འཇིགས་མེད་ནུབ་པ།
ད་ལྟའི་སྐབས་སུ། མི་རྣམས་ཀྱིས་རང་གི་གྲོགས་པོ་དང་ནང་མི། དགའ་ཉེ་སོགས་ལ་གློག་འཕྲིན་དང་ཁ་པར། དྲ་རྒྱ། འཕྲིན་ཐུང་སོགས་བརྒྱུད་ནས་འབྲེལ་བ་བྱེད་ཀྱི་ཡོད་ཅིང་། འབྲེལ་བ་བྱེད་སྟངས་དེས་ང་ཚོ་གནས་སའི་འཛམ་གླིང་འདི་ཇེ་ཆུང་ནས་ཇེ་ཆུང་ལ་འགྲོ་གི་ཡོད། འཛམ་གླིང་ཇེ་ཆུང་ལ་འགྲོ་བ་བཞིན། མི་སྒེར་བ་ལ་ཡོད་པའི་སྒེར་གྱི་གནས་ཚུལ་དང་དོན་དག གསང་བ་དག་ཀྱང་ཉུང་ནས་ཉུང་དུ་འགྲོ་གི་ཡོད། སྒང་གི་ཡོ་ཆས་འདི་དག་ལ་བརྟེན་ནས་མི་སྒེར་བ་གཅིག་གིས་དུས་ཡུན་སྐར་ཆ་འགའ་ཡི་ནང་ཚུད་དུ། འཛམ་གླིང་གང་སར་ཡོད་པའི་རང་གི་གྲོགས་པོ་གྲོགས་མོ་དང་ནང་མི་སྤུན་ཉེ་དག་ལ་སྐད་ཆ་བཤད་པ་དང་འཕྲིན་ཐུང་གཏོང་བ། འདྲ་པར་བགོ་བ་བཅས་བྱེད་ཐུབ་ཀྱི་ཡོད། འདི་ནི་མི་རྣམས་ཀྱིས་འཕྲུལ་རིག་གི་ལོངས་སྤྱོད་རྩེ་མོར་སླེབས་ཡོད་པའི་རྟགས་མཚན་ཞིག་ཀྱང་ཅི་ལ་མིན། ལྷག་པར་དུ། བོད་པ་རྣམས་ལ་མཚོན་ན་ཡང། བོད་ཕྱི་ནང་གཉིས་སུ་འབྲེལ་ལམ་སྔར་ལས་སྟབས་ཇེ་བདེར་ཕྱིན་ཡོད་ལ་འབྲེལ་ལམ་གྱི་མགྱོགས་ཚད་ཡང་ཇེ་མྱུར་ལ་ཕྱིན་ཡོད།
ཉེ་བའི་ཆར་ནས། བོད་ཕྱི་ནང་གཉིས་ལ་ཕན་ཚུན་གླེང་མོལ་བྱེད་པ་དང་གནས་ཚུལ་གཏོང་བ། མཚམས་འདྲི་བྱེད་པ་བཅས་ཀྱི་ཆེད་དུ་རྒྱ་ནག་ནང་ཁུལ་ནས་བཟོས་བའི་་སྐད་འཕྲིན་ (Wechat) (རྒྱ་སྐད་དུ་འདི་ལ་བེས་ཞིན་ཟེར) ཟེར་བའི་འཕྲིན་ཐུང་མཉེན་ཆས་ཤིག་བེད་སྤྱོད་གཏོང་གི་ཡོད་ཅིང་། དེ་བེད་སྤྱོད་གཏོང་མཁན་གྱི་བོད་མིའི་མི་འབོར་ཡང་ཉིན་རེ་བཞིན་འཕར་གྱིན་ཡོད། དེས་ན། སྐབས་སུ་བབས་པའི་དྲི་བ་ནི། བེས་ཆ་ཁྲི་ཟེར་བའི་འཕྲིན་ཐུང་མཉེན་ཆས་འདི་ལ་ཉེན་སྲུང་ཡོད་དམ། འདི་བདེ་འཇགས་ཡིན་ནམ། འདིའི་སྟེང་དུ་བགོ་བཤའ་བྱས་བའི་གནས་ཚུལ་རིགས་ལ་བདེ་སྲུང་ཡོད་དམ། གོང་གི་དྲི་བ་འདི་དག་གི་ལན་ནི་ “མེད” ་ཟེར་བ་དེ་ཡིན། མཉེན་ཆས་འདི་ལ་ཉེན་སྲུང་དང་བདེ་འཇགས་མེད་ན། ང་ཚོས་ད་དུང་སྐད་འཕྲིན་ (Wechat) ཟེར་བའི་མཉེན་ཆས་འདི་བེད་སྤྱོད་གཏོང་གི་ཡིན་ནམ།
སྐད་འཕྲིན་ནི། རྒྱ་ནག་གི་བཟོ་ཚོང་ཁང་(Tencent) ཁྲེན་སེན་ཁྲི་(རྒྱ་སྐད་དུ་ཧྲི་ཧྤེན)ཟེར་བས་བཟོས་བའི་འཕྲིན་ཐུང་མཉེན་ཆས་ཤིག་ཡིན་ལ། ཁོང་ཚོས་འཕྲིན་ཐུང་མཉེན་ཆས་འདི་ཕྱི་ལོ་༢༠༡༡ལོར་ཐོག་མར་ཁྱབ་བསྒྲགས་བྱས། མཉེན་ཆས་འདི་ཁྱབ་བསྒྲགས་བྱས་བའི་རྗེས་ཀྱི་ཟླ་ངོ་དྲུག་གི་ནང་ཚུན་དུ། རྒྱ་ནག་ནང་ཁུལ་དུ་མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་ས་ཡ་ཉིས་བརྒྱ་ལྷག་བརྒལ་ཡོད། འཕྲིན་ཐུང་མཉེན་ཆས་འདི་བརྒྱུད། རིན་མེད་ཐོག་ཕན་ཚུན་ལ་འཕྲིན་ཐུང་གཏོང་བ་དང་སྒྲ་ཡོད་སྐད་འཕྲིན་བསྐུར་བ། འདྲ་པར་བགོ་བ། གཟུགས་ལྡན་ཁ་བརྡ་བྱེད་པ། ད་དུང་སོ་སོའི་ཉེ་འཁོར་གྱི་མི་འཚོལ་བ་བཅས་བྱེད་ཐུབ་ལ། བོད་རིགས་རྣམས་ལ་མཚོན་ན་འདིའི་ཐོག་ཏུ་འཕྲིན་ཐུང་བོད་ཡིག་ཏུ་ཡང་འབྲི་ཐུབ་ཀྱི་ཡོད། འོན་ཀྱང་། འཕྲིན་ཐུང་མཉེན་ཆས་འདིའི་ཉེན་ཁ་ནི། ཁྱེད་ཀྱིས་འཕྲིན་ཐུང་འདིའི་སྟེང་དུ་གང་བྱས་བ་ཚར་མར། རྒྱ་ནག་གཞུང་གིས་ལྐོག་ལྟ་དང་རྗེས་འདེད་གཏོང་ཐུབ་པ་མ་ཟད། འཕྲིན་ཐུང་མཉེན་ཆས་འདིར་གཞུང་གི་ཉེན་སྲུང་སྡེ་ཚན་གྱིས་སྐོར་གཡེང་དང་ལྐོག་ལྟ་བྱས་ཆོག་པའི་ལྟག་སྒོ་ཡང་ཡོད། དེར་བརྟེན། འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས། མི་སྒེར་བ་ཕན་ཚུན་ལ་གསང་བའི་གནས་ཚུལ་གཏོང་བ་དང་སྙིང་གཏམ་གླེང་བ། སྒེར་བའི་དོན་དག་བཤད་པ་བཅས་ནི། སོ་སོའི་མི་ཚེ་ཉེན་ཁའི་གཡང་ལ་སྐྱེལ་བ་འམ་རྒྱ་གཞུང་གི་ལག་ཏུ་འཇོག་པ་དང་གཅིག་མཚུངས་ཡིན། ལྷག་པར་དུ། འཕྲིན་ཐུང་མཉེན་ཆས་འདི་བེད་སྤྱོད་གཏོང་མཁན་གྱི་བོད་ཕྱི་ནང་གི་བོད་རིགས་རྣམས་ཀྱིས་གནད་དོན་འདི་ངེས་པར་དུ་ཤེས་རྒྱུ་ཧ་ཅང་གལ་ཆེ།
