ས་འཛིན་དཀར་པོ།
འཇིག་རྟེན་སྲིད་རྩེར་ཆགས་པའི་གངས་ཅན་ཡུལ།།
ཡབ་མེས་སྲོང་བཙན་བརྒྱུད་པའི་སྙིང་སྟོབས་ཡོད།།
དུས་རབས་གསར་རྙིང་འགྱུར་བའི་ཁུག་ཟུར་ཁྲོད།།
གངས་རིའི་སྲིད་དབང་ལས་འཛིན་ཁྱོད་ལྷག་མེད།།
མ་འོངས་གངས་ཅན་མཁར་རྫོང་གསོན་པའི་ཆེད།།
མི་འདོད་ལས་དབང་བཙན་པོས་གནོན་ཀྱང་རུང་།།
མི་འཇིགས་དཔའ་འཛངས་ལྡན་པའི་དཔའ་བོ་ཞིག།
འབྱུང་འགྱུར་གངས་རིའི་སྲིད་སྐྱོང་ཁྱོད་ལྷག་མེད།།
ཡར་ཐོན་ཤེས་ཡོན་རྒྱས་པའི་དཔོན་ཚོགས་དཀྱིལ།།
ཞུམ་མེད་སྙིང་སྟོབས་ལྡན་པའི་འདྲ་མཉམ་བསྐྱོད།།
གངས་རི་སྲིད་པར་གསོན་པའི་བདེན་རྟགས་ཞིག།
དུས་རབས་ཉེར་གཅིག་སྲིད་སྐྱོང་ཁྱོད་ལྷག་མེད།།
ཤེས་ཡོན་གསར་རྙིང་རིག་པའི་བར་འཚམས་ན།།
ཆབ་སྲིད་རིག་པར་ཐོགས་མེད་མཁས་པའི་སྙན།།
རྒྱལ་ཁམས་ཁྲིམས་ལུགས་རིག་པ་དེ་བས་མཁས།།
ཆོལ་གསུམ་འདོད་པའི་སྲིད་སྐྱོང་ཁྱོད་ལྷག་མེད།།
རྒྱལ་སྤྱི་ལྷན་འཛོམས་ཚོགས་པའི་གླེང་སྟེགས་ན།།
རྒྱལ་ཁམས་སྤྱི་ལྟར་སྨྲ་བའི་མཁས་འཛངས་ལྡན།།
གངས་ཅན་མི་རིགས་དབུ་འཕང་སྒང་ན་འདྲེན།།
འདས་སོང་སྲིད་སྐྱོང་མཛད་རྒྱས་ཁྱོད་ལྷག་མེད།།
ཁྱོད་རང་བོད་ཀྱི་སྲིད་སྐྱོང་ཕེབས་ནས་བཟུང་།།
གངས་ཅན་བོད་མིར་ཚོར་སྣང་གསར་པ་སྟེར།།
མ་འོངས་མི་རིགས་གསོན་པའི་བདེ་སྡུག་ཀུན།།
དེང་སང་བོད་པའི་གཞོན་ནུར་རིག་ལམ་སད།།
གངས་སེང་གཡུ་རལ་བརྗིད་པའི་དར་ཆ་ལ།།
མཐོ་སྒང་རྒྱལ་ཁབ་གསོན་པར་དེ་ཡིས་སྟོན།།
ཆབ་སྲིད་རུས་རྐང་ཚུགས་པའི་ཕོ་རྒོད་ཀྱིས།།
མ་འོངས་མི་རིགས་མི་ནུབ་བདེན་ཁས་སྟོན།།
ཡག་པོ་བྲིས་ཤག་བཀའ་དྲིན་ཆེ།
ུདྲང་བདེན་གྱི་སྐད་ཆ་ངོ་མ་ཡག་འདའ་།
བློ་བཟང་སེངྒེའི་གཡུ་རལ་ངོམ་རན་རེད་།
བློ་བཟང་སེངྒེའི་ལྷག་བསམ་འདོན་དུ་བཅུག་།
བློ་བཟང་སེངྒེའི་ལས་འཇུག་སྐྱོང་་དུ་བཅུག་།
བློ་བཟང་སེངྒེར་མགྲན་བརྩོད་སུ་ཡི་ཐུབ་།
བློ་བཟང་སེངྒེ་རྗེས་ལོའི་སྲིད་སྐྱོང་རེད་།
ད་རེས་བཙན་བྱོལ་སྤྱི་ཚོགས་ཀྱི་ཆབ་སྲིད་འགོ་བ་(Political leader in exile)འདེམས་སྐབས། རང་བཙན་ལ་ངོ་རྒོལ་མེད་ཅེས་ཡོངས་གྲགས་སུ་གླེང་ཐུབ་མཁན་དེར་འོས་ཤོག་རེག་གི་རེད་མ་གཏོགས་བ་མིན་བེའུ་མིན་ཚོར་རེག་གི་མ་རེད།
ཆོལ་ཁ་བར་དུ་མཐུན་འབྲེལ་དགོས་ན་བློ་སེང་གདམ། ཆོས་ལུགས་བར་དུ་མཐུན་འབྲེལ་དགོས་ན་བློ་སེང་གདམ། ཁ་ཐོར་བོད་མི་རྣམས་ལ་རོགས་ཕན་དགོས་ན་བློ་སེང་གདམ། གཞིས་ཆགས་ཁག་སྲ་བརྟན་དགོས་ན་བློ་སེང་གདམ། གསར་འབྱོར་རྣམས་ལ་ཆ་རྐྱེན་དགོས་ན་བློ་སེང་གདམ། བོད་མི་སྒྲིག་འཛུག་ཡུན་གནས་དགོས་ན་བློ་སེང་གདམ། ཕྱི་རྒྱལ་ཁག་ལ་འབྲེལ་མཐུད་དགོས་ན་བློ་སེང་གདམ། དེ་མིན་གང་ཡང་མི་དགོས་ན་གཞན་པ་གདམ།
