ཕྱེ་མ་ལེབ་སྔོན་མོ།
བསིལ་རླུང་དལ་གྱིས་ཐོལ་ཞིང་གཡས་གཡོན་ལ་གྲྭ་པ་ཚོས་དཔེ་ཆ་སྐྱོར་ཀློག་བྱེད་པའི་གསུང་དབྱངས་ནི།རྣ་བར་སྙན་ཞིང་ཡིད་གུས་ཐེབས་པའི་ཞོགས་པ་དེར།རྒན་དགེ་འདུན་ལགས་ནི་སྔར་ས་ནས་མལ་ལས་ལངས་ནས།རང་ཉིད་རྒྱུན་རིང་ཉལ་རྒྱུ་མ་བྱུང་བའི་གཟིམས་སྒམ་དེའི་སྒང་ཙོག་པུར་བསྡད་དེ་སུ་ཞིག་ལ་རེ་སྒུག་བྱེད་པར་བཞིན་མིག་གཉིས་མདུན་ཕྱོགས་སུ་ཡོད་པའི་འཛུལ་སྒོ་དེར་བཅེར་ཏེ་གནས།ཁོ་ནི་ནམ་རྒྱུན་ནས་རྒྱ་གར་གྲོང་ཁྱེར་རྡི་ལིའི་བོད་མི་གནས་སྡོད་བྱེད་ཡུལ་MTལ་རྒྱུན་སྡོད་བྱེད་པ་དང་།དེ་ན་ཁོའི་ཕྱག་ལས་གཙོ་བོ་གནང་པ་ནི་བོད་མི་གང་མང་ཕྱི་རྒྱལ་ལ་གཏོང་ཐབས་བྱེད་པ་དེ་རེད།ཁོས་རང་ཉིད་ཀྱི་ཕྱག་ལས་དེ་ནི་རླབས་ཆེན་ཞིག་ཡིན་པ་དང་དཀའ་ལས་མེད་པར།འབྱོར་ཕྱུག་གི་གནས་སུ་ཤར་བསྐྱོད་ཐུབ་པའི་ལས་ཀ་ཆེས་སྟོབས་བདེ་དང་ངོ་མཚར་ཅན་ཞིག་ཡིན་པར་སེམས་ལ།དེ་སྔོན་ཁོས་རང་ཉིད་ཀྱི་ཁང་ཚན་གཅིག་པ་དང་ཡུལ་ལུང་གཅིག་པ།ད་དུང་གྲྭ་ཚང་གཞན་ནས་ཡིན་པའི་གྲྭ་པ་དང་སློབ་གྲཱའི་སློབ་མ་སོགས་མང་དག་ཅིག་ཕྱི་རྒྱལ་ཏུ་བཏང་ཐུབ་བྱུང་ཡོད་པས།ཕྱིའི་རྒྱལ་ཁབ་བདེ་བ་ཅན་གྱི་ཞིང་ཁམས་ལ་འདོད་པ་དང་དེར་འགྲོ་འདོད་ཡོད་པའི་མི་མང་པོས་ཁོ་ནི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་ཡུལ་ངོ་མ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་།ཁོ་གྲྭ་སར་ཡོང་ཐེངས་རེར་ཁོའི་གྲྭ་ཤག་ལ་ཞོགས་པ་ནས་དགོང་དྲོ་བར་ཤིང་ཏོག་ཕུལ་མཁན་དང་བདེ་སྡུག་བཤད་མཁན་སོགས་ཆུ་བོ་བཞིན་རྒྱུན་ཆད་རྒྱུ་མེད་ལ།ཁོ་ཕྱིར་MTལ་ལོག་ཐེངས་རེར་བོད་མི་ཕྱི་བསྐྱོད་ལག་ཁྱེར་དེབ་ཤོག་སེར་པོ་དེའང་ལྔ་དྲུག་རེ་ཁུར་ནས་འགྲོ་གི་ཡོད།