རྒྱ་ནག་ནང་ཁུལ་དུ་མཚོན་ན། ད་ཕན་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་ཤེས་ཡོན་པ་དང་རྩོམ་པ་པོ། འགྲོ་བ་མིའི་ཐོང་ཐང་རྩོད་མཁན་སོགས་མང་པོ་འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་མ་ཟད་། བཟོ་ཚོང་ཁང་འདིས་རྒྱ་ནག་གཞུང་ལ། གཞུང་དང་བསམ་ཚུལ་མི་མཐུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་རྗེས་འདེད་དང་ལྐོག་ལྟ་བྱེད་འཇུག་གི་ཡོད། འདིའི་དཔེ་མཚོན་གཅིག་ནི། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་ཧུའུ་ཅ་(Hujia) ལགས་ཀྱིས་དབྱིན་ཡུལ་གྱི་དྲ་བ་གྲགས་ཅན་སྒར་སྒྲིན་(Guardian) སྟེང་དུ་འདི་ལྟར་གསུངས་ཡོད། “ངས་བས་ཆ་ཁྲི་ནི་གཞན་དང་བསྡུར་ན་བདེ་འཇགས་རེད་བསམ་ཡོད། དེ་ནི་མཉེན་ཆས་གསར་བ་ཞིག་ཡིན་པ་མ་ཟད་དེ་རྒྱ་ནག་གི་ལག་ཁྱེར་ཁ་པར་བཟོ་ཚོང་ཁང་ཆེ་ཤོས་(China Mobile) དང་(China Unicom) གཉིས་ཀྱིས་བཟོས་བ་ཞིག་མ་རེད། བཟོ་ཚོང་ཁང་དེ་གཉིས་ཀྱིས་ལོ་ངོ་བཅུ་ལྷག་ལ་ངའི་ཁ་པར་དང་འཕྲིན་ཐུང་ཚང་མར་ལྐོག་ཉན་དང་རྗེས་འདེད་བཏང་ནས་བསྡད་པ་རེད། ཡིན་ན་ཡང་། ཉེ་ཆར་རྒྱ་ནག་གི་ནང་ཁུལ་གསང་བའི་ལས་ཁུངས་ཀྱིས་ང་ཧང་སངས་བར་བྱས་སོང་། ཁོང་ཚོས་ངའི་སྐད་ཆའི་ཚིག་རེ་རེ་དང་སྒྲ་ཡོད་སྐད་འཕྲིན་རེ་རེ་ང་ལ་སྐྱོར་གི་འདུག དེ་དག་ངས་སྐད་འཕྲིན་ (Wechat) བརྒྱུད་ནས་གྲོགས་པོ་ཚོར་བཏང་བ་ཤ་སྟག་ཡིན།”
འདིའི་ཉེན་ཁ་འདི་རྒྱ་རིགས་གཅིག་པོ་ལ་ཡོད་པ་ཞིག་མིན་པར། བོད་རིགས་ཚོར་ཡང་གཅིག་མཚུངས་སུ་འཕྲད་ཀྱི་ཡོད་པ་མ་ཟད་། བོད་རིགས་ཕན་ཚུན་བར་སྒེར་གྱི་གནས་ཚུལ་དང་གསང་བའི་གནས་ཚུལ། སྙིང་གཏམ་སོགས་འཕྲིན་ཐུང་མཉེན་ཆས་འདི་བརྒྱུད་ནས་ཅི་ཞིག་བསྐུར་རུང་། དེ་ལ་རྒྱ་གཞུང་གིས་རྗེས་འདེད་དང་ལྐོག་ལྟ་བྱེད་ཀྱི་ཡོད། དེས་ན། རང་གི་ནང་མི་དང་རང་གི་གྲོགས་པོ། རང་གི་ཉེ་འཁོར་བ་ཚོའི་བདེ་འཇགས་དང་ཉེན་སྲུང་སོགས་ཀྱི་ཆེད་དུ་བདེ་འཇགས་མེད་པའི་འཕྲིན་ཐུང་མཉེན་ཆས་འདི་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་བྱེད་རྒྱུ་ནི་ཧ་ཅང་གལ་ཆེ།
འཕྲིན་ཐུང་མཉེན་ཆས་འདི་མཚམས་འཇོག་གནང་ན། དེའི་ཚབ་ལ་ཅི་ཞིག་བེད་སྤྱོད་གཏོང་དགོས་སམ་ཟེར་བའི་དྲི་བ་འདི་ཡོང་སྲིད་པ་ཞིག་རེད། དྲི་བ་དེ་ལ་ལན་ནི་ཡོད་ཡོད་པ་ཞིག་རེད། འཕྲིན་ཐུང་མཉེན་ཆས་སྐད་འཕྲིན་ (Wechat) ཟེར་བ་འདིའི་ཚབ་ལ། རྒྱ་གཞུང་གི་སྟངས་འཛིན་འོག་ཏུ་མེད་ཅིང་བདེ་འཇགས་དང་ཉེན་སྲུང་ཆེ་བའི་འཕྲིན་ཐུང་མཉེན་ཆས་ཁ་ཁོ་(Kakao) ཟེར་བ་འདི་བེད་སྤྱོད་བཏང་ན་འགྲིག ཁ་ཁོ་(Kakao) ཟེར་བ་འདི་བརྒྱུད་ནས་བས་ཆ་ཁྲི་ནང་བཞིན། གྲོགས་པོ་དང་ངོ་ཤེས། ནང་མི་ཕན་ཚུན་བཅས་ཀྱི་དབར་ལ་རིན་མེད་འཕྲིན་ཐུང་གཏོང་བ་དང་འདྲ་པར་གཏོང་བ། གཟུགས་ལྡན་ཁ་པར་གཏོང་བ། སྒྲ་ལྡན་འཕྲིན་ཐུང་གཏོང་བ། མི་མང་པོའི་མཉམ་དུ་དུས་གཅིག་ལ་ཁ་བརྡ་གློད་པ་སོགས་ཚང་མ་བྱེད་ཐུབ་པ་མ་ཟད། ད་དུང་འཕྲིན་ཐུང་བོད་ཡིག་ཏུ་ཡང་འབྲི་ཐུབ། དེས་ན། ཁ་ཁོ་(Kakao) བེད་སྤྱོད་གཏོང་འགོ་ཚུགས།
