(འཇིག་རྟེན་དུ་དྲང་བདེན་དང་གནས་ལུགས་མེ་ཡིས་བཤད་མྱོང་བའི་བོད་ཀྱི་དཔའ་རྒོད་ཚོ་ཡང་ཡང་དྲན་པ།)
ཐོར་རྒོད་པ་སྤྱན་ཆབ།
གཡག་ཆད་གད་པ་དང་ཕག་སྣ་རྡོ་ལ་ཐུག་པས་ན།
གཡུང་མོ་ལུག་གི་འདུ་ཤེས་དང་བྱ་བྱེད་ཐམས་ཅད།
བོད་དཔའ་རྒོད་དག་གིས་དམར་པོ་མེ་ལ་བཏབ་པས།
ཡོད་ཚད་མེ་རི་བཞིན་འབར་ཞིང་འཐོར།
གོ་ལ་རིལ་བོའི་སྒལ་གཞུང་དུ།
མིག་ཡོད་ཚད་ཀྱི་ནང་དུ།
གནས་ལུགས་ཤིག་མེ་ཡིས་གཏོར།
རྒྱུ་མཚན་ཞིག་སྲོག་གིས་བཤད།
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག
དཔའ་གདེང་གི་ཀི་བསྭོ་དང་རང་དབང་གི་མིད་པ་ཡོད་ཚད།
མེ་ནང་དུ་གནས་ཤིང་ང་རྒྱལ་གྱིས་འབར་བས།
སེམས་གསོན་པོ་དག་གིས་མཆི་མ་ཆར་དུ་བསྙིལ།
འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེར།
མེ་དམར་པོས་ཅི་ཞིག་ཁྱེར་ཏེ་བུད་སོང་།
སེམས་ཀྱི་ཟབ་ས་དང་དཀྱིལ་ལ།
སྲོག་དམར་པོས་ཅི་ཞིག་བཤད་དེ་བཞུད་སོང་།
དཔའ་རྒོད་གཅིག
ཚེ་སྲོག་གཅིག
སྐྱེ་བ་གཅིག
བཞུད་སྟངས་གཅིག
སྟོབས་དང་བདེན་པའི་གློ་སྙིང་ཡོད་ཚད་བཤམས་ནས།
གནས་ལུགས་དང་རང་དབང་གི་ཁུ་ཚུར་དགུང་ལ་ཕྱར་ཏེ།
དེ་རིང་ཨ་མའི་སློག་པ་ཕུད་ཅིང་མེ་ལྭ་དམར་པོ་མནབས།
ཞི་བ་དང་དྲང་བཞག་གིས་རང་ཉིད་འབར་དུ་བཅུག
བདེན་པ་དང་གནས་ལུགས་ཀྱིས་རང་ཉིད་རྫོགས་པར་བྱས།
ཕ་དམ་པ་དང་མ་ལོའི་རྒས་གཉེར།
གཉེན་ཉེ་དུ་དང་མཛའ་བའི་གྲོགས་ཚོགས།
ཡོད་ཚད་གདོད་མའི་ཨ་བྲད་བཞིན་དུ་དོར་ཏེ།
ཐམས་ཅད་རྨི་ལམ་གྱི་ཁུ་ཞགས་སྣུམ་པོ་སྟེ།
རང་དབང་གི་ཆེད་དུ།
བདེ་སྐྱིད་ཀྱི་ཕྱིར་དུ།
ད་ལྟའི་བཙན་གནོན་སེམས་ཀྱིས་མ་བཟོད་པར།
ད་ལྟའི་བཤུ་གཞོག་མིག་གིས་མ་ནོན་སྟབས།
རང་ཉིད་འདི་ལྟར་བུད་ཤིང་རྐང་གཅིག་གི་དོད་ཀྱིས།
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག་འདི་ལྟར་འབར།
འཇོན་པོའི་འུར་ཟིང་ཡོད་རྒུ་དང་།
མེད་པོའི་མེ་ཏོག་རྐང་འབུལ་གྱིས།
དེ་རིང་། ཁྱོད་ཚོའི་ཉི་འོད་ལ་བཀྲག་མདངས་ཡོད་རྒུ་བསྩལད་བས།
པར་ཆས་དང་ཁ་པར་གྱི་ནུས་ཤུགས་ཡོད་ཚད་ཁྱོད་ཚོ་ཁོ་ནར་གཏད།
ངུ་ངག་དང་འོ་དོད་ཡོད་རྒུ་ཁྱོད་ཚོའི་ཕྱོགས་སུ་འབར།
གཏམ་གླེང་དང་གསར་འགོད་ཐམས་ཅད་ཁྱོད་ཚོའི་ཕྱོགས་སུ་མཆེད།
