བདེ་ཆེན་སྒྲོལ་མ།
ཁ་བ་བབས་རྗེས་ཀྱི་ཞོགས་པ།
ཁྱོད་རང་སྔ་མོར་ལངས་ནས།
ཁྱོད་ཀྱི་སྒོ་འགྲམ་དང་མཐའ་བསྐོར་ལ་གཟིགས་དང༌།
རྐང་རྗེས་གྲངས་མེད་ཞིག་དཔར་ནས་ཡོད་པ།
ངས་ཁྱོད་ལ་སྒུག་པའི་སེམས་པ་རྣམ་དག་ཡིན།
མུན་ཧ་ཅང་ནག་པའི་མཚན་མོར།
ཁྱོད་རང་འཇབ་ནས་ཤོག་དང༌།
མི་ཚང་མ་གཉིད་ཟིན་པའི་ཤུལ་ན།
ངས་གློག་སྒྲོན་ཆུང་ཆུང་ཞིག་གི་འོད་ངོགས་ན།
ཅི་ཞིག་འབྲི་བཞིན་ཡོད་པ་མཐོང་ན།
དེ་ནི་ངས་ཁྱོད་རང་དྲན་པའི་སེམས་ཀྱི་སྒྲ་དབྱངས་ཡིན།
གལ་སྲིད།
གལ་སྲིད།
ཁྱོད་རང་ནག་པང་ཞིག་ཡིན་ན།
ངའི་བརྩེ་དུང་གི་གསང་བའི་གཏམ་རྒྱུད།
ཁྱོད་སྟེང་དུ་གསལ་བར་འབྲི་འདོད།
གལ་སྲིད།
ཁྱོད་རང་མེ་མདའ་ཞིག་ཡིན་ན།
ངས་ཁྱོད་རང་རང་ཉིད་ཀྱི་སྙིང་ཁར་བཙུགས་ཏེ།
ཐག་སྒྲ་རྐང་གཅིག་གིས་རང་སེམས་འགྲེལ་བཤད་རྒྱག་འདོད།
གལ་སྲིད།
ཁྱོད་རང་ཆོས་དཔེ་གླེགས་བམ་ཞིག་ཡིན་ན།
ངས་ཁྱོད་རང་རི་ཁྲོད་དུ་ཁྱེར་ཞིང༌།
ཁེར་རྐྱང་གིས་ཀློག་ཞིང་ཉམས་སུ་མྱོང་འདོད།
གལ་སྲིད།
ཁྱོད་རང་ཆུ་བོ་ཞིག་ཡིན་ན།
ངས་ཉིན་མཚན་དང་སྔ་དགོང་མེད་པར།
དྭངས་གཙང་གི་ཁྲུས་ལ་རོལ་འདོད།
གལ་སྲིད།
ཁྱོད་རང་སྤྱང་ལྟོགས་ཞིག་ཡིན་ན།
ང་ལུག་ཆུང་ཚོན་པོ་ཞིག་ཏུ་བརྫུས་ཏེ།
ཁྱོད་ཀྱི་ལྟོགས་སྐོམ་གཏིང་ནས་སེལ་འདོད།
གལ་སྲིད།
ཁྱོད་རང་རླུང་བུ་ཞིག་ཡིན་ན།
ང་སྡོང་ལོ་སེར་པོ་ཞིག་ལ་སྤྲུལ་ཏེ།
ཁྱོད་ཉིད་ལ་གང་སར་འཁྱེར་དུ་འཇུག་འདོད།
སྨན་ཁྱེད་ཀྱི་སྙན་ངག་ཀློག་དུས།
བུ་ང་ཡི་སེམས་པ་སྐྱོ་ཐལ།
དེ་སྙན་ངག་སྐྱོ་ནས་མིན་གྱི།
ཁྱེད་ཞལ་མཇལ་མེད་པས་ཡིན་ལགས།
ཡུལ་ཨ་རིའི་འདུ་ཚོགས་དཀྱིལ་ལ།
སེམས་ལྷག་ཏུ་ཡུད་པར་འགྱུར་གྱི།