ཁྱེད་ཀྱིས་བསམ་བློ་ཞིག་ཐོངས། ཁྱེད་ཀྱིས་ཉེན་སྲུང་དང་བདེ་འཇགས་ཆེ་བའི་འཕྲིན་ཐུང་མཉེན་ཆས་ཁ་ཁོ་བེད་སྤྱོད་གཏོང་གི་ཡིན་ནམ། བདེ་འཇགས་དང་ཉེན་སྲུང་མེད་པའི་བེས་ཆ་ཁྲི་བེད་སྤྱོད་གཏོང་གི་ཡིན། དེ་ལས་ཀྱང་གཏིང་ཟབ་ས་ནས་དྲིས་ན། ཁྱེད་ཀྱིས་རང་གི་གནས་ཚུལ་ཚང་མ་རྒྱ་གཞུང་གི་ལག་ལ་འཇོག་མཁན་གྱི་འཕྲིན་ཐུང་མཉེན་ཆས་འདི་བེད་སྤྱོད་གཏོང་གི་ཡིན་ནམ།
བསྐྱར་དུ་འདྲི་རྒྱུར། ཁྱེད་ལ་རང་གི་བདེ་འཇགས་དགོས་སམ། སྐད་འཕྲིན་ (Wechat)དགོས།
ཐུགས་རྗེ་ཆེ། wechat ཚབ་གཞན་ཞིག་བེད་སྤྱོད་གཏོང་གི་ཡིན།
Wechatའི་ནང་ན་ཧྲེག་ཉན་བྱེད་ནིའི་རྒྱ་འདྲེ་ཟིག་ཡོད་ནོ་རེད་ཟེར་གི། སྐད་ཆ་འདྲ་མི་འདྲ་མ་བཤད་མ་གཏོགས། ཉིན་མ་ཞིག་གལ་འཛིན་གི་རེད། དེ་དུས་རོགས་པ་འདྲ་བྱེད་ནི་ཡོད་ནི་མ་རེད།
Kakaoའི་ནང་ན་བོད་ལྷ་ཞིག་ཡོད་ནོ་རེད་ཟེར་གི་རེད་ཨ། ཨེ་བདེན་མི་བདེན་མི་ཤེས། བདེན་གི་བསམ་ན། དེའི་ནང་ནས་སང་ཉིན་ཡོག་ཟིག་གཏོང་རེད། དེ་ནས་ཤེས་འི་རེད།
སྤྱིར་ཡིན་ན།
བདེ་འཇགས་སྲུང་སྐྱོབ་ཡོད་ནི་འདྲ་ཡོད་ནི་མ་རེད། འདི་ཚང་མ་རྫུན་མ་རེད། ཚང་མ་རྐུན་མ་དང་ཇག་པའི་ལག་ཆ་རྐྱང་རེད། བཤུལ་ལག་ལ་བཅུག་གི་མི་འཇུག་བསམ་ན། འདི་ཚོའི་ནང་ནས་གཤེར་རྒྱག་གི་མ་འདུག་རེད། བློ་བདེ་ཤོས་དང་སྲོག་བཙན་ཤོས་རེད། ཨེ་གོ་ཐལ། དྲ་འབུ་སྣབས་ལུག་ཆ་ཁ།
ཧྲེག་དེ་ཧྲག་ཉན་ལ་བཅོས
འདིར་བོད་སྐད་འབྲི་ས་ལ་འདྲེ་སྐད་མ་འབྲི་རོགས།
བསོད་ཟད་མེ་དཀར་འདིས་ང་འདུག་གི་བཅུག་ན་མི་བལ་འི་ནེ། ཁ་སྐོར་རྒྱོ་འདིའི་ཁ་འདི་མི་ཐོན་ས་ཟིག་མེད་ཀི། མི་དག་ས་རེ་ཡོད་ན་རྩོད་དུ་ཤོག། དེ་མིན་ན་སྦྱང་བརྩོན་བྱོས། ཨེ་གོ་ཐལ།
ང་ལ་ཉེན་ཁ་མེད་ན་ ་ཉེན་སྲུང་དགོས་དོན་མེད་། ཧཧཧཧཧ
རིག་འབྱུང་དོན་འགྲུབ་ལགས། Kakao མཉེན་ཆས་འདི་ལག་འཁྱེར་ཁ་པར་ནང་དུ་ཇི་ལྟར་ཕབ་ལེན་བྱེད་དགོས་བ་དང་བེད་སྤྱོད་ཇི་ལྟར་བྱེད་དགོས་མིན་སོགས་གསལ་བོར་གསུང་རོགས་གནང་།
