བོད ལྷ་ཀླུ་གཉན་གསུམ།
རང་དབང་གི་ཚོར་བ་འདིའི་འོག་ན། ནམ་ཡང་རྒས་རྒྱུ་མེད་པའི་འཛུམ་ཞིག་དཀྱིལ་ཡོད། དེ་ནི་ཁྱོད་ཉིད་ཁོ་ནའི་ཆེད་དུ་ཡིན་པ་རེད། ལོ་ངོ་དུ་མའི་རྗེས་ཀྱི་དེ་རིང་ཡང་། འཛུམ་མདངས་དེ་གཏན་ནས་རྒས་མི་འདུག རེད་དེ། ཁྱོད་རང་དེ་རིང་གང་དུ་ཡོད། ང་གླེང་གི་ཡོད་དམ། ང་དྲན་གྱི་ཡོད་དམ། ངས་ཕྱོགས་ལ་བལྟ་བཞིན་ཡོད་དམ། ང་སྒུག་ཡོད་དམ། ཡང་ན་བརྗེད་སོང་ངམ།
གང་ལྟར། འདི་འདྲའི་རྒས་རྒྱུ་མེད་པའི་འཛུམ་མདངས་འདི། རང་དབང་གི་དགའ་དུས་སྡུག་དུས་ཚང་མར་གནས་ཡོད། དེ་ནི་ཁྱོད་ཉིད་གཅིག་བུར་དབང་བའི་ངས་ཁྱེད་ལ་བཅིངས་པའི་འཛུམ་རེད། འཛུམ་འདི་ནི་ལས་དང་འབྲེལ་ཡོད་དམ། ཁྱེད་དང་འབྲེལ་ཡོད། ཡང་ན། ངའི་ཞེན་ཆགས་དང་འབྲེལ་ཡོད་དམ། གང་ཤེས། ལན་གསལ་བོ་ཞིག་དུས་དེ་རིང་དེ། ལོ་ངོ་བཅུ་ཕྲག་གཅིག་ལྷག་རྗེས་སུ་ཡང་རྙེད་མ་སོང་།
དོན་དངོས་སུ་ངས་ཁྱེད་རང་ལ་བཅིངས་ པའི་འཛུམ་མདངས་འདི་རྒས་ཀྱང་འགྲིག་མོད། རྒས་པ་ཕར་ཞོག ད་དུང་། གཞོན་ཉམས་ལྡན་པའི་སྒང་ལ་སྟོབས་ཤུགས་ཀྱང་རྒྱས་འདུག རྒྱས་སྟངས་དེ་ཡང་རླངས་འཁོར་གྱི་ནང་། སྲང་ལམ། གོམ་ཁ་ལེན་པའི་སྔ་གཞུག ཟ་འཐུང་གི་བར། གླེང་མོལ་གྱི་ཁྲོད། མི་ཚོགས་ཀྱི་གསེང་། ཁྱོད་རང་དོན་ངོ་མ་དེ་རིང་གང་དུ་ཡོད་དམ། བདེ་མོ་ཡིན་ནམ། འུ་གཉིས་ནམ་ཞིག་ངའི་རྒས་རྒྱུ་མེད་པའི་འཛུམ་དམངས་དེ། ཁྱོད་ཉིད་ཁོ་ན་ལ་དབང་བའི་འཛུམ་མདངས་འདི་ཁྱོད་ལ་སྟོན་པའི་གོ་སྐབས་ཤིག་ཡོད་ སྲིད་དམ། དེ་ཡང་གང་ཤེས། འཆི་བདག་འདི་དབང་བཙན་ལ། ལས་དབང་འདི་མི་ཤེས། ད་དུང་། རང་དབང་མེད་པའི་མི་ཚེ་འདི་འདྲ་ཞིག་གི་ཁྲོད། གང་ལྟར། ངའི་འཛུམ་མདངས་དེ། རྒས་མེད་པའི་འཛུམ་མདངས་ཁྱོད་ལ་ཤོར་ཡོད་ལ། དེ་རིང་ཡང་རྒས་མེད་པར་ཡོད།