ཡུན་རིང་མ་འགོར་པར།ཁོའི་གཟིམས་སྒོར་ཏོ….ཏོ…..ཏོ་ཞེས་བརྡུང་པའི་སྒྲ་ཞིག་ཐོས་བས་ཁོ་སྐད་ངག་སྦུམ་དུ་བཏང་ནས་་་་་་སུ་ཡིན་་་་་་ཡར་ཕེབས་ཤོག་ཅེས་འབོད་་་་་་དེ་ནས་གྲྭ་བ་ཕལ་ཆེར་ལོ་བཞི་བཅུ་ཡས་མས་ཤིག་མགོ་བོ་སྒུར་ཞིང་ལག་ན་ཤིང་ཏོག་དང་གྲང་ཆབ།ད་དུང་མཇལ་དར་ཞིག་བཟུང་ནས་ལྕེ་ལེ་ཁྱི་བཞིན་ཕྱིར་རྐྱོངས་སེར་རྐྱོངས་སེར་བྱས་ནས་ཡར་འཛུལ་ཡོང་།འོ་་་་་དགེ་དགྲ་འདུལ་རེད་འདུག་ཨཱ་་་་དེར་སྡོད་དང་ཞེས་སྐད་ངག་སྔར་ལས་སྦུམ་དུ་བཏང་ནས་དེ་ལྟར་བཤད་པར།གྲྭ་པ་དེས་གུས་གུས་ཞུམ་ཞུམ་གྱིས་ཤིང་ཏོག་དང་གྲང་ཆབ།མཇལ་དར་སོགས་ཁོའི་མདུན་ཕྱོགས་སུ་ཤིང་ཏོག་དང་གྲང་ཆབ་སོགས་ཀྱིས་ཁེངས་ཟིན་པའི་ཅོག་ཙེ་དེའི་ཐོག་འཇོག་་་་་ཡ་་ཡ་་་་་དགྲ་འདུལ་་་་་དེ་རིང་ངའི་སར་ཡོང་དོན་ཅི་ཞིག་ཡིན་ནམ་་་་་ཞེས་ཁོས་མིག་གཉིས་དགྲ་འདུལ་ལ་བཅེར་ནས་ཅི་ཞིག་སྔ་ས་ནས་ཤེས་ཟིན་པར་ལྟར་དེ་ལྟར་དྲིས་པར།གྲྭ་པ་དེས་གུས་གུས་ཀྱིས་དེང་སངས་ཡུ་རོབ་ལ་འགྲོ་ན་རན་གོང་ག་ཚོད་ཡིན་ནམ་ཞེས་སྐད་སངས་དམར་པོས་དྲིས་པ་ན།ཁོས་གདོང་ལ་འཛུམ་མདངས་ཤིག་བཞད་དེ་་་་་དེང་སངས་ཡུ་རོབ་ལ་འགྲོ་པ་ཡིན་ན་ཧིན་སྒོར་འབུམ་བརྒྱད་ཙམ་རེད་ཅེས་བཤད་པ་དང་།མུ་མཐུད་དུ་ཁོས་་་་་མ་ཞིག་ནས་སུ་འགྲོ་འདོད་འདུག་གམ་ཞེས་དྲིས་པར།གྲྭ་པ་དེས་མགོ་བོ་ཇེ་སྒུག་དང་ལྕེ་ལེ་ཇེ་རིང་དུ་ཕྱུར་རྐྱོངས་ནས་་་་་ང་ཡིན་ལགས་་་ཞེས་ལེན་འདེབས་ཞུས།ཁོས་གྲྭ་པ་དེར་ཞིབ་ཏུ་བལྟས་ཙམ་བྱས་ནས།་་་་་་ཨཱ་ལེ་་་་་ཁྱོད་ཡིན་པར་རེད་་་་་ངེད་གཉིས་ངོ་ཤེས་རྙིང་པ་ཡིན་ཙང་་་་་གལ་སྲིད་ཁྱོད་རང་ལ་སྒོར་མོ་གྲ་སྒྲིག་ཡོད་ན།ངས་ཁྱོད་ལ་ཧིན་སྒོ་འབུམ་དྲུག་ལས་ལེན་མི་ཡོང་།ཁྱོད་རང་གིས་སང་ཉིན་ལག་དེབ་སེར་པོ་དང་ཕྱེད་པར་བཞི།སྔོན་གདེང་ཧིན་སྒོར་འབུམ་གཅིག་སོགས་ང་ལ་སྤྲོད་དང་།ཟླ་བ་གཅིག་གི་རྗེས་ཁྱོད་རང་འགྲོ་ཐུབ་པ་བྱེད་དགོས་ཞེས་ཕྱུག་ཉམས་དང་གདེང་སྤོབས་ཆེ་ལྡན་གྱིས་དེ་ལྟར་བཤད་པར།གྲྭ་པ་དེས་གསེར་གཡག་མགོ་ཙམ་བརྙེད་པ་ལྟར་དགའ་ནས་་་་ལགས་སོ་་་་ལགས་སོ་་་་ཐུགས་རྗེ་ཆེ་ཞེས་ཡང་ཡང་བཤད།དེ་ནས་ཁོས་་་་་ཝོ་ཡ་་་་ད་དེ་འདྲ་གྱིས་་་་སྐད་ཆ་འདི་མི་གཞན་ལ་མ་ཤོད་ཨཱ་་་་་ངེད་གཉིས་ཀྱིས་གསང་དབང་རེད་དཱ་་་་་མིས་གོ་ན་བར་ཆད་ཡོང་ཉེས་ཡོད་་་་གོ་སོང་ངམ་ཞེས་བཤད་པར་་་་་གྲྭ་པ་དེ་དལ་གྱིས་ཡར་ལངས་ནས་མགོ་བོ་སྒུར་སྒུར་གྱིས་་་་ལགས་སོ་་་་ཡིན་དཱ་ཡིན་་་་ཡིན་དཱ་ཡིན་་་་་ད་འོ་ན་་་་དགེ་བཤེས་ལགས་ལ་སྐྱབས་བཅོལ་རྒྱུ་ཡིན་ཞེས་བཤད་ནས་ཁོ་སྒོར་ཕྱིར་སོང་།
ཁོས་ཀོར་ཁུག་ཞིག་ནས་བདེ་ཆུང་ཞིག་ཕྱིར་གཏོན་ནས་མྱུག་གུས་ཐོ་འགོད་ཅིག་བརྒྱབ་ཞོར་ཅི་ཞིག་ལ་ཁོག་བརྩིས་རྒྱག་པ་ལྟར་མིག་གཉིས་ཕྱེ་བཙུམ་བྱས་ནས་གདོང་ལ་མེ་ཏོག་བཞིན་མཛུམ་མདངས་ཀྱིས་ཁེངས།དེ་ནས་ཁོའི་ལག་ཐོགས་ཁ་པར་ནས་རོལ་དབྱངས་ཤིག་གྲགས་པ་དང་ཁོས་ཁ་པར་ལ་བལྟས་ཙམ་བྱས་པ་ན།དེ་ནི་ཁོའི་འགོ་བ་མགོན་པ་ཡིན་པར་ཤེས་ནས་་་ལགས་་་མགོན་པོ་ལགས་་་་་ཕྱག་ལས་ག་རེ་ཡོད་ནམ་ཞེས་དྲིས་པར།་་་་་་དགེ་འདུན་་་་དཱ་པེ་སགས་ཤག་་་་་ཁ་སྔོན་ང་ཚོས་གྲྭ་པ་བཞི་དང་བུ་མོ་གསུམ་བཏང་པ་དེ་ཁ་ཆེའི་རྒྱལ་ཁབ་Iran་ས་ཐོག་ཏུ་ག་སོང་འཆར་མེད་འགྱུར་འདུག་ལ་་་་གནས་ཚུལ་འདི་མི་ཚོས་ཤེས་རྟོགས་མ་བྱུང་སྔོན་ཁྱོད་ཀྱིས་ཅིས་ཀྱང་ང་ཚོའི་ལས་རིམ་དེ་འགྲུབ་ཐུབ་པ་བྱེད་དགོས་ཞེས་བཤད་པ་དང་།ཁོ་གྲོ་མ་མེ་སླང་དུ་སྡོད་པར་ལྟར་བྲེལ་བ་ལངས་ནས་ཅི་ཞིག་བཤད་དགོས་པར་མི་ཤེས་པར་་་་་ལགས་སོ་་་་ལགས་ཞེས་བཤད་ནས་བསྡད།དེ་ནས་མགོན་པོས་སླར་ཡང་།་་་་་མ་གཞི་ནས་ཁྱོད་ཀྱིས་ད་ཐེངས་མི་ག་ཚོད་སྒྲུག་ཐུབ་སོང་ངམ་ཞེས་དྲིས་པར་་་ཁོས་ཐོ་ཤོང་ལ་མིག་གིས་བལྟས་ཙམ་བྱས་ནས་་་་ད་བར་གྲྭ་བ་བཞི་རག་སོང་ལགས་ཞེས་ལེན་འདེབས།ཡ་་ཡ་་་་ད་དུང་མི་ཁ་ཤས་རག་ཐབས་ཀྱིས་་་་སྔོན་གདེང་དངུལ་དམར་མང་ཙམ་ལོན་་་་་ད་ཐེངས་ང་ཚོར་དངུལ་ག་ཚོད་རག་ན་དེ་ཚོད་ཀྱིས་བཟང་་་་ཧ་གོ་སོང་ངམ་ཞེས་བཤད་དེ་ཁ་པར་འཇོག
ཁོས་ཅི་ཞིག་བྱ་དགོས་མིན་མི་ཤེས་པར།མྱུར་དུ་ཁ་པར་ཡར་ལེན་ནས་་་་་ཉི་མ་་་ཁྱོད་ཕྱི་རྒྱལ་ལ་འགྲོ་མིན་པས་་་་ཁྱོད་འགྲོ་ན་ངས་རན་གོང་མཚངས་པོ་ཞིག་བྱེད་ཆོག་་་་་་་་་་་་མིག་དམར་་་་་ཁྱོད་ཕྱི་རྒྱལ་ལ་འགྲོ་རྒྱུ་མིན་ནམ་་་་གལ་སྲིད་ཁྱོད་འགྲོ་འདོད་ཡོད་ན་་་་མི་གཞན་ལ་ཧིན་སྒོར་འབུམ་བརྒྱད་རེད་་་ངས་ཁྱོད་ལ་འབུམ་ལྔ་མ་གཏོགས་ལེན་མི་ཡོང་་་་་་བློ་བཟང་དཔའ་ལྡན་་་་ཁྱོད་ཕྱི་རྒྱལ་ལ་འགྲོ་མིན་ནམ་་་་་ཞེས་འདི་ལྟར་རང་ཉིད་ཀྱི་ནམ་རྒྱུན་ངོ་ཤེས་བའི་གྲྭ་པ་རྣམས་ལ་ཁ་པར་གཏོང་འགོ་བརྩམས།
གྲ་རྒན་མཚན་ཚོགས་ལ་འགྲོ་ན་ཡོང་རྒྱུ་དེ་ལས་ཅི་ཡོད།
འཚོ་བའི་ཟུར་ངོས་ཤིག་བརྡར་འདུག འུ་ཚོའི་དྲ་ངོས་ཡོད་ཚད་འདི་འདྲས་ཟིན་ན་དགའ།
