རླུང་དམར།
ན་ཚ
ཙི་ནིའི་གྲོང་ཁྱེར་ཝོའུ་ཧན་ནས་མཆེད
སྐྱེ་འགྲོ་མང་པོ་ཞིག
གློ་ཚད་ཏོག་དབྱིབས་ནད་དུག་གིས་མནར་ཏེ
འཆི་ལམ་དུ་བུད་སོང
ཞེ་སྐྱོ་ཞིང་སྙིང་ན་བའི་འཇིགས་སྣང་གིས་ཡོད་ཚད་བརླགས
ན་ཚ་མང མྱི་ཤི་མང
རྨེག་མེད་ཀྱི་དམག་འཁྲུག་ལྟ་བུའི་ན་ཚ་འགད་རྫས་ཤིག
ཡིབ་རེས་གཞའ་རེས ཁ་ཐུམ་ལག་ཐུམ
བྲོས་བྲོས་བྱོལ་བྱོལ ས་ལམ་གནམ་ལམ་བཀག
ན་ཚའི་འཇིགས་པ་ནི་ངོ་མཚར་ངན་མཐུ་ནག་པོ་ཞིག་རེད
གང་ལའང་འགྲོ་མི་ཆོག་པའི་སུན་སྣང་གི་ཉིན་ཞག་འདི་ཚོ
སུ་ཡིས་སྐྱབས་མགོན་བྱེད་ནུས་ཨང
ཁྱབ་གདལ་གྱི་ནད་དུག་ལྕི་མོའི་ན་ཟུག་དེ་སུ་ཡིས་བཟོད
ན་ཚའི་དུག་ཁ་ག་ལེར་ཐུ་བྷོད་ཀྱི་སྒོ་ཁར་འཐུལ་ལི་ལི
རྟའུ ཡུལ་ལྗོངས་ཀྱི་སྒེག་ཉམས་ལྡན་པའི་ཁ་བ་ཅན
ཁྱེད་ཀྱི་ལུས་གཙང་ཞིང་དྲི་མ་མེད་ནའང
ལས་དབང་གི་བཙན་ལྕུག་འཚུབ་རྒོད་ཆེ་བས
ཁྱེད་ཀྱི་ལུས་ལ་ནད་མནར་བྱུང
ནད་པ་མང་པོ་ཐོན་འདུག
ཉེ་སྤུན་སུ་ཡིས་སུ་ལ་རོགས་འདེགས་བྱེད
ཉེན་འགོག་རིམས་ནད་རྩ་གཏོར་ཆེད
ང་ཚོས་”རྟའུ་”ལ་ནད་མུན་སེལ་བའི་འོད་འདྲེན་ཆོག
རྟའུ ན་གདུང་ནད་གདུང་ཇི་ལྟར་ཆེ་ནའང
ཁྱེད་ལ་བདག་གཅེས་མཛོད
ས་རུབ་ནས་ནམ་ལངས་དགོས་སོ
༢༠༢༠-༠༢-༡༧ཉིན།
སེང་རྡོར། སྙན་ངག་འབྲི་ཤེས་མཁན་གྱི་རྒྱ་ཁྱི་ལྡོམ་རྐྱལ་ཞིག
བོང་རྫི། གདུག་རྩུབ་ཆེ་བའི་སྐད་ཆ་ལྷག་བསམ་ཅན་ཞིག
ཤེས་རབ་དར་རྒྱས། ཁྱད་འཕགས་འབྲི་རྩལ་གྱིས་བདེན་སྟོབས་ཀྱི་མེ་ཁ་གསོ་བའི་རྒད་པོ་དྲང་ཚུགས་ཅན་ཞིག
སོག་ཚང་བློ་བྷེ། ཧི་མ་ལ་ཡའི་ཕ་རོལ་ནས་བསྐུར་འོངས་པའི་སྐྱོ་གདུང་གི་སྐད་ཆ་ཐེད་པོ་མང་པོ་ཞིག་སྡུག་བསྔལ་གྱིས་ཕྱི་བཙེམ་ནང་བཙེམ་བྱས་བྱས་ནས་ཕྱིར་བོད་ལ་སྐུར་མཁན་གྱི་འབྲོག་རྒན་སྨུག་རྩི་ཅན་ཞིག
ཚེ་རིང་སྐྱིད། ཡར་མར་འགྲོ་བའི་ལམ་ངོགས་ཀྱི་རྒྱ་སེ་མེ་ཏོག་དག་རང་ཉིད་ཡིན་རློམ་གྱིས་ལྡེམ་ཞིང་ལྡེམ་ཞིང་འགྲོ་མཁན་ཞིག
བསྟན་པ་ཡར་འཕེལ། ཏག་ཏག་རང་ཉིད་ཀྱི་མིང་གི་ལྡོག་ཕྱོགས་སུ་མེ་ཤུགས་འཕུར་མདའ་ལས་ཀྱང་རིངས་པར་བསྐྱོད་པའི་སྐྱ་མིན་སེར་མིན་ཞིག
བློ་བཟང་སེང་གེ། སྐྱག་པ་འགོས་པའི་རང་གི་བྱད་བཞིན་ལ་མཛུབ་མོས་བཙུགས་ནས་འདི་ཁྱོད་ཀྱི་བྱད་བཞིན་ལ་འགོས་པའི་སྐྱག་པ་རེད་ཅེས་ཕེ་རིང་འདེབས་མཁན་གྱི་འབུམ་རམས་པ་ཞིག
ཨ་ཚོགས་ཀླུ་མཁར་བྱམས། གཡག་རྒན་ཞིག་མི་རྐུ་རྒྱུ་ན་བཟའ་ཉོག་གང་པོ་ཨོ་གླིང་ཟེར་བའི་དག་ཞིང་གསར་པ་དེར་མི་ཐོན་པའི་རྒད་པོ་རྒྱ་རག་ཅིག
སྤྲེལ་ནག་པ་བློ་གྲོས་དཔལ་བཟང་། གནའ་བོའི་དཔེ་རྙིང་བསྔོགས་བསྔོགས་ནས་ཤི་ལ་ཁ་བྱེད་བཞིན་པའི་ལོ་ལོན་གསར་བུ་པྲ་ཚག་ཅིག
སེང་དར་མ། རྒྱའི་དཔའ་རྒོད་ཀོ་ཝུན་ཀུའུ་སྐད་ཆ་དག་གདམ་གསེས་ཀྱིས་ངོ་དེབ་ཐོག་བོད་ཡིག་ལས་མི་ཤེས་མཁན་དག་དགའ་རུ་འཇུག་མཁན་གྱི་ངོ་ཤེས་པའི་མི་ཞིག
ཨ་རླུང་དང་ཨེ་རླུང་། ཡིག་ནོར་ལས་སྣོན་བྱེད་སའི་བཟོ་གྲྭ་ཆེན་པོ་གཉིས།