མཐའ་མཇུག་དེར། ངས་ཁྱོད་ལ་བདེ་ཐང་ཡོང་བར་སྨོན་ལམ་འདེབས།
རང་གི་ཉམས་མྱོང་ནས་བཤད་ན། དྲན་པ་ཟེར་བ་འདིས་མི་གསོད་ཐག་གཅིད་གསོད་ཀི་རེད། སྐབས་སྐབས་ལ་མི་རིགས་འདིའི་ཁ་སྟབས་ལ་ཕུལ་པའི་ལས་འཆར་ཁྲོད་དུའང་། དྲན་པ་ཟེར་བ་འདིས་འཇིགས་སྐུལ་དང་ཞེད་སྣང་སྟེར་བ་ནི་ཚང་མས་མཁྱེན་མཁྱེན་པ་རེད། ཡིན་ནའང་། ལྷ་ཀླུ་གཉེན་གསུམ་འདིས་དྲན་གི་དྲན་གི གཞོན་དུ་གཞོན་དུ། འདི་དངོས་གནས་གཏམ་བཟང་རེད་ཡ། ཨ་ལ་རྩེད་མོ་ཡིན། སྙན་མོ་འདུག ཀློག་བདེ་བོ། འཁྲིག་སེ་ཡོད་ཀི།
འཛུམ་མདངས་གོར་མོ་རྡོ་ཡིན། །
རྒས་རྒྱུ་ཡོད་ན་ལས་ཡིན། །
བསྐལ་པ་སྟོང་གི་ཡུན་ལ། །
འཛུམ་མདངས་འདི་ཉིད་བསྲུང་ཆོག །
ཁྱེད་ལ་ཤོར་བའི་འཛུ་མདངས། །
ཐོག་མ་ཐུག་དུས་ཤོར་སོང་། །
འཛུམ་མདངས་རྒས་སམ་ང་རྒས། །
རེ་བ་ཆུང་དུ་ཆུང་དུ། །
ཨ་རོ་ ལྷ་ཀླུ་ འདུས་བྱས་ཐམས་ཅད་མི་རྟགས་པ་ཟེར་བ་དེ་གོ་མ་མྱོང་ངམ། ཆོས་ཐམས་ཅད་སྐད་ཅིག་མ་ཟེར་བ་དེ་མི་ཤེས་སམ། ཡ་མཚན་དེང་སང་སྐད་ཆ་འདི་མོ་གོ་གྱི་འདུག་
དེ་ལྟ་བུའི་རྒས་རྒྱུ་མེད་པའི་འཛུམ་མདངས་ཤིག་ཡོད་ན་ཁྱོད་ཀྱི་དགའ་མ་དེ་སྐྱིད་པ་ལ། ཁྱོད་ཀྱི་གྲོགས་ཕོ་མོ་ཚོ་སྐྱིད་པ་ལ། ཁྱོད་ཀྱི་གཉེན་ཉེ་དུ་དང་ཁྱིམ་མཚེས་གཡས་གཡོན་དག། མདོར་ན་ཁྱེད་ལ་འབྲེལ་བ་མེད་པ་ཚང་མའི་བདེ་སྐྱིད་ཅིག་མ་རེད་དམ།
ང་ཡང་དགའ་ནི་ཞིག་རེད། འཛུམ་མདངས་དེ་རྟག་ཏུ་གནས་བར་སྨོན།
བདག་གི་འཛུམ་མདངས་རྒས་པར་ཁྱོད་འདོད་ན།།
དང་པོར་ཁྱོད་ཀྱིས་སྐྱོ་གདུང་ཉམས་དག་སྟོན།།
ཁྱོད་ཀྱི་མིག་ཆུ་ས་ལ་མ་བྲུད་པར།།
བདག་གི་མཆི་མ་ཟེགས་པའི་གཞི་དེ་གང་།།
བདག་གི་རྒས་མེད་འཛུམ་མདངས་བརྩེ་བས་བཟུང་།།
བརྩེ་བའི་དར་ཐག་ཕྲ་མོ་ཁྱོད་ལ་དཀྲིས།།
ཚེ་ཡི་སྐུད་པ་ལས་ཀྱིས་མ་བཅད་ན།།
རྒས་མེད་འཛུམ་མདངས་ནམ་ཡང་ཁྱོད་ཀྱི་ཡིན།།
འདི་ལྟར་ཚིགས་སུ་བཅད་པའི་ངང་ནས་རེ་ཞིག་བདེ་མོ་བཞག་པའོ།། ཞེས་བྲིས་ན་ག་འདྲ་འདུག
འཛུམ་ལ་འཛུམ་མདངས་འཁྱུད་པའི་བསྐལ་བ་ཞིག།།
སེར་པོ་གསེར་གྱི་ཉོ་རྒྱུ་ཡོད་རྒྱུ་ན།།
རྩིབ་རུས་བར་ནས་གློ་མཆིན་མཐོང་རག་བར།།
ས་རྐོས་རྡོ་བསློག་བྱས་ནས་གསེར་བཙལ་མོ།།
ཁྱོད་ལ་དབང་བ་རྒས་མེད་འཛུམ་མདངས་ཤིག།།
ང་ལ་ཐོབ་པ་དངན་པ་རིང་པོ་ཞིག།།
ཁྱི་ལྡོམ་ལྟ་བུའི་སེམས་འདི་མིན་རྒྱུ་ན་།།
ཤིང་སྡོང་ལྟ་བུའི་ལུས་འདི་སྐྱིད་པ་ལ།།
ཤར་ཕྱོགས་ཁུག་རྟ་ལགས། ཉིད་ནས་གསུངས་པ་ལྟར། མི་འདིའི་དྲན་པ་ཟེར་བ་འདི་དངོས་ནས་ལག་འཁེལ་བ་ཞིག་མ་རེད་ཡ། ལྷག་དུ་དགའ་ས་ཞིག་གི་སྐྱུར་ནས། ཡང་ན། ལག་ནས་ཤོར་རྗེས་ཀྱི་མི་ཞིག་ལ་མཚོན་ན། ཚེ་བཀང་སྡུག་བསྔལ་གྱི་གཡང་དུ་བསྡོད་རྒྱུ་ལས་མེད་པ་བདག་གིས་གསལ་བོ་ཤེས་སོང་། མི་ཞིག་གི་དངོས་ནས་བཤད་ན་དགའ་ས་ངོ་མ་ཞིག་རྙེད་དགོས་པ་མ་ཟད། དེ་ཡང་ཐོབ་དགོས་རྒྱུ་དེ་ནི་དངོས་ནས་གལ་ཆེན་པོ་རེད་འདུག
ཀླུ་སྨྱོན་ལགས།
འཛུམ་མདངས་ཕར་ལ་ཤོར་ནས།།
མི་ལོ་མང་བོ་བྱིན་སོང་།།
ཤོར་བ་ཚུར་ལ་མ་རེག།
ད་ནི་བསྐལ་བར་བསྲུང་དགོས།།
ཀརྡོ་རབ་འབྱམས་པ་ལགས།
ཤོར་བའི་སྔ་གཞུག་ཀུན་དུ།།
བརྩེ་བའི་ཐོག་མ་གནས་ཀྱང་།།
འཛུམ་མདངས་རྒས་རྒྱུ་མེད་པ།།
ལས་ཀྱི་ཆད་པ་རེད་འདུག།
ཨ་གངས་ཞེན་ལགས། འདུས་བྱས་མི་རྟག་པ་ཡིན་པ་བདེན་ཡང་། སྡུག་བསྔལ་བདེན་པ་ཟེར་བ་དེ་ཉིད་ནས་ཁས་ལེན་བྱེད་དགོས་པ་དེ་མ་ཤེས་སམ།
གཅན་བཟོད་རྒྱམ་ལགས། དངོས་ནས་རེད། འཛུམ་མདངས་འདི་ཐོབ་དགོས་སའི་མཛའ་མོ་དེ་ལ་ཐོབ་ན་དངོས་ནས་ཕན་ཚུན་གཉིས་ཀྱི་སྐྱིད་དེ་གང་ལ་འཇོག རེད་དེ། དེ་འདྲ་ཞིག་མ་བྱུང་བའི་གཞུག་གི་མི་ང་ལྟ་བུ་དག་སྙིང་རྗེ་བའི་ཡུལ་ལམ། ཡང་ན། སྡུག་ཐུག་པའི་མི་རེད་ཡ་་་་ གང་ལྟར། འཛུམ་མདངས་དེ་ནི་ནམ་ཡང་རྒས་མེད་པར་གནས་ཡོད་པ་དེ་ནི་ཉེ་ཁོར་དང་གྲོགས་པོ་དག་་གི་སྐྱིད་ཡིན་ན་སྐྱིད་དེ་ཀུན་ལ་དབང་བར་ཤོག
