གངས་བཙན་པོ།
བུང་བུའི་བཅུད་བཟང་གྲོགས་སུ་བཀུགས་ཏེ་ལས་དང་སྨོན་ལམ་ལྷན་ཅིག་སྦྱར།།
མི་ཚེའི་དམ་བཅའ་རི་ལྟར་སྤུངས་ཏེ་སྐྱེ་འགྲོ་ཡོངས་ཀྱི་སྡུག་བསྔལ་ཞུས།།
ནང་སེམས་རྣམ་རྟོག་རླུང་བུས་གཏོར་ཏེ་ལམ་ཐག་རིང་པོ་ཤུགས་ཀྱི་འཐེན།།
བདེན་པའི་རང་ཚུགས་བོད་ལ་གཏད་དེ་སྲོལ་བཟང་གྱ་སྟོན་ལེགས་འགྲུབ་བྱུང་།།
ཀྱེ་མ་ངང་ཚུལ་འདི་འདྲ་བསམ་ན་ངེད་ཅག་བསོད་ནམས་ངང་གིས་འཁོར།།
ཁྱེད་ཀྱི་མཛད་བཟང་གསེར་ལས་ལྷག་པ་ཆུ་ཐིགས་ཙམ་ཡང་མ་ཕོད་ཀྱང་།།
དམ་ཚིག་གཙང་མའི་ལུས་སུ་སྨིན་ཏེ་ངེད་ཅག་འདི་འདྲའི་བསྐལ་བ་བྱུང་།།
འགོག་མེད་བསམ་བློས་གནད་ཀ་བཅག་ནས་གྱ་སྟོན་ལེགས་འགྲུབ་བྱུང་བ་སྨད།།
ཕྱི་གཟུགས་འཇའ་ཡི་རི་མོ་ཕབ་ཏེ་གངས་ཅན་བོད་ལ་བརྡ་ཞིག་བཏང་།།
ཉི་མ་ཤར་བའི་དྲོད་ཐིགས་འོག་ནས་ཉི་ཟླ་སྐར་གསུམ་ལྷན་དུ་འཛོམས།།
ཡིད་ཆེས་བློ་གཏད་སེམས་སུ་གཉེར་ནས་ཁྱེད་ཀྱི་ཕྱོགས་སུ་བློ་ཕུགས་བཅོལ།།
རེ་བ་གསོན་པོ་ས་ལ་བཞག་ཏེ་གངས་ཅན་བོད་མིས་གྱ་སྟོན་བྱས།།
ལྷ་དང་བླ་མས་བཀའ་དགོངས་འོག་ན་གོ་སྟོན་བྱེད་རྒྱུའི་དམ་བཅའ་ཡོད།།
དུས་བཟང་འཆར་བའི་ཉི་མ་དེ་ནི་གངས་ཅན་ཡུལ་ན་ཡོད་བསྐལ་གསུང་།།
ཆིལ་སྒྲིལ་དམ་ཚིག་གཙང་མའི་བུ་སློབ་དགའ་བ་འབུམ་གྱིས་བཀང་ནས་ཡོད།།
ཁྱེད་ཀྱིས་བདེན་པའི་རང་སྒྲ་དེས་ནི་རང་ཅན་ཡུལ་ནས་གོ་སྟོན་བསུ།།
སྐྱིད་སྡུག་འདྲེས་མའི་ལོ་ཟླ་བར་ན་ཁྱེད་ཀྱི་ཆིབས་ཁ་བསྒྱུར་ལ་བལྟས།།
དྲག་གནོན་བཙན་གྱིས་མེ་མདའི་འོག་ན་ལ་རྒྱའི་ངོ་བོ་བསྲུང་ནས་ཡོད།།
ཆབ་སྤེལ་རིག་གསུམ་ཤུ་གསོན་བར་ན་དཔའ་བོ་དཔའ་མོའི་དུར་ས་ཡོད།།
མདོར་ན་ཁྱེད་ཀྱི་བཀའ་དགོངས་འོག་ན་འཚེ་མེད་ཞི་བའི་ལམ་ཆེན་ཡོད།།
རང་ཡུལ་སྐྱིད་པའི་རྨི་ལམ་ཞིང་ན་རེ་བ་གསོན་པོ་ལྷག་ནས་ཡོད།།
ཁྱེད་ཀྱི་སྐུ་ངལ་མཛད་མེད་བསམ་དུས་མིག་ནས་ཆུ་མ་ཤར་ཤར་འོངས།།
མདུན་དུ་བསྐྱོད་དགོས་བསམ་གཞིགས་བཏང་ཡང་རང་བློ་མི་ལྕོགས་ངོ་རེ་ཚ།།
སྙིགས་མའི་དུས་ཀྱི་མི་བུ་ངེད་ཅག་དུས་ཀུན་སྐྱོངས་པའི་འཕྲིན་ལས་མཛོད།།
དབེན་པའི་ཁྲོད་ཀྱི་རི་གྲོང་དེ་ན་ཁྱེད་ཀྱིས་མཛད་བཟང་ཕྱོགས་བཅུར་གཡོ།།
ཕོ་བྲང་འདྲ་བའི་རྡོ་ཁང་འོག་ན་ཐུགས་རྗེས་སྤྱན་གྱི་འགྲོ་ལ་གཟིགས།།
ཕྱག་གཉིས་ཐལ་མོ་གཙུག་ཏུ་སྦྱར་ཏེ་རྟག་ཏུ་འགྲོ་བའི་དོན་ལ་བྱོན།།
སྐུ་ཚེ་བསྐལ་བ་བརྒྱ་ཕྲག་བར་དུ་བརྟན་པའི་སྨོན་ལམ་ཡང་ཡང་ཡོད།།
༢༠༡༥/༦/༢༥