རྫོགས་ཆེན་དོན་གྲུབ་རྡོ་རྗེ།
ས་ཐག་རིང་གཅིག་དང་ཐག་རིང་གཉིས།།
ས་ཐག་རིང་རྒྱ་གར་ལུང་པ་ན།།
ངའི་སེམས་ཀྱི་ཡིད་བཞིན་ནོར་བུ་ཡོད།།
འདི་མ་མཇལ་ཡིད་སེམས་སྐྱོ་གི་ཡོད།།
རི་མཐོ་པོ་གཅིག་དང་མཐོན་པོ་གཉིས།།
རི་མཐོན་པོ་སྟོང་གི་ཕར་ནང་ན།།
ངའི་སེམས་ཀྱི་ཡིད་བཞིན་ནོར་བུ་ཡོད།།
ཡུལ་ཕ་མ་ནང་མིས་དྲན་གི་ཡོད།།
ཆུ་ཆེན་པོ་གཅིག་དང་ཆེན་པོ་གཉིས།།
ཆུ་ཆེན་པོ་གངྒའི་ཕར་ནང་ན།།
མགོན་ལྷ་གཅིག་ཡིད་བཞིན་ནོར་བུ་ཡོད།།
ཁྱེད་དྲན་གི་ཕ་མ་རྒས་ནས་ཡོད།།
གངས་མཐོ་པོ་གཅིག་དང་མཐོན་པོ་གཉིས།།
གངས་མཐོན་པོ་ཏི་སེའི་ཕར་ནང་ན།།
ཡུལ་གངས་ཅན་གཙུག་གི་ནོར་བུ་ཡོད། །
ཞལ་མཇལ་གི་སྨོན་ལམ་ཞུས་ནས་ཡོད།།
མི་ཆ་མེད་གཅིག་དང་ཆ་མེད་གཉིས།
མི་དོན་འགྲུབ་རྡོ་རྗེ་ཞེས་པ་པས།
ཆོས་རྫོགས་ཆེན་མིང་གི་སྔོན་ལ་བཞག
དོན་དམ་པ་རླུང་ལ་བསྐུར་གྱིན་གདའ།
ཁོང་གི་ཕ་ཡུལ་ཁམས་རྫོགས་ཆེན་ནས།
ཨ་ཙི་་་་་་་
ཕ་རྫོགས་ཆེན་སྐལ་བཟང་བཟང་བཙོན་བྱས། །
མ་ཡེ་ཤེས་བླ་མ་དོང་དུ་གཡུགས། །
བུ་རྫོགས་ཆེན་དོན་གྲུབ་རྡོ་རྗེ་དེས། །
སྣ་འཐེན་ནས་ཁ་ནང་ཨེ་ཡོང་བལྟས། །
གངས་བོད་རང་ཡུལ།
གངས་རི་མཐོ་ཤོས་བོད་ཀྱི་ཡུལ་ན་ཡོད། །
གངས་རི་རྩ་ཆེན་ཏི་སེ་བོད་ནང་ཡོད། །
གངས་ཕྲུག་འགྲན་མེད་བོད་ཀྱི་ཡུལ་ལ་འཁྲུངས། །
གངས་ལྗོངས་བོད་མིས་འཛམ་གླིང་ཞི་བདེར་བཀོད། །
གངས་བོད་རྒྱལ་ལོ། །