བདག་གི་འཛུམ་མདངས་རྒས་པར་ཁྱོད་འདོད་ན།།
དང་པོར་ཁྱོད་ཀྱིས་སྐྱོ་གདུང་ཉམས་དག་སྟོན།།
ཁྱོད་ཀྱི་མིག་ཆུ་ས་ལ་མ་བྲུད་པར།།
བདག་གི་མཆི་མ་ཟེགས་པའི་གཞི་དེ་གང་།།
བདག་གི་རྒས་མེད་འཛུམ་མདངས་བརྩེ་བས་བཟུང་།།
བརྩེ་བའི་དར་ཐག་ཕྲ་མོ་ཁྱོད་ལ་དཀྲིས།།
ཚེ་ཡི་སྐུད་པ་ལས་ཀྱིས་མ་བཅད་ན།།
རྒས་མེད་འཛུམ་མདངས་ནམ་ཡང་ཁྱོད་ཀྱི་ཡིན།།
འདི་ལྟར་ཚིགས་སུ་བཅད་པའི་ངང་ནས་རེ་ཞིག་བདེ་མོ་བཞག་པའོ།། ཞེས་བྲིས་ན་ག་འདྲ་འདུག
འབའ་སྲས་ལགས།
དང་བོ་འཛུམ་གྱིས་ཚུར་ལ་མ་བསླུས་ཀྱང་།།
རང་གིས་ཕར་ལ་ཤོར་བའི་དགའ་བ་དེར།།
ཁོ་མོའི་འཛུམ་ཞིག་མ་སྟོན་ལུས་པ་དེར།།
སྐྱོ་ཡང་སྡུག་སྨྲེ་འདོན་ས་རང་ལས་སུ།།
བདག་གི་ཁྲག་དང་རྒྱུ་བའི་གཟུང་ཐག་འདི།།
བསྐལ་བའི་མཐའ་ལ་ཐུག་ཀྱང་ཁྱེད་ལ་སྲུང་།།
མི་འགྱུར་སྙིང་གི་བརྩེ་བ་ཟབ་མོ་འདི།།
སྲིད་པའི་སྣེ་ལ་མཐུད་རྒྱུར་ཁྱོད་ཉིད་ཡིན།།
དེ་འདྲ་ཞུས་པ་ན་ག་འདྲ་ཡོང་ས་རེད་དམ།
འབའ་སྲས་ལགས།
དང་བོ་འཛུམ་གྱིས་ཚུར་ལ་མ་བསླུས་ཀྱང་།།
རང་གིས་ཕར་ལ་ཤོར་བའི་དགའ་བ་དེར།།
ཁོ་མོའི་འཛུམ་ཞིག་མ་སྟོན་ལུས་པ་དེར།།
སྐྱོ་ཡང་སྡུག་སྨྲེ་འདོན་ས་རང་ལས་སུ།།
བདག་གི་ཁྲག་དང་རྒྱུ་བའི་གཟུང་ཐག་འདི།།
བསྐལ་བའི་མཐའ་ལ་ཐུག་ཀྱང་ཁྱེད་ལ་སྲུང་།།
མི་འགྱུར་སྙིང་གི་བརྩེ་བ་ཟབ་མོ་འདི།།
སྲིད་པའི་སྣེ་ལ་མཐུད་རྒྱུར་ཁྱོད་ཉིད་ཡིན།།
དེ་འདྲ་ཞུས་པ་ན་ག་འདྲ་ཡོང་ས་རེད་དམ།
གང་ལ་བདག་གིས་མ་ཆགས་ན།
སྡུག་བསྔལ་བདག་ལ་མི་ཆགས་ཏེ།
འཁོར་བའི་སྡུག་བསྔལ་བདག་ལ་སུ་ཞིག་ཆགས།
དང་པོ་ལྷ་མོ་འཛུམ་དཀར།