ལྷ་སྲས་མཐུ་ཆུང་ལགས། kakao ཕབ་ལེན་བྱེད་བདེ་པོ་རེད། ཁྱེད་ཀྱི་ཁ་པར་Android མ་ལག་རིགས་ཅན་ཡིན་ཚེ་ https://play.google.com/store/apps/details?id=com.tencent.mm&hl=en དྲ་ཐག་འདི་ནས་འཛུལ་ཏེ་ཕབ་ལེན་བྱེད་ཐུབ།
kakao ཟེར་བ་བདེ་འཇག་ཡིན་པའི་རྒྱུ་མཚན་ཚད་ལྡན་ཅི་ཡོད། རྒྱ་ནག་ནས་བེད་སྤྱོད་ཇི་ལྟར་བྱེད། བཀའ་གསལ་གནང བར་ཞུ། འདི་ཕྱོགས་ལ་ཁྱབ་ཆེན་པོ་མི་འདུག གློག་ཀླད་མཁན་པོ་འགའ་རེར་དྲིས་པ་ཡིན་ཏེ་རྒྱུས་མི་འདུག ཁྲོན་པའི་སྦལ་བ་ནས།
དྲི་མེད་ལྷག་བསམ་གྱིས་དྲི་བ་ཡག་པོ་བཏང་འདུག ཀ་ཀའོ་ཟེར་བའི་མཉེན་ཆས་འདི་ལ་བདེ་འཇགས་ཀྱི་ཆ་ནས་ཁྱད་ཆོས་མང་པོ་ཡོད། གཅིག་་་དེ་ལྷོ་ཀོ་རི་ཡས་བཟོས་པ་ཡིན་པས་འཕྲིན་ཕྲན་དང་མི་འདྲ་ལ། སྟངས་འཛིན་བྱེད་རྒྱུ་རྒྱ་ནག་ལ་ལས་སླ་བོ་མེད། གཉིས། ཀ་ཀའོ་ཟེར་བའི་མཉེན་ཆས་དེའི་སྒང་ལ་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་ག་གེ་མོ་ནས་ཡིན་པའི་་གློག་ཀླད་མཁས་པ་ཞིག་གིས་བརྟག་དཔྱད་བྱས་ནས་་བརྗོད་རྒྱུར། ཀ་ཀའོ་ཡིས་ང་ཚོའི་གཏམ་གླེང་གི་བརྒྱུད་རིམ་ཚང་མའི་ནང་https ཟེར་བའི་བདེ་འཇགས་ཀྱི་ཁྱད་ཆོས་འཕར་མ་དེ་བེད་སྤྱོད་གཏོང་གི་འདུག་ཟེར། https མཐུན་རྐྱེན་འདིས་ཁྱེད་ཀྱིས་བཏང་བའི་གནས་ཚུལ་ཚང་མ་སྦས་ནས་གཏོང་ཐུབ་ཀྱི་ཡོད་སྟབས་མི་གཞན་པས་མཐོང་ཐུབ་ཀྱི་མེད། HTTPS སྐོར་ལ་ཧ་གོ་འདོད་ན་དྲ་ངོས་འདི་ལ་གཟིགས་་http://blog.amdotibet.cn/tenzinlhamo/archives/66241.aspx
ཀ་ཀའོ་ཕབ་ལེན་བྱེད་སྟངས་དང་བེད་སྤྱོད་གཏོང་སྟངས་སོགས་གང་མགྱོགས་ཐོན་ཡོང་གི་རེད
བློ་སྐྱེད་་བྱུང་། ཁྱེད་རྣམས་ལེགས་སོ།།
