གླིང་ཚ་ཚེ་བརྟན་རྡོ་རྗེ།
ཁྱེད་བཞུགས་པས་ང་ཚོ་བྱམས་བརྩེ་ཡོད།།
ཁྱེད་བཞུགས་པས་ང་ཚོ་ལ་རྒྱ་ཟབ།།
ཁྱེད་བཞུགས་པས་ང་ཚོ་མགོ་འཕང་མཐོ།།
ཁྱེད་བཞུགས་པས་ང་ཚོ་རིན་ཐང་ཡོད།།
ཁྱེད་བཞུགས་པས་ང་ཚོ་མཐུན་སྒྲིལ་ཆེ།།
ཁྱེད་བཞུགས་པས་ང་ཚོ་ཞི་བ་ཡིན།།
ཁྱེད་བཞུགས་པས་ང་ཚོ་བདག་པོ་ཡོད།།
ཁྱེད་བཞུགས་པས་ང་ཚོ་སྒྲོན་མེ་ཡོད།།
ཁྱེད་བཞུགས་པས་ང་ཚོ་རེ་བ་ཡོད།།
ཁྱེད་བཞུགས་པས་ང་ཚོ་ཆིག་སྒྲིལ་ཡིན།།
ཁྱེད་བཞུགས་པས་ང་ཚོ་མདུན་བསྐྱོད་ཡོད།།
ཁྱེད་བཞུགས་པས་ང་ཚོ་དེད་དཔོན་ཡོད།།
གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས། དག་ཙམ་བཅོས་ཡོད། ཚིག་ཕྲད་མེད་པའི་བོད་ཡིག་ནི་ལྷུ་ཚིགས་མེད་པའི་མྱི་གཟུགས་ཙམ། དེ་ལ་མྱིའི་མཚན་ཉིད་ཙམ་ལས་ཁྱད་ཆོས་མི་ཚང་། གོ་སོང་ངམ།
ཁྱེད་བཞུགས་པས་ང་(ཚོར)་བྱམས་བརྩེ་ཡོད།།
ཁྱེད་བཞུགས་པས་ང་(ཚོར)་ལ་རྒྱ་ཟབ།།
ཁྱེད་བཞུགས་པས་ང་ཚོ་མགོ་འཕང་མཐོ།།
ཁྱེད་བཞུགས་པས་ང་(ཚོར)་རིན་ཐང་ཡོད།།
ཁྱེད་བཞུགས་པས་ང་(ཚོར)་མཐུན་སྒྲིལ་ཆེ།།
ཁྱེད་བཞུགས་པས་ང་ཚོ་ཞི་བ་ཡིན།།
ཁྱེད་བཞུགས་པས་ང་(ཚོར)་བདག་པོ་ཡོད།།
ཁྱེད་བཞུགས་པས་ང་(ཚོར)་སྒྲོན་མེ་ཡོད།།
ཁྱེད་བཞུགས་པས་ང་(ཚོར)་རེ་བ་ཡོད།།
ཁྱེད་བཞུགས་པས་ང་ཚོ་ཆིག་སྒྲིལ་ཡིན།།
ཁྱེད་བཞུགས་པས་ང་(ཚོར)་མདུན་བསྐྱོད་ཡོད།།
ཁྱེད་བཞུགས་པས་ང་(ཚོར)་དེད་དཔོན་ཡོད།།
རྒན་ལ་དྭགས་པ་གཉིས་པ་ཞིག་སླེབས་འདུག
བན་དེ་བ། ངས་ཡར་བསམ་ཞེ་དྲག་བཟུང་ཡོད་ཐལ། ངས་ཡིད་ཚོད་རྐྱང་རྐྱང་བྱས་ནས་གོ་བ་ལེན་ན་མི་འདོད་ཀི། འགྲིག་མེད་ན་གསུང་རྐྱང་གནང་དང་། ང་དང་ཁ་ཤས་ཤིག་ལ་ཕན་པ་འབྱུར་བར་ཐེ་ཚོམ་མེད།