བར་དུ་སྲིན་མོ་གདོང་དམར།
ཐ་མ་སྲོག་གཅོད་དབུགས་ལེན།
ིའདི་གསུམ་ཤེས་ན་བདེ་བའོ།
གཡུ་དུག་སྤྲང་ལགས།
དེ་ཉིད་ཞིབ་དུ་བསམ་ན་ཁྱོད་བདེན་ཡང་།།
ཟབ་མོའི་བརྩེ་བ་ལྷད་མེད་ཡོད་གྱུར་ཚེ།།
བརྩོན་པའི་བསྟུད་མར་ལས་ལ་འཇུག་ཐུབ་ན།།
རང་གཞན་གཉིས་ཀ་བདེ་བའི་ལམ་ཞིག་ཡོད།།
ང་ལ་ཐོབ་པ་སྐྱོ་གདུང་མཐའ་མེད་ཅིག།
ཉིད་ཀྱི་རྟོགས་པ་ནང་གི་སྣང་བ་ཞིག།
སྐྱོ་སྣང་གཉིས་ཀྱི་བར་མ་དོ་ཞིག་ན།།
ང་དང་ཁྱོད་འདྲའི་མི་ཚེ་ཉམ་རེ་ཆུང་།།
དང་པོ་ལྷ་མོ་འཛུམ་་དཀར།
བར་དུ་སྲིན་མོ་གདོང་དམར།
ཐ་མ་སྲོག་གཅོད་དབུགས་ལེན།
འདི་གསུམ་ཤེས་ན་བདེ་བའོ།
གང་ལ་བདག་གིས་མ་ཆགས་ན།
སྡུག་བསྔལ་བདག་ལ་མི་ཆགས་ཏེ།
འཁོར་བའི་སྡུག་བསྔལ་བདག་ལ་སུ་ཞིག་ཆགས།
ལ་སྟོད་བུ་ལགས།
དང་བོ་ལྷ་མོའི་འཛུམ་མེད་ལ།།
བར་དུ་སྲིན་མོའི་གཟུགས་མ་མཐོང་།།
ཐ་མར་མ་ཐོབ་བུ་མོ་སྟེ།།
ད་ལྟ་གར་ཡོད་གཏན་མི་ཤེས།།
ཉིད་ནས་ལྷ་ཆོས་ཟབ་མོའི་གདམས་པ་ཞིག།
སྔོན་བྱོན་སྐྱེ་ཆེན་དམ་པའི་གསུངས་དྲངས་དེ།།
འདིར་སྣང་འཁོར་བར་ཞེན་ཆགས་མེད་ལུགས་ཤིག།
གསུངས་པ་དེ་ལ་སྙིང་ནས་བསྟོད་བསྔགས་ཞུ།།
བོད་མོ་ལྷ་མོ་ཀླུ་མོ་གང་ཡིན་ཀྱང།
བུད་མེད་བདག་གི་བློ་ལ་སྙིང་པོ་མེད།
སྙིང་པོ་ཡོད་པ་ཆུ་ཡི་སྦུ་བ་ཡིན།
དེས་ན་མཇལ་བ་མེད་ཀྱང་མཁྱེན་པར་གནང།
ལ་སྟོད་བུ་ལགས།
ཆུ་ཁའི་སྤུ་བ་བློ་གཏད་བྱེད་ས་མེད།།
གྱང་ཁའི་རྩྭ་ལ་ཡིད་ཆེས་བྱེད་ས་མེད།།
མི་རྟག་ལུས་པོ་གཏན་གྱི་གནས་ཚང་མིན།།
ཡིན་ཡང་འདོད་པའི་བྲན་ན་འདུར་ཞིང་འཚོ།།
བོད་ལྷ་ཀླུ་གཉན་གསུམ་ཀྱང་མི་རྟག་པར་རྟོགས་གྲབས་བྱེད་ཀྱིན་འདུག
ཨ་ལགས་སྐུ་རྩེད་ཞུས་ཡིན།
ལ་སྟོད་བུ་ལགས། མི་རྟག་པ་ནི་ང་ཚོའི་འགྲོ་འདུག་ཀུན་དང་འགྲོགས་ནས་ཡོད་དུས། དེ་ལ་ཁ་ཡ་མ་བྱེད་ས་མི་འགྲོ་ཡ་