ཐང . བདེ་མོ།
སྙིང་ཆུང་ལུ་གུའི་རྩེད་རོགས།།
ང་དང་ཟླ་བ་ལྷ་མོར།།
བར་ཆད་གཏོང་གི་མ་འདུག །
ཚིག་གཅིག་བཤད་འཕྲོ་ལྷག་ཡོད།།
འཕྲད་ཡོང་བསམ་པ་མ་གཏོགས།།
མཐོང་ལམ་མུན་པས་གཡོགས་སོང་།།
ཟླ་བ་ལོ་ལ་མཐུད་ནས།།
རེ་བ་ལས་ལ་བཅོལ་ཡོད།།
ལྷ་མོའི་བརྩེ་བ་ཟབ་ན།།
ཉམ་ཐག་རྗེས་སུ་འཛིན་ན།།
ཐག་རིང་ཨ་མདོའི་ཡུལ་ནས།།
མཇལ་དར་བཟུང་ནས་སླེབས་ཡོང་།།
ལྷ་མོར་སྙིང་རྗེ་མེད་ན།།
མཇལ་ཁ་གནང་རྒྱུ་མིན་ན།།
མི་ཡུལ་དམྱལ་བའི་འཕྲང་རེད།།
འཚོ་འདོད་བསམ་པ་མི་འདུག །
མི་ཁོམ་འཁོར་བའི་ཀློང་ནས།།
སྡུག་གི་འཁོར་ལོ་སྐོར་དུས།།
མཐོང་བ་རང་གྲོལ་ལྷ་མོའི།།
མཐུ་དང་བྱིན་རླབས་དྲན་གི །
ཁ་ནས་མ་ཎི་འདོན་བཞིན།།
རྒྱུ་འབྲས་སྣོག་གི་མ་འདུག །
ཚེ་གཅིག་བསམ་པ་མེད་རུང་།།
ཐེངས་གཅིག་ཐུག་ན་འདོད་ཀི །
ལས་འཕྲོ་མི་འདུག་མ་གསུངས།།
སྒུག་ཐག་རིང་གི་མི་ཟེར།།
ལན་གཅིག་མཇལ་རྒྱུ་བྱུང་ན།།
ང་རང་བསམ་པ་འགྲུབ་སོང་།།