བོད ལྷ་ཀླུ་གཉན་གསུམ།
་་་་་་་་་་གཞས་ཚིག
འདས་སོང་གི་ལོ་ཟླ།།
ཕྱིར་མིག་གི་མདའ་མོ།
བརྩེ་དུང་གི་མེ་ཏོག།
ཁྱེད་རང་ལ་གཏད་ཡོད།།
ཡུན་རིང་གི་རྗེས་སུ།།
སེམས་ཁོང་གི་མཁའ་དབྱིངས།།
སྐར་ཚོགས་ཀྱི་ཁྲོད་དུ།།
ཁྱེད་ཞལ་གྱི་ཟླ་བ།།
དགུན་དུས་ཀྱི་མཚན་མོ།།
ཁ་བ་ནི་འབབ་དུས།།
གངས་དཀར་གྱི་འདབ་མ།།
སེམས་ཁོང་ནས་ཟེགས་སོང་།།
ཁྱེད་རང་ལ་དགའ་བའི།།
ཉམ་ཆུང་གི་བུ་ལོས།།
ཐག་རིང་གི་ཡུལ་ནས།།
གཞས་ཆུང་འདི་སྐུར་ཡོད།།
སེམས་སོང་བུ་མོའི་རྗེས་ལ། །
སྐྲ་ལོ་སེར་ཐིགས་ལྷུང་ཐལ། །
གྱེས་ཁའི་ཁ་དྲི་ཞིམ་པོ། །
སེམས་པའི་གཏིང་གི་སྣག་རེད། །
གྱེས་ཁའི་སྙིང་གཏམ་ཚིག་གསུམ། །
ལྷད་མེད་སྙིང་ལ་འཁུར་ནས། །
ལོ་དང་ཟླ་བའི་དྲན་གདུང་། །
གཟུགས་མེད་རླུང་གིས་འཁྱེར་འགྲོ །