མིག་ཆུ་མེ་ཏོག་ཏུ་འགྱུར་བའི་དྲ་གྲོགས་ཀྱིས་དུས་སུ་ལན་གནང་བར་བཀའ་དྲིན་ཆེ། བོད་ཡུལ་ནས་བེད་སྤྱོད་ཐུབ་པ་བྱུང་ན་ཤིན་ཏུ་ཡག་པོ་འདུག །རང་རེ་ལ་དགོས་པ་དེ་བདེ་འཇག་ཡིན། ཉེན་ཁ་མེད་ཀྱང་ཉེན་སྲུང་དགོས་པ་ཡོད། བོད་རྙིང་ཚོས། ལྟ་བ་ལྷ་དང་མཉམ་ཡང་།།སྤྱོད་པ་མི་དང་བསྟུན་ཟེར་བ་དེ་ཡིན་ཚོད་རེད།
རྒྱ་མོ་ཚོའི་མོ་མཚན་ཧ་ཅང་འཇམ་ལ་ཉེན། དེ་ལས་ང་རྒྱ་ནག་ན་དགའ་སའི་དངོས་པོ་ཅི་ཡང་མེད།
kakaoབཀོད་མི་ཤེས་མཁན་ཡོད་ན་ང་ལ་དྲིས་དང་རོཊ་པ་བྱེད་ངེས། འབྲེལ་གཏུགskype laqiaje1
ལོ་ཤས་སྔོན་རིན་མེད་ངང་ཤར་ནུབ་གང་སར་འཕྲིན་ཐུང་དང་གཟུགས་ལྡན་སྐད་འཕྲིན་སོགས་སྟབས་བདེ་ཞིང་གཞི་བྱེའི་གཉེན་ཉེ་གྲོགས་ཀྱི་རྒྱང་ཐག་གི་ལྕགས་རི་རྩ་མེད་དུ་གཏོང་བྱེད་༼སྐད་འཕྲིན་༽ བྱ་བའི་གྲགས་ཅན་འདི་གྲོགས་པོ་ཞིག་གི་བརྒྱུད་ནས་ཤེས་རྟོགས་བྱུང་བ་དང་ཁོ་བོས་དྲ་རྒྱར་དེའི་སྐོར་འཚོལ་མྱུགས་བྱས་རྗེས་ཀྱི་ཅུང་ཙམ་རིང་༼སྐད་འཕྲིན་༽འདིའི་བྱུང་ཁུངས་རྒྱ་ནག་ཡིན་པ་ཤེས་མ་ཐག་ཡོལ་རྒྱབ་ཏུ་སྲིད་ནག་ཅིག་ཡོད་པ་ཐག་བཅད་ཀྱི་བློ་ཞིག་བྱུང་།
གནས་ཚུལ་དེ་རྣམས་ནི་དོན་ལྡན་དང་ཕ་ཐོགས་པ་ཤ་སྟག་རེད་གདའ། བཀའ་དྲིན་ ཆེ་ལགས།
བཀའ་དྲིན་ཤིན་ཏུ་ཆེ་ལགས། ཆེས་ཤིན་ཏུ་ལགས།།
སྤུན་ཟླ་ཚོ་། ཁ་རྩོད་མ་རྒྱག་པར་ཉོན་དང་
སྙིང་ཉེ་བའི་སྤྲི་ཕྲུག་ཚོ་། སོ་སོ་རང་ཉིད་ཀྱི་རྟོགས་པ་ལྷ་དང་མཚུངསཡང་སྤྱོད་པ་མི་དང་བསྟུན་ཟེར་བ་འུ་ཚོའི་གཏམ་དཔེ་ཐོས་ཨེ་མྱོངམ་། ཁ་བརྡས་ལབ་པའི་གནས་ཚུལ་དེ་བདེན་པ་རེད་བསམ་ན་ཉོན་གལ་སྲིད་ཡིད་མ་ཆེས་ཀྱང་རྙོག་གྲ་མ་སློང་ལ་རང་ཉིད་ལ་ཞི་བདེ་འདོད་ན་ཉེ་རིང་ཆགས་སྡང་དང་ཚུལ་མིན་གྱི་སྤྱོད་པ་དེ་རིགས་སྤང་ན་དགའ་གོ་ཨེ་ཐལ་ལམ་།།།