དུང་ན་ནིང་གི་བུ་ལོན་སོད་མེད།
འདི།
འབྲོག་པ་སྐོར་ཞིག་གིས་ད་དུང་ན་ནིང་གི་བུ་ལོན་གསོབ་མེད།
རིན་པོ་ཆེ། ད་དུང་གནས་ཚུ་ལ་གཅིག་ལྷག་སོང་ཟིག ཡེ་ད་ལོར་མགོ་ལོག་རྡོ་པཀྲས་་་ད་མི་བཤད་་་ད་མི་བཤད་ཧཧཧ
རྡོ་བཀྲས
རྡོ་བཀྲ་སྨྱོས་བཞག་ཐལ། ཆགས་མགོ་མ་ནོན་པས་རེད་ཟེར་གི། ངས་བལྟས་ན། རྒན་མོ་མེད་ན་ཆང་འཐུང་། འཁོར་བ་མེད་ན་ཁ་བླ་འི་འདུག་ནོ་འདི། ཨ་མདོ་བ་འགའ་འི། ཡོན་ཏན་དང་ཡ་རབ་གཉིས་ནར་མ་སོན་པའི་མྱི་ངན་ཚང་མ་ལ་ཚང་ཡོད་ནིའི་རྩ་ཞིག་རེད་འདོད་ཀི། བྱུང་ན། ཡ་མེད་དང་། མ་བྱུང་ན། མགོ་ལ་རྡོག་ལོག་གིས་བརྒྱབས་ན་ཡག་ནི་འདྲ་ཟིག་རེད།
རྡོ་བཀྲས་མགོ་ལོག་གི་མྱིང་བརྫད་ཐལ་ཟེར་གི གཅན་ཚའི་རྨ་ཆུའི་ཟམ་པ་བརྒལ་ནས་ཡོང་མི་ཆོག་ཟེ་ནས་གཅན་ཚ་ནས་ཕུད་བཏང་ཟིག མགོ་ལོག་གི་ཕུད་མ་ཐུག་ཟིག་ཟེར་གི
བློ་བཟང་སེང་གེའི་སྨྱོ་བཤད་ལ་ཉན་མཁན་ནེའུ་ཡོག་དང་ནེའུ་ཅེ་སེ་ནས་མི་བརྒྱ་ལོངས་ཟིག་མིན་ཏ་མེད་གི སྤེན་པ་ཚེ་རིང་ཕྱོགས་གིས་བཤད་ན་བློ་སེང་གི་རྒྱལ་བ་རིན་པོ་དང་བོད་མི་དམངས་ལ་ང་འཁྱུག་སོང་ཟེ་ནས་བཟོད་གསོལ་མ་ཞུ་ན་ཁོ་འབའ་ལི་ཏྲེ་གསུམ་གི་སྲིད་སྐྱོང་ཙམ་ལས་བོད་གི་སྲིད་སྐྱོང་མ་རེད་ཟེར་གི
ཀླུའུ་དགའ་ཞེན་ལ་དེང་སང་ཁང་གླ་སྟེར་རྒྱུ་མེད་ལ་ཁང་བདག་གི་བདའ་དང་ཟིག་ཟེར་གོ་གི ད་ཨོ་རྗེན་སྟོབས་རྒྱལ་གི་ལ་སྒོར་མི་སྟེར་ཟེར་གོ་གི་ཟེར་གི ཡུམ་མིན་ན།
ང་ནི་བྱང་ཆུབ་སེམས་དཔའ་མར་མི་དྭགས་གསུམ་དང་། བྱངས་ཆུབ་ཇོ་བོ་རྗེ་དང་། བྱང་ཆུབ་སེམས་དཔའ་བླ་མ་ཙོང་ཁ་པ་སོགས་དག་ཞིང་ཅིག་བཞུགས་ནས་སྐྱོད་པོ་བཏང་ནས་བཞུགས་ཡོད་རེད་ཅེས་ན། ངས་ཡིད་ཆེས་ལ་ཅུང་ཟད་གནོད་བགྱིད། གང་ཡིན་ཟེར་ན། ཇི་སྲིད་ནམ་མཁས་གནས་གྱུར་པ། །་་་་་་་་
རིན་པོ་ཆེ། གསའ་ལེ་རྒྱལ་གྱིས་ཁ་སྐད་འདྲ་བྲིས་ལེ་འདུག་ག་མི་འཇུག་གི ཁྱེད་ལ་འཕྲིན་འདི་འབྱོར་ཡོད་ཚེ་ཁོ་ལ་བཀའ་གྱོན་གནང་རོགས། ཁོའི་བཤད་ཚད་པོ་བདེན་པ་རེད། ཡིན་ན་ར། བཤད་སྟངས་དེ་ཀྱ྄་ཀེ་ཀྱོག་གེ་འདྲ་རེད། གུས་ཞབས་ར་དེ་འདྲ་མེད་གི ཁྱེད་ཀྱིས་ཉོན་མོངས་སྤངས་ངེ་བཀའ་གྱོན་འདྲ་བཏང་མི་ཤེས་ན། ང་ལ་ཤོད་དང་ངས་ཁོ་ཏག་ཏག་ཅིག་བཟོ་ཆོག
