འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞིབ་འཇུག་གྲུབ་དོན་(འདིར་སྣུན་)ལྟར་ན་འཛམ་གླིང་ཁྱོན་ནས་ལོ་རེའི་ནང་མི་གྲངས་ས་ཡ་དྲུག་(6000000) རེ་ཐ་མག་གིས་རྐྱེན་བྱས་ནས་འདས་གྲོངས་སུ་འགྲོ་བཞིན་ཡོད་ཅིང་། དེའི་ནང་གི་མི་གྲངས་འབུམ་དྲུག་(600000) ཙམ་ཐ་མག་འཐེན་མྱོང་མེད་མོད། ཐ་མག་འཐེན་མཁན་གཞན་གྱི་དུད་རྫས་ཁོག་པར་སོང་བ་ལ་བརྟེན་ནས་འདས་གྲོངས་སུ་གྱུར་བ་རེད།
སྔོན་དཔག་བྱས་པ་ལྟར་ན། སྤྱི་ལོ་2030 ལོ་ནས་ཐ་མག་གི་རྐྱེན་གྱིས་ལོ་རེའི་ནང་མི་གྲངས་ས་ཡ་བརྒྱད་(8000000)ལྷག་འདས་གྲོངས་སུ་འགྲོ་རྒྱུ་རེད་ཟེར།
ཐ་མག་འཐེན་མཁན་གྱི་མི་གྲངས་ཐེར་འབུམ་གཅིག་ལྷག་ཡོད་པའི་ཁོངས་ཀྱི་སྤྱིའི་བརྒྱ་ཆ་བརྒྱད་ཅུ་(80%)ལྷག་དཔལ་འབྱོར་གྱི་ཡོང་ཁུངས་དམན་པའམ་འབྲིང་ཙམ་ཡིན་པའི་རྒྱལ་ཁབ་ཁག་ཏུ་ཡོད།
ཀྲུང་གོའི་ནང་ནས་ལོ་རེར་མི་གྲངས་ས་ཡ་གཅིག་ཚེག་གཉིས་ལྷག་ཐ་མག་གིས་རྐྱེན་གྱིས་འདས་གྲོངས་སུ་འགྲོ་བཞིན་ཡོད། ཁྱེད་རང་2014 ལོའི་ཀྲུང་གོའི་ཐ་མག་གི་གནོད་འཚེ་ཕོག་མཁན་ཞིག་གི་གྲངས་ཐོར་འགྱུར་འདོད་དམ།
རང་ཉིད་དང་། ཁྱིམ་ཚང་། མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ། གྲོགས་པོ་ལགས། ཐ་མག་སྤོངས་རོགས།
གལ་སྲིད་ཁྱེད་ཀྱིས་ཐ་མག་སྤོང་འདོད་ཚེ། འདིར་སྣུན་ནས་ཐ་མག་སྤོང་ཐབས་ཀྱི་གློག་རྡུལ་དེབ་ཕབ་ལེན་གནང་རོགས།
བོད་སྐད་དུ་ངེས་པར་འཁོད་དགོས་པའི་ཤེས་བྱ་རེད།