སྲིད་སྐྱོང་འོས་འདེམས་ལ་རང་བཙན་དང་དབུ་མའི་
སྐད་ཆ་ཡོད་པ་མ་རེད་
རང་བཙན་དེ་སྲིད་སྐྱོང་གསར་པས་གདམ་ག་ཞིག་མ་ཡིན་པར་། རྒྱལ་བ་ཡིད་བཞིན་ནོར་བུས་གསར་སྟོད་གནང། ཟམ་གདོང་བླ་མས་ཞེན་རུ་ཞེན་རུ་གཏང་ནས་ཙི་སྔ་ནང་བཞིན་བཟོས་པས་། གལ་ཏེ་གཞན་དུ་གསར་སྟོད་དམ་།ཡང་ན་གྲོས་མགོ་གཏང་ན་རྒྱལ་བའི་བཀའ་དང་འགལ་བས་བྱེད་ཡག་དམིགས་གསལ་གང་ཡང་མེད་དོ།
ད་སྔ་སྲིད་སྲིད་སྐྱོང་མཆོག་གིས་ཞབས་འདྲེན་བྱས་པ་དེ་འདྲ་ནི་ཐོས་མ་སོང་། བྱས་རྗེས་བཞག་པ་དེ་འདྲ་འགའ་ཐོས་སོང་། དེའི་ཕྱིར་ལོ་ངོ་བཞིའི་རིང་ལ་བྱ་བ་རྒྱ་ཆེན་པོ་ཞིག་སྒྲུབ་རྒྱུ་དུས་ཚོད་ལྡང་ངེས་ཤིག་མེད་སྟབས་སྲིད་སྐྱོང་མཆོག་ལ་ཅིས་ཀྱང་གོ་སྐབས་གཉིས་པ་ཞིག་འབ྄ུལ་དགོས་ངེས་རེད་བསམ་ཀྱིན་འདུག རྒྱ་ཆེ་དམངས་ཚོགས་ནས་རྟགས་དཔྱད་ཟབ་མོ་བཏང་ནས་སྐྱར་དུ་འདེམས་ཐོན་བྱུང་ན་ལེགས་སམ་སྙམ། །
དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཏན་ལ་ཕབ་པའི་སྲིད་བྱུས་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འོག་བསྡད་ནས་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་གི་དགོས་འདུན་སྟོན་པ་ལས་རང་བཙན་གང་ནས་བརྩོད་ཀྱི་འདུག་ཧ་ཧ་ཧ་ སྲིད་སྐྱོང་གི་འོས་གཞི་དང་རང་བཙན་དང་དབུ་མ་ནམ་ཡང་འབྲེལ་བ་མེད་མཁྱེན་དགོས་།།
ད་ཐེང་གི་འོས་གཞི་ལ་ལང་མཁན་གྱི་མི་དེ་ཚོ་ཚོགས་སྐྱིད་ནས་འོས་་གཞི་སྟོན་པ་ཙམ་ལས་མི་མང་ལྐུག་པ་མ་རེད་འོས་ཤོག་དེ་བློ་སེང་ལ་མ་རྟོག་འགྲོ་ས་ཡོད་མ་རེད་དོ།
བློ་སེང་དང་འདྲ་བ་མང་ནའང་བློ་སེང་ནང་བཞིན་འབྱོན་མཁན་དཀོན་པོ་རེད་བློ་སེང་གིས་ད་བར་བྱས་པ་ཚོད་དཔག་ལས་བརྒལ་སོང་ལ་མ་འོང་པ་ལ་དེ་ལས་ལྷག་པར་ཡིད་ཆེས་དགོས། གལ་གནད་ཆེ་ཤོས་དེ་བོད་ཀྱི་བདེན་མཐའ་གསལ་ཡ་དེ་རེད་མོད། དེ་ལ་བློ་སེང་ལས་ལྷག་པའི་དུས་གསུམ་མཁྱེན་པའི་སངས་རྒྱས་དང་བླ་ན་མེད་པའི་སྐུ་དྲག་རིམ་བརྒྱུད་ཀྱིས་ལོ་ང་གྲངས་རིང་གང་ཡང་མ་ཐུབ་པ་བློ་སེང་གིས་མ་འབྱོན་པར་བཤད་པ་ནི་ཕྱོགས་འཐེན་རིང་ལུགས་པ་ཁོ་ན་ལས་མེད།
ཡ་གོང་དུ་བློ་སེང་གི་བྱས་རབ་དང་འཇོན་རབ་མང་པོ་གླེང་བཞིན་འདུག་པར། ཁྱེད་ཚོར་དྲི་བ་ཞིག་ཡོད། བྱ་བ་གང་དང་གང་བྱས། ཡུལ་གང་དུ་བྱས་པ་སོགས་རེ་བཞིན་བཀོད་ཤོག་དང་ངེས་རིམ་པས་ལན་འདེབས་བྱ་ངེས་ཡིན།