ཡུལ་སྟོང་བའི་དབང་གིས་མིན་གྱི།
ཁྱེད་མཉམ་དུ་མེད་པས་ཡིན་ལགས།
སྟེང་དཀོན་མཆོག་གསུམ་གྱི་གཟིགས་མཛོད།
སྨན་བདེ་ཆེན་དབང་མོ་ཐུག་ཤོག
སེམས་བརྩེ་བའི་ཡུལ་་དང་མ་བྲལ།
ཚེ་བྱམས་དང་ཤ་ཚས་འདས་འགྲོ།
ཁྱོད་རང་བུ་མོ་ཞིག་མ་རེད།
གལ་སྲིད། ཁྱོད་རང་བུ་མོ་ཞིག་ཡིན་ན།
ཁྱོད་ཀྱང་གཞན་གྱི་ཐུ་འོག་ན་ཁུ་སིམ་སིམ།
ཕ་རོལ་གྱི་བྲང་གཞུང་ལག་པས་ཕུར་བཞིན།
མཚན་གུང་དེ་ཁྱོད་ཀྱིས་རྫོགས་རྒྱུ་མེད་པའི་སྙིང་གཏམ་བཤོ་ས་ཡིན་ལ།
མཚན་གུང་དེ་ཁྱོད་ཀྱི་ནུ་འབུར་གཉིས་མེ་རུ་བཞིན་འབར་བའི་དུས་ཚིགས་ཡིན།
ཁྱོད་རང་བུ་མོ་ཞིག་མ་རེད།
གལ་སྲིད་ཁྱོད་རང་བུ་མོ་ཞིག་ཡིན་ན།
ཁྱོ་ག་མ་རབས་ཤིག་གི་ཁ་སྡུག་ནམ་རྒྱུན་མྱངས་བཞིན།
བྱིས་པ་པྲ་ཚག་ཅིག་རྒྱབ་ཏུ་ཁུར་ནས་ཁྱེད་རང་ཕ་ཡུལ་གྱི་ཞིང་གྲོང་ན་ལྷག་སྲིད།
ཁྱེད་རང་བུ་མོ་ཞིག་མ་རེད།
གལ་སྲིད། ཁྱོད་རང་བུ་མོ་ཞིག་བྱེད་འདོད་ཡོད་ན།
སྐྲ་ལོ་རིང་པོ་ཞིག་གིས་རྒྱབ་གཞུང་ཁེབས་པར་བྱས་ཏེ།
སྐག་རྩི་དམར་པོ་ཞིག་གིས་མཆུ་ཏོ་དམར་པོ་བཟོས། བརླ་ཤ་དང་ཨོང་རྡོག་བཙུར་བསྡམ་བྱེད་པའི་ཤ་འབྱར་གྱི་རྐང་སྣུམ་གྱོན་ཞིག་བཙན་གྱིས་གོན་ཏེ། རྡ་སའི་ཁྲོམ་གཞུང་དུ་བུ་མོ་ཚོའི་འགྲོས་ཀྱིས་ལྷེམ་ལྡེམ་དུ་ཆགས་མིག་གིས་སོང་དང་།
ང་ཚོས་ཁྱོད་ལ་བདེ་ཆེན་སྒྲོལ་མ་ཞེས་སྐད་གསེང་མཐོན་པོས་འབོད་ཆོག
རྡ་ས་འདི་མི་ཚོགས་རྒོད་པས།
ཟ་ལེ་རྒྱལ་ཁ་ཤས་ཀྱིས་ཁྱོད་ཀྱི་རྒྱབ་ལོག་ནས་མཛེས་མ་ཞེས་འདོད་བརྡ་རྒྱག་ན་ཐང་།
དེ་དུས་ཁྱོད་ཀྱི་ཕོ་གཤིས་དེ་ལྷང་ལ་མ་འབུད།
རྒྱ་གར་རླངས་འཁོར་གཏོང་མཁན་ཚོས་ཁྱོད་ལ་བཙན་གཡེམ་བྱེད་ན་ཐང་།
དེ་དུས་ཁྱོད་ཀྱི་ཕོ་མཚན་་་་་་་་་་་་་་་་་་་་་་