གནམ་ཞུ་བ་ལགས། དག་ཡིག་ངག་གི་སྒྲོན་མ་ལ། མ་དག་པ་ཞིག་མགོ་ན་ཡོད་ཅེས་པ་ལྟར། ངས་ཀྱང་ཁྱེད་ཀྱི་ལྷུ་ཚིགས་མེད་པའི་མི་གཟུགས་དེ་ཇེ་དྲང་དུ་བཏང་ཡོད། ལྟོས་ཨ། ༼ཁྱེད་བཞུགས་པས་ང་ཚོ་མགོ་འཕང་མཐོ།།༽འདི་རང་འཇགས་བཞག་ནས་ཕྲད་མི་དགོས་པར་འདོད་པ་ནོར། ཁྱེད་བཞུགས་པས་ང་ཚོའི་ཞེས་འབྲེལ་བ་ཞིག་དགོས་པ་ནི་ཧ་ལམ་འདིར་ཕེབས་ནས་ཀློག་མཁན་ཚང་མས་མཁྱེན་ངེས། དེའི་ཕྱིར་བཅོས་མི་ཤེས་ན་བཞག་ཀྱང་འགྲིག བཅོས་ཤེས་ན་ཚང་མ་བཅོ་རོགས། དེ་མིན་ཁ་ཚོད་ཚོན་པོ་དེ་བཞག་ན་ལེགས། དེ་མིན་རང་མཚང་མངོན་འོང་གི་རེད། ལྷག་བསམ་ཡིན།
ང་ལྟ་བུའི་བོད་ཡིག་སྦྱང་འདོད་ཡོད་ནིའི་མྱི་ཞིག་ལ་རང་མཚང་ཟེར་རྒྱུ་ཞིག་ཕྱི་ལ་མངོན་ཡོང་རྒྱུ་ཆི་གང་ཡང་མེད། ལྷ་ཆབ་ལགས།
ཁྱེད་ཅག་སྦྱང་མཐར་ཕྱིན་པའི་མཁས་རློམ་པ་འགའ་ལ་དེ་འདྲའི་དཀའ་ངལ་ཞིག་དང་ཁྱད་གསོད་ཞིག་ཡོད་ཡོད་པ་རེད། ང་ལ་དེའི་རིགས་མི་སྐྱོན།
དེ་མིན། (ང་ཚོ)་མགོ་འཕང་མཐོ་ནིའི་མྱི་ཞིག་ཡིན་དང་། (ང་ཚོའི)་མགོ་འཕང་མཐོ་བོ་ཡོད་གཉིས་ལ་ཁྱད་པར་དག་ཙམ་ཡོད་པ་རེད། ཤེས་སོང་ངམ།
ལྷག་བསམ་དེ་ལྷག་བསམ་ངོ་མ་ཞིག་ཡིན་ན་བཀའ་དྲིན་ཆེ། ཡིན་ན་ཡང་། བོད་ཡིག་སྦྱང་འདོད་ཀྱི་རེ་བ་ཆེན་པོས་ཁྱི་ཁ་རེ་མ་གཙེས་ན་ཡོང་ས་མ་རེད།
དོ་སྣང་བྱེད་དགོས་ས་གཉིས།
དག་ཙམ་་་་་་་་ཏོག་ཙམ།
མ་གཙེས་ན་་་་་མ་རྩེད་ན།
ཏོག་ཙམ་དག་པ་རེད། གཙེས་ནི་མ་བཅོས་ན་ཡག་པོ་ཡོད་པ་རེད།
གཙེས་ཞེས་པ་དེ་གནོད་པ་དང་འཁྲུག་པ་སློང་བའི་དོན་ཡིན་དུས་བཅོས་ན་མི་ཡག་གམ། ཁྱེད་ཀྱི་སེམས་ལའང་གནོད་པ་དང་འཁྲུག་པ་རྒྱག་རྩིས་ཡོད་རྒྱུ་མ་རེད་པྭ།
ང་ཚོ་མགོ་འཕང་། ང་ཚོའི་མགོ་འཕང་། འདི་གཉིས་ཆར་གོ་རྒྱུ་འདུག རྩོད་དགོས་པ་ཞིག་ནི་ཨེ་ཡིན། ཡིན་རྒྱུའི་དབང་དུ་བཏང་ནའང་རྩོད་སྟངས་འདི་འདྲ་ཞིག་ཨེ་ཡིན། ཧེ་ཧེ་ཧེ། མཁས་པ་སུ་ཡིན་རུང་བྲིས་བྲིས་ན་ཡིག་སྐྱོན་མང་པོ་ཤོར་ངེས་རེད།
དགོངས་དག གོང་དུ་ཡི་གེ་(མཐོ་)་ཆད་འདུག
བརྗོད་བདེའི་དབང་དུ་བྱས་ན་ ང་ཚོའི་ བྲིས་ན་ལེགས་པར་སེམས།
སྦྱང་འདུན་ཙམ་ལས་རྩོད་འདོད་ཅང་མེད། ཡིན་ན་ཡང་གཙེས་དེ་བཅོས་མི་ཉན་དྲིན་ཆེན་པོ། ངའི་སྐེ།