འདི་ནི་དོན་དངོས་རེད་་་་་ཡག་པོ་བྲིས་འདུག་་་་ད་འཆར་གདན་ས་ཁག་ནས་གྲྭ་པ་ཉུང་དུ་འགྲོ་བཞིན་ཡོད་ལ་་་་་དེའང་གྲྭ་རྒན་འཚོང་གཉེར་བ་འདི་ཚོས་བཟོས་པ་རེད།
དཔལ་འབྱོར་འགྲན་རྩོད་དུས་རབས་ནང་སླེབས་དུས་ཕྱི་རྒྱལ་དུ་འགྲམ་ཆུ་ལྡང་བའི་སྣང་ཚུལ་འདི་བཟློག་ཐབས་དཀའ་ཡང་། ཕྱི་རྒྱལ་དུ་འབྱོར་ནས་དཀའ་ངལ་ནང་ལྷུང་ཡོད་པའི་གནས་ཚུལ་གོ་རྒྱུ་མང་པོ་ཡོད་སྟབས། རྨི་ལམ་གྱི་ཞིང་ཁམས་ཤིག་ཏུ་རློམ་ཉན་ཚོད་མི་འདུག་པས་སྤུན་ཟླ་ཚོ་གཡམ་རྒྱུག་མ་བྱས་ན་བཟང་།
གྲྭ་རྒན་འདི་ཚོ་དགོས་པའི་ཆོས་མ་བྱས་པར་མི་དགོས་པའི་ཚོང་་་་་ཨཁཁ
ཡ་ཡ་་་་་་ད་འདི་འདྲ་རེད་་་་་གྲྭ་པ་མང་དག་ཅིག་ཕྱི་རྒྱལ་ལ་གསང་སྤྱོད་འཁྲུས་པ་འགྲོ་པ་དང་། བོད་ཀྱི་ནང་བསྟན་ཤེས་རིག་དང་དགོན་སྡེ་ཁག་ཉམས་རྒོད་དུ་འགྲོ་བཞིན་པ་ནི་བློ་ཕམ་རེད་ལ། གྲྭ་བ་འདིའི་རིགས་ཀྱི་སྡིག་པ་བསགས་པ་རེད།
དེང་དུས་ལྷོ་ཕྱོགས་ནས་ཡིན་པའི་བོད་མི་ཕོ་མོ་བཞི་ཁ་ཆེ་འམ་ཞིག་ཏུ་སླེབས་འདུག་བུ་མོ་གཉིས་ནས་གཅིག་གི རྐང་པ་ཆག་པ་དང་གཞན་པ་དེ་སྦྲུམ་མར་གྱུར་འདུག་ཟེར། བོད མིའི ལས་དབང་ཅི་འདྲའི་ཡ་བ་རེད་ཨང་།
རེ་བསྐུལ ཞུ་རྒྱུར་ཕྱི་རྒྱལ་ལ་འགྲོ་ན་གཟབ་གཟབ་གནང་རོགས། སྐུ་མཁྱེན། ང་ནི་འདི་འདྲའི་གནས་ཚུལ་གོ་དུས་སེམས་སྐྱོ་གི་འདུག
ངས་གོ་ཐོས་ལ་དེང་སང་གྲྭ་པ་ཁ་ཤས་ཀྱིས་ལམ་ཀ་འདིའི་རིགས་སུ་རང་ཉིད་ཕྱུག་པོར་ཆགས་པ་ལ། སོ་སོའི་ངོ་ཤེས་དང་ཡུལ་ལུང་གཅིག་པ་སོགས་མགོ་སྐོར་གཏོང་ནས་སྒོར་མོ་འབུམ་མང་པོ་ལེན་ནས། རྗེས་སུ་མི་ཚོ་ཕྱི་རྒྱལ་ལ་གཏོང་མ་ཐུབ་པར་སྒོར་མོ་དེ་ཚོའང་ཤོར་སོང་ཞེས་ལབ་ནས་བོད་པ་མང་པོར་དཀའ་ལས་སྤྲད་ཡོད་ཚུད་འདུག་་་དེ་འདྲ་བྱེད་ན་སྙིང་རྗེ་་་ལས་རྒྱུ་འབྲས་ལ་འགྲོ་རྒྱུ་མ་རེད།
