སྤྱན་ཆེན་པོ།
___༢༠༡༥ལོའི་ལྷ་རམས་པ་ཨང་དང་པོ་མཆོག་ལ།
ནམ་ཟླ་འདི་ཇེ་འཁྱག་ནས་ཇེ་འཁྱག་ལ་སོང་བ་དང་བསྟུན
གཏམ་རྒྱུད་ཀྱི་གསང་བ་རུམ་པའི་སྡོང་ལོ་ཁ་ཤས
ཚེ་སྲོག་གི་མགོ་ཐོག་ནས་མར་ཟགས་པས
སྒྱུ་མ་དང་སྨིག་རྒྱུའི་ཟབ་ས་ཞིག་ནས
གཡའ་དག་པའི་ཐ་སྙད་འགའ་འགམ་བཞིན
ཁྱེད་ཉིད་ལས་ལ་ཆས
ཆོས་ཉིད་ཀྱི་འཚོ་སྟངས་ཤིག་གིས
འཚོལ་སྙེག་གི་བཞི་མདོ་ཞིག་ནས
གནས་ལུགས་ལ་བདེན་པ་བརྡར་བརྡར་པས
རྟེན་འབྱུང་གི་མིག་ཟུང་ལས་བྱུང་བའི
དུས་རབས་ཀྱི་ནད་ཡམས་ཁྲོད་འཚེར་བ་ནི
ཉིད་ཀྱི་དཔྱོད་ཤེས་ལས་བྱུང་བའི་འོད་སྣང་ཞིག
རྟག་བརྟན་གྱི་འོད་སྣང་ཞིག
ནམ་ཟླ་ད་དུང་ཇེ་འཁྱག་ལ་འགྲོ་བཞིན་འདུག་པས
འོད་སྣང་དེ་རྫ་སུལ་དང་གངས་ཁྲོད་བརྒྱུད་ནས
སླར་ཡང་གངས་ལྗོངས་སུ་འཐིམ་པར་ཤོག
༢༠༡༥ ལོའི་ལྷ་རམས་པ་ཨང་དང་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟུང་དཔལ་ལྡན་རྒྱ་མཚོ་མཆོག་ལ་སྤྱན་མིང་བས་ཁ་བཏགས་དཀར་པོ་ཞིག་གི་དོད་དུ་ཕུལ།
དགེ་བཤེས་ལྷ་རམས་པ་ཨང་དང་པོ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཟུང་དཔལ་ལྡན་རྒྱ་མཚོ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་བ་དང་ཆབས་གཅིག དྲ་གྲོགས་སྤྱན་མིང་བས་གསུངས་པ་ལྟར། སྐུ་ཉིད་ཀྱི་གསེར་དང་མཚུངས་པའི་རྣམ་དཔྱོད་དག ཕ་ཡུལ་ཁ་བ་གངས་རིའི་ལྗོངས་སུ་མགྱོགས་ནས་མྱུར་དུ་འཆར་བར་ཤོག །
རྔ་བོ་ཆེར་འོད་ཀྱིས་འཁྱིལ་བའི་སྒྲ་དབྱངས་ཁྱོའི རང་མགོ་ཆེས་མཐོ་བའི་ནམ་མཁར་སྙེག་གིན གང་ཞིག་ལ་ཞབས་རྗེས་ཀྱི་མེ་ཏོག་གཏོར་བྱུང ཧ་ཅང་དགའ་ཞིང་དུང་བའི་ཚོན་མདོག་མང་ས་ཞིག་ན ཤ་དང་རུས་པ་དག་གིས་ཡར་བཀྱགས་པའི་སྙིམ་པ་མང་པོ ལྷ་འཇམ་དཔལ་ལ་མཆོད་སྤྲིན་ཡིན་པར་གླེང བཀའ་དྲིན་ཆེ།
གཉིས་སྟོང་བཅུ་ལྔ་ལོ་རི་བོ་དགེ་ལྡན་པའི་དགེ་བཤེས་ལྷ་རམ་ཨང་དང་བོ།
ཆོས་གྲོགས་དཔལ་ལྡན་རྒྱ་མཚོ་ལགས་ལ་བརྟེན་འབྲེལ་གྲངས་མེད་ཞུ།
ཁྱེད་ནི་དོན་གྱི་དགེ་བའི་བཤེས་གཉེན་ཞིག་དང་གྲྭ་ཚང་གི་ལ་རྒྱ་ཞིག་ཡིན།།
ཟུང་ཆུའི་དཔལ་ལྡན་རྒྱ་མཚོ་ལགས་སུ་༢༠༡༥དགེ་བཤེས་ལྷ་རམས་པ་ཨང་དང་པོ་ཐོབ་པར་རྟེན་འབྲེལ་ཞུ།