དེ་བས་ན། མགོ་སེར་མི་དང་སྐྲ་ནག་བདག་པོ་ཐམས་ཅད་ནས།
ཉིད་ཀྱི་བློ་སྤོབས་དང་དཔའ་གདེང་ལ་མིག་ནས་མཆི་མ་གྲིལ་ཅིང་།
སེམས་ནས་ངུ་ཟུག་ཡང་ཡང་བྱས།
ཡིན་ན་ཡང་། དཀར་ནག་ཅེས་པ་དེ་དང་བདེ་རྫུན་ཞེས་པ་དེ་ནི།
ངའི་བོད་པར་མཚོན་ན།
གནམ་གྱི་མེ་ཏོག་རེད།
ས་ཡི་སྐར་མ་རེད།
བོད་ཀྱི་ཐོད་པའི་ཁ་ཡིག་གི་ཚིག་འབྲུ་རེ་རེ།
དྲང་བདེན་ཞེས་པ་དེའི་མིག་གོང་གི་རི་མོར་མ་ཡོད་པ་ལྟར་སྣང་ལ།
བོད་ཀྱི་ལས་དབང་གི་ཐེམ་སྐས་རིམ་པ་རེ་རེ་ན།
སྐྱ་རེངས་ཤར་བའི་སྐར་ཆ་ནས་འོད་གསལ་གྱི་ལམ་དེ་ཡོད་དམ་ཅི་གོ།
དེ་ཡི་གདུག་རྩུབ་ཀྱི་གཡབ་མོས།
ང་དང་བོད་མི་ཚོའི་སེམས་དང་རྐང་བྲུས་ནས་བུད་སོང་།
ང་དང་བསམ་ཤེས་ཚོའི་མིག་ཏུ་ཁྲག་བསྐྱིལ་ནས་བཞུད་སོང་།
དེ་བས་ན། མི་རྣམས་ཀྱིས་ཉིད་ལ་སྙིང་གི་ཆུ་བཙགས་ནས།
བོད་རྣམས་ཀྱིས་ཁྱོད་ལ་རྐང་གི་ཁྲག་བཏོན་ནས།
དེ་རིང་གི་འོ་དོད་དང་ངུ་ངག་གིས་རྒྱལ་ཁམས་བསྒུལ།
དེའང་ལོས་ཀྱང་ཡིན་དེ།
འཇིན་རྟེན་ནི་གོ་བ་མེད་པའི་རྡོ་བ་ཞིག་མ་ཡིན་པས།
མི་ཡུལ་ནི་བདེན་རྫུན་དབེན་པའི་སྤྱང་ལྟོག་དེ་མ་ཡིན་པས།
ཡིན་ན་འང་། བདེན་དང་རྫུན་པ་གཏད་པས་གནས་ལུགས་དང་།
དྲང་དང་འཁྱོག་པོ་འཕྲད་པའི་དཀར་ནག་གིས།
མི་ཡུལ་ནས་མིག་གི་ཟིན་ཚོར་དང་སེམས་ངལ་མ་ཤི་བར་ཏུ།
ཁྱོད་ཀྱི་གསོན་སྲེག་དང་བདེན་ཚིག་ཡོད་དོ་ཅོག
ང་ཡི་ངུ་འབོད་དང་མིག་ཆུའི་ཕེབས་སྐྱེལ་དག
ང་ཡི་པར་ཆས་སུ་གསལ་བའི་འདྲ་རིས་བཞིན
གཅིག་ཀྱང་ཤོར་ས་མེད་པའི་ཚད་དུ་ལྷུང་ཡོད།
དཔའ་རྒོད་ཞེ་གཅིག་དང་ཚེ་སྲོག་ཞེ་གཅིག
ཡང་སྙིང་ཉིད་ཀྱིས་ཅི་ཞིག་ཞུ་བར་འདོད་དམ།
ང་བཞུད་འགྲོ་བས་ཁྱོད་ཡིན།
ང་སོང་ཤུལ་ནས་ཁྱོད་ཡིན།
ང་ཡོད་ནའང་ཁྱོད་ཡིན་ལྟ་བུའི།
འཇིག་རྟེན་མུན་པ་དང་ལྷན་དུ་འཚོ་བ་དག་ལ།
ཉིད་ཀྱིས་ཡང་སྙིང་ཅི་ཞིག་ཞུ་བར་འདོད་དམ།
སྙན་ངག་འདི་འདྲར་མངོན་པར་བསྟོད། དེ་རིང་གི་སྙན་ངག་པ་རྣམས་ཀྱི་སྙན་ངག་གི་རྦ་རླབས་འདི་ནས་འཕྱོ་བར་ཤོག སྙན་ངག་གི་མེ་ལྕེ་འདི་ནས་མཆེད་པར་ཤོག
ལ་་་ལ་་ལ་་སྙན་ངག་པ་ ཟེར་བ་དེ་ཁྱེད་རང་གི་མིང་ཡིན་པ་འདྲ།
ཁྱེད་ཚོ་འགྲོ་སོང་།
ཚེ་སྲོག་མེ་ལ་བསྒྲོན་ནས་བོད་དོན་ལ་འགྲོ་སོང་།