་དགེ་བཤེས་ཚོས་་ཆོས་ཚོང་བརྒྱབ་པ་མི་ཆོག་པ་མི་ཚོང་རྒྱག་གི་ཡོད་པ་འདྲ། ཧཧཧཧ
ཀུན་གྱིས་འགྲོ་འདོད་ཆེ་ནའང་། །ཐོན་སྐབས་དཀའ་ངལ་རི་ལས་ལྕི། །
་དགེ་བཤེས་ཚོས་་ཆོས་ཚོང་བརྒྱབ་པ་མི་ཆོག་པ་མི་ཚོང་རྒྱག་གི་ཡོད་པ་འདྲ། ཧཧཧཧ
ཀུན་གྱིས་འགྲོ་འདོད་ཆེ་ནའང་། །ཐོན་སྐབས་དཀའ་ངལ་རི་ལས་ལྕི། །
དགེ་བཤེས་་་་་་་་་མིའི་བཤས་ར་ཆེན་མོའི་འགོ་བ་ལྟ་བུ་ཞིག་ཏུ་མཐོང་སོང་།
ཆོས་ཚོང་། མི་ཚོང་། རྒྱུ་ཚོང་གང་རྒྱག་ན་ཡང་མི་ལ་མགོ་སྐོར་གཏོང་རྒྱུ་རེད། གང་ལྟར་ཡང་། ཕྱུག་པོ་ཚང་གི་རྒྱུ་ནོར་དེ། དབུལ་པོ་ཚང་གི་དངུལ་ཆུ་ཡིན། ཞེས་བོད་མིའི་ཁ་དཔེར་གྲགས་པ་དེ་ལ་གོ་རྒྱུ་ཡོད་ཅིང་། སྟོན་པ་བཅོམ་ལྡན་འདས་ཀྱིས་རྒྱལ་སྲིད་སྤངས་ནས་ཕེབས་པ་དེས་གྲྭ་པ་ཚོ་ལ་མྱོང་རྒྱུ་ནན་པོ་ཞིག་བསྟན་ཡོད། བུད་མེད་དང་ལུས་འབྲེལ་མ་བྱས་པ་ཙམ་ཞིག་ལ་གྲྭ་པ་དང་རབ་བྱུང་དུ་རློམས་ཤིང་གྲགས་པ་འདི་ནི་ང་ཚོའི་རྒུད་པ་མང་པོ་ཞིག་གི་རྩ་བ་ཡིན། དོན་ལ་གྲྭ་པ་དང་རབ་བྱུང་གི་ཚད་དང་མཚན་ཉིད་གང་འདྲ་ཞིག་དགོས་མིན་ཧ་གོ་ན་བོད་མིའི་ཟློས་གར་འདི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
ཕྱི་རྒྱལ་འགྲོ་འདོད་ན་སྒོར་འབུམ་བརྒྱད་ཨེ། ཡ་ཡ།
ཀ་རྡོ་ལགས། ཧང་ག་རི་ལ་ཁྱེད་ཀྱི་དྲུང་ཡིག་དགོས་ན་ང་སྟོང་པ་ཡིན་ལོ༄
ཧ་ཧ་ཧ།
སྦུམ་ཟེར་བ་དེ་སྦོམ་ཞེས་པའི་དོན་རེད་ད།