༅༅། བཟའ་བཏུང་འཛོམས་པ་ཙམ་གྱི་བདེ་བ་ནི།
ཁྱི་ཕག་དུད་འགྲོ་ལའང་ཡོད་གྱུར་བས།།
མི་ལ་དགོས་པའི་ཁྱད་ཆོས་ག་ལ་ཡིན།
མི་ལ་མི་གོ་ཆོད་པའི་ཆོས་མེད་ན།
ལུས་ལ་གོས་བཟང་ཀླུབས་པས་ཅི་ལ་ཕན།
སྲིད་པ་ལས་ཀྱི་འཁོར་ལོ་ཡངས་པའི་ཁམས།
བདེ་སྡུག་འབྱོར་རྒུད་རྣམ་འགྱུར་གློག་གི་གར།
བསྒྱུར་བས་མི་བརྟན་གཡོ་བའི་མཚང་རིག་ཀྱང།
ལེགས་སྟོན་སྣང་ཞེན་ཟབ་་མོ་བཟློག་པར་དཀའ།
ཀུན་མཁྱེན་འཇམ་དབྱངས་བཞད་པས། རང་གི་ཡིག་ཆ་བརྩམས་དུས། ཁོང་གི་རྗེས་འཇུག་པ་ཚོས། ཁོང་འཇམ་མགོན་བླ་མ་ཙོང་ཁ་པའི་ཡང་སྲིད་ཡིན་ཟེར་ནས་ངོམས་ཡོད་རེད། འདི་ལ་ཡང་བདེན་པའི་ཆ་རྩ་བ་ཉིད་ནས་མེད་པ་མིན་པ་འདྲ། འདིས། སྔར་གྱི་བླ་མ་བརྒྱུད་པའི་བྱང་སེམས་རྣམས་ད་ལྟ་གང་དུ་བཞུགས་ཡོད་མིན་ལ་ཅུང་ཟད་དཔོག་ཐུབ་པ་ཅིག་རེད་སྙམ་ལགས།
རིག་རྩལ་ཤིན་ཏུ་བཟང་བའི་གྲོགས་པོ་ཁོ། སུམ་རྟགས་དག་གསུམ་ལ་བློ་ཡི་འཇུག་པ་རབ་ཏུ་དགེ་ཡང་། བརྡ་དག་དང་མི་མཐུན་པའི་གྲོང་སྐད་མང་པོ་འབྲི་བ་འདི་ལ་དེ་ཙམ་གྱིས་དགའ་མོས་མིི་སྐྱེས།
ད་རིང་ཞོགས་པར། སྤུན་རོགས་ཤིག་ནས། རྩོམ་འདིའི་སྦྲེེལ་ཐག་བསྐུར་ནས་ “གསལ་ལོ་རྒྱལ་ཁོ་ཁོག་རྒྱ་ཆེ་ཀི བསམ་བློ་ཡང་ཡངས་ཀི” ཟེར།
ངས་དེའི་ལན་དུ། “དེ་ཙམ་གྱིས་ཆོ་མཐོང་གི་མི་འདུག ཆོལ་གསུམ་ལྷན་ཅིག་ཚོགས་པའི་སྤྱི་ཚོགས་ཀྱི་དྲ་ལམ་ཞིག་ཏུ། ཡུལ་བྱེ་བྲག་པའི་ཕལ་སྐད་འདི་ལྟར་བྱུང་རྒྱལ་དུ་འབྲི་བ་འདི་མིག་རྒྱང་ཅན་གྱི་ལས་ཤིག་ག་ནས་ཡིན” ཞེས་ཐལ་ལོ།
ཨ་ཁ། གཏམ་འདི་ཐལ་དྲགས་པ་འདྲ་བས་དགོངས་འགལ་མེད་པ་ཞུ།
རྗེ་རིན་པོ་ཆེས། ངའི་གསུང་རྩོམ་དག་ལ་བདག་པོ་ཡག་པོ་རྒྱོབས་གསུངས་ཡོད་ནི་རེད། དེ་ལས་ལྷག་བཤད་རྒྱུ་ཅང་ཨེ་ཡོད་ན།
ཨ་ཡེ། གསལ་ལེ་རྒྱལ། ང་ཁྱེད་ཀྱི་ཕཱན་ཡིན། ངོ་མ་ཡིན།