ང་ཚོ་བསྡད་ཡོད།
སྔོན་བཞིན་རང་ལྟོ་དང་རང་གོས་ཆེད་དུ་བསྡད་ཡོད།
ཁར་སང་གི་མེ་ལྕེ།
དེ་རེང་གི་དུ་བ།
སང་ཉིན་གྱི་ཐལ་བ།
ཀྱེ་མ། བཞུད་ཟིན་པ་ཕལ་ཆེ་བ་དབང་རྩ་མ་ཚང་བ་ཤར་ཏག་རེད་འདུག ད་དུང་མེ་དཔུང་འབར་བ་ཚོ་ལ་དཔའ་རྒོད་རྩི་ན་དབང་པོ་ཐང་ཐང་མིན་པ་དུ་མ་རང་ཤི་རྒྱག་གི་རེད། སྙན་ངག་ཏུ་འདོད་ན་སྙིང་རྗེ་མེད་པའི་འུར་སྒྲོག་ཅིག་མ་ཡིན་ནམ།
ཀརྨ་ཡེ་ཤེས་ཟེར་བ་འདིས་རྒྱ་གོང་ཁྲན་ཏང་གི་ལས་ཁུངས་ནང་ལ་ཕྱག་ལས་གནང་གི་ཡོད་པ་འདྲ། སོང་ཙང་ཁྱེད་རང་ཚོའི་ལས་ཁུངས་ནང་གི་མི་རྣམས་དབང་རྩ་མ་ཚང་བ་ཤ་སྟག་རེད་ཟེར་ན་འོས་ཤིང་འཚམས་པ་མིན་འགྲོ།
དྲང་གཏམ་ཞིག་བརྗོད་འདོད། སྙན་ངག་ནི་སྙན་རང་རེད། སྙན་ངག་མཁན་ཁྱེད་ལ་སྙིང་རྗེ་ནི་སྤུ་ཙམ་མི་འདུག །མི་ཞིག་གིས་རང་སྲོག་དམར་པོ་དེ་མེར་སྤར་དུས་ཞེད་སྣང་དང་སྐྱོ་སྣང་ག་ཚོད་ཡོད་མེད་བསམ་བློ་འཁྱུགས་ཙམ་ཡང་འཁོར་མ་མྱོང་བ་འདྲ། འདི་ལོ་བོད་ལ་རང་ལུས་མེར་བསྲེགས་མང་དག་ཞིག་བཏང་ནའང་བོད་་དོན་ལ་འདི་ཕན་པ་རེད་ཅེས་སུས་ཀྱང་ལབ་མི་ཐུབ་པའི་ཁར་་བོད་ནང་དུ་བོད་མི་ཚོར་གནོད་པ་ཧ་ཅང་ཆེན་པོ་བཟོས་ཡོད། དཔེར་ན་་་་འདས་པོ་ཁོ་རང་གི་ནང་མི་སྤུན་མཆེད་དང་གྲོང་པ་ཁྱིམ་ཚན་རྫོང་དགོན་པ་བཅས་ཚང་མ་སྡུག་ལ་སྦྱར་བ་མ་ཟད་་་འབྱུང་འགྱུར་འཚོ་བ་སྐྱེལ་སྟངས་འཐད་གནད་སྐྱོན་ཞེ་བྲག་འབྱུང་ངེས་རེད། ཁྱེད་རང་ཡིན་ནའང་སོ་སོ་ངན་སོང་ན་འགྲོ་ཡག་གི་རྒྱུ་མ་གསོག་ན་ཡག་གི་རེད། གང་ཡིན་ཟེར་ན་ཁྱེད་རང་ནས་ད་དུང་མུ་འཐུད་དེ་བསྐུལ་མ་གཏང་གི་འདུག དེ་ལ་བརྟེན་ནས་མི་གཅིག་གི་རང་སྲོག་བཅད་པ་ཡིན་ན་དེ་ཁྱེད་རང་གིས་བསད་པ་རང་རེད། དེ་ཡང་ཡིན་ཏེ། སྲོག་གཅོད་པའི་ལས་ལ་བཅོལ་རྫོགས་ཀྱིས་ལས་ལམ་རྫོགས་པ་ཡོད་རེད། དེ་ཚོ་ཧ་གོ་དགོས་རེད། སོང་ཙང་མི་བསད་པ་ཡིན་ན་འགྲོ་ས་ནི་དམྱལ་བ་རང་རེད། རྒྱ་གར་དང་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་མི་ཚོས་་་་་རང་ལུས་མེ་ལ་བསྲེགས་ངེས་ཚོར་རྒྱབ་སྐྱོར་ཡིན་ཞེས་པའི་མར་མེ་འཕྲེང་བསྐོར་དང་སྐད་འབོད་བྱས་པ་དེ་ཚོ་ཡང་་་་་སྲོག་གཅོད་བྱེད་ཀྱི་ལག་ཆ་རང་རེད། །
མར་མེ་ཁྲོམ་བསྐོར་༽ཞེས་བཅོས་རོགས་གནང་།