གདོང་མཁན་པས།
ཁྱེད་གསོན་པའི་སྐབས་ལ་དགག་སྒྲུབ་བྱེད་མ་མྱོང་ལ་་་་་
འུར་འགྲོས་ཀྱིས་བསྟོད་ཚིག་ཆེད་གཏད་དེ་ལས་བྱེད་མ་མྱོང་་་་
ངས་་་་་ཁྱེད་ངོ་ཤེས་པ་ནི་་་་་་་
མི་རིགས་དང་རིག་གཞུང་ལ་ཕུགས་མདུན་ཆེད་་་
ཀ་ཁའི་དབྱངས་རྟ་ལ་ཞེན་ཆགས་ཟབ་མོ་དང་་་་་་་་
གསོ་རིག་གི་སྨན་ཁུག་ནས་དྲི་བསུང་འཐུལ་བ་དེ་རེད་་་་་
དེ་རིང་ཁྱེད་ང་ཚོ་དང་རྒྱང་རིང་དུ་གྱེས་སོང་བ་ཐོས་འཕྲལ་་་་་
མྱ་ངན་དང་འཁྲེན་སེམས་འཐུམས་པས་ན་ཟུག་དང་་་་་་་
གདུང་བས་མནར་བའི་མིག་ཆུས་བརླན་ཞིང་་་་་
དཀོན་མཆོག་ལ་གསོལ་འདེབས་དང་སྨོན་ལམ་འདེབས་བཞིན་་་་་་་
རེད་དེ་་་་་་ཁྱེད་གསོན་པའི་དུས་དེ་ལ་གཉའ་གནོན་དང་ཁ་རྡུང་་་་་
འཁང་ཚིག་འཕངས་པའི་མི་བུ་དག་གིས་་་་་་་
ཁྱེད་ང་ཚོ་དང་གཏན་དུ་གྱེས་སོང་བའི་ཤུལ་ནས་་་་
མི་བུ་དེས་ཁྱེད་ལ་མྱ་ངན་ཞུ་ཚིག་རེ་རེ་འཕངས་ཁུལ་དང་་་་
འུར་བསྟོད་ཀྱིས་གངས་ལྗོངས་ཀྱི་གསོ་རིག་མཁས་དབང་ཡིན་ཚུལ་བསྙད་བཞིན་འདུག་ལགས་་་་་
དེ་བཞིན་དུ་ཆིག་ཐུབ་ཀྱིས་རྐྱང་འདེད་ཐོག་ནས་མི་བུ་དེའི་རྗེས་འབྲངས་པ་ཚོས་་་་་
ཧོལ་རྒྱུག་དང་འུར་ལངས་ནས་མྱ་ངན་ཞུ་ཚིག་དེ་སྲང་ལམ་ནས་བསྙད་བཞིན་འདུག་་་་
ངས་ཁྱེད་ཀྱི་ཟུངས་ཁྲག་རེ་རེ་ནས་བྱུང་བའི་དབྱངས་གསལ་གྱི་དགྱེས་གླུ་ཉན་ན་འདོད་་་་
ཁྱེད་ཀྱི་རྣམ་ཤེས་ཕྲ་མོ་ཡང་ཡང་འཚོལ་ཉུལ་བྱེད་འདོད་པ་དེ་ཡིན་་་་་
༢༠༢༢/༡༢/༡༨/༧/༡༨
གདོང་མཁན་པ་མ་རེད། མདོག་ཉེས་པ་རེད།