གནམ་ལགས། ཡི་གེ་དག་མོ་རེ་འབྲི་བར་རེ་སྐུལ་བྱེད་ཀྱི་ཡོད་ན། དང་པོ་རང་ཉིད་ནས་ཡི་གེ་དག་མོ་རེ་འབྲི་རོགས། ཁྱེད་ཀྱི་མཆན་དང་པོའི་ནང་ལ་གསུང་རྐྱང་གནང་ཟེར་བར་གནང་ལ་ན་རོ་བྲིས་ནས་སྐུལ་ཚིག་རེ་སྦྱར་ན་ཡག་པོ་མེད་འགྲོ བཅོ་དགོས་ན་འདི་ལྟ་བུ་ད་དུང་མང་ཙམ་གདའ་འོ། །
གནང་ན་ཞུས་བ་ནི་འདས་བ་རེད། དག་བཅོས་གནང་ནས་ཅིག་བཤད་ཀི་ཡིན་ན་བཤད་ན་འགྲིག་ཟེར་བ་དེ་རེད། གནོངས་ཟེར་ནས་ཞུ་སྐུལ་མིན་ནོ། སྐད་ཆ་འདི་ལ་བལྟས་ན་ཁྱུང་དཀར་ཁྱོད་དུས་གསུམ་གྱི་སྐད་འགྲོས་ལ་ཡག་པོ་མེད་པའི་ཟུར་ཙམ་གསལ།
ཕན་པ་འབྱུང་ཟེར་བའི་འབྱུང་ལ་གཏག་ཉེས་ཤོར་བ་མཐོང་། བདེན་པ་ལ་གུས་བ་ཡོད།
ཡི་གེ་དག་ཀྱང་མ་དག་ཀྱང་།། ཁྱེད་ཀྱི་ལས་འགུལ་རྒྱབ་སྐྱོར་ཡོད།། དར་དམར་ཁུར་ཀྱང་མ་ཁུར་ཀྱང་།། ཁྱེད་ཀྱི་བློས་གཏངས་རྒྱབ་སྐྱོར་ཡོད།།
༸གོང་ས་མཆོག
ཁྱེད་བཞུགས་པས། ང་ཚོ་ལ་ཆོས་སྲིད་གཉིས་ཀ་དར་ནས་ཡོད།
ཁྱེད་བཞུགས་པས། ང་ཚོ་ལ་ཚེ་འདི་ཕྱི་གཉིས་ཀ་ལ་རེ་བ་ཡོད།
གླིང་ཚ་ཁྱོད།
ཁྱོད་ཀྱིས་མདུན་བསྐྱོད་བྱས་པས། ང་ཚོ་ལ་ལས་འགུལ་ཡོད།
ཁྱོད་ཀྱིས་དར་དམར་འཁྱེར་བས། ང་ལ་ནི་་ངོ་རྒོལ་མེད།
ཁ་བ་རི་བའི་ཆེད་དུ།།
ཁ་ཕྱོགས་བོད་ལ་བསྟད་སོང་།།
ཁ་བ་བུ་ཡུག་ཆེ་རུང་།།
ཁ་ནས་གླུ་གཞས་གཏང་སོང་།།
གླིང་ཚ་བ་ཚེ་བརྟེན་རྡོ་རྗེ། ཁྱོད་ནི་དངོས་གནས་བོད་ཀྱི་དཔའ་རྒོད་ཤིག ཚ་བའི་ལུང་པའི་ནང་དུ། ས་ཡ་དྲུག་གི་བདེ་སྡུགས་བསམ་ནས། ཉིན་ལྟར་མདུན་བསྐྱོད་བྱེད་བཞིན་པ་རྒྱབ་བསྐྱོར་ཡོོད། རེད་ཡ། ཡིད་སྐྱོ་དགོས་བ་ཞིག་ལ། ང་ཚོའི་སྤྱི་ཚོགས་འདིས་ནང་དུ་རེ་གསུང་ཤིག་ད་དུང་གཉིལ་ལ་ཡུར་འདུག་པའི་ཕན་མཚན་ལ་ཕྲག་དོགས་དང་ཟུར་བཟའ་བྱེད་ལ་ལས་གཞན་་ཅི་ཡང་ཤེས་ཀྱི་མི་འདུག ང་ཚོའི་སྤྱི་ཚོགས་ནང་དུ་གང་ཟག་མི་མྱོང་བ་ཤིག་གིས་དཔའ་རྒོལ་ཁྱོད་ལ་དགག་པ་རྒྱག་གི་འདུག དེ་དག་གི་སྤྱི་ཚོགས་དཀྲུགས་ཤིང་གཏོང་བ་ལས་ཁོག་སྟོང་ཡིན། དེ་བས་ངའི་ཚམས་འདི་ནས་དེ་དག་གིས་ཚབ་བྱས་ནས་དཔའ་རྒོད་ཁྱོད་ལ་དགུངས་དག་ཞུ བཀྲ་ཤིས་བདེ་ལེགས།