ཨ་ཁ་དེ་འདྲའི་ཐབས་སྐྱོ་བ་ལ། སྐྱུག་བྲོ་བའི་ལས་ཀ་རང་རེད། གནས་ཚུལ་དེ་བདེན་པ་ཡིན་པའི་དབང་དུ་བཏང་རུང་མི་རེ་གཉིས་ཀྱི་གནས་ཚུལ་ཆུང་ཙག་རིགས་ཁྱེར་ནས་གྲྭ་བ་སྤྱིའི་སྒང་ལ་ཞྭ་མོ་ནག་པོ་གཡོགས་ཐབས་བྱེད་ན་ཡག་པོ་ཡོད་པ་མ་རེད། དངུལ་ལྐོག་ཟ་བྱེད་མཁན་དང་མི་གཡོ་ཚོང་བྱེད་མཁན་དེ་རིགས་བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དེ་སྔ་ནས་གནས་ཚུལ་ཕྲན་བུ་རེ་ཡོང་གི་ཡོད་པ་རེད། མ་གཞི་ནས་ཕྱི་རྒྱལ་ལུང་བར་ཡོད་པའི་བོད་མི་ཚོས་རང་གི་དགའ་ཉེ་དང་ཕ་ཡུལ་གཅིག་པ་སོགས་ལ་དངུལ་ཕོན་ཆེན་པོ་སྤྲད་ནས་སྐྱག་ལངས་ལ་བཏང་བ་རེད། རྡ་ས་ནས་བཟུང་སྟེ་ལྡི་ལི་དང་ས་གནས་གཞན་དང་གཞན་ན་ཕྱི་རྒྱལ་གྱི་རོགས་དངུལ་ཟོས་ནས་འཁྱམས་ཉུལ་བྱེད་མཁན་དང་ནག་ཚོང་རྒྱག་མཁན་བཙན་བྱོལ་སྤྱི་ཚོགས་ནང་གང་མང་མང་རེད། བཙན་བྱོལ་གྱི་འབྱོར་ལྡན་དེ་ཚོས་དངུལ་གསོག་རྒྱུ་ཁོ་ན་ལས་གཞན་པའི་བསམ་བློ་ཡོད་པ་མ་རེད། དཀར་ནག་གི་དབྱེ་བ་ཕྱེ་ན་བཟང་། བོད་ཀྱི་རྩ་དོན་ཆེད་དུ་དཀའ་ལས་རྒྱག་མཁན་མང་ཆེ་བ་འབྱོར་མེད་རེད།
ནན་དན← Touch again to save
འདི་ནི་གྲྭ་ལྭ་གོན་པ་མ་གཏོགས་གྲྭ་པའི་མཚན་ཉིད་མི་ཚང་བའི་ཁ་ཤས་ཀྱི་སྤྱོད་ངན་ཡིན་པ་ལས། ཚུལ་ལྡན་དང་ཤེས་ལྡན་གྱི་གྲྭ་པ་ཁྲི་ཕྲག་བརྒལ་བ་དེ་ཚོ་ལ་སྐུར་བ་རྒྱག་ག་ལ་རུང་། དྲ་གྲོགས་ཚོས་གང་ཟག་ག་གེ་མོར་དམིགས་ནས་མཆན་འགོད་ན་ལེགས་སྙམ། མ་གཏོགས་སོ་སོས་སྡིག་པ་གསོག་རྒྱུ་ལས་གཞན་ཅི།
ཡིན་ས་རེད། དེང་སང་གྲྭ་སརའང་འདི་འདྲའི་འགོས་ནད་ཅིག་ཕོག་ཡོད་ས་རེད། ཕྱི་ལོག་ཏུ་འགྲོ་མིའི་ཁོངས་ན་
གྲྭ་བའང་གང་ཙམ་ཡོད་པ་འདྲ། སྐྱིད་མ་ཐེག་རང་རེད། གཏོང་མཁན་གྱི་གྲས་ན་དགེ་བཤེས་ཟེར་ན་མི་ཤེས་ཀྱང་ཆོས་ཚོགས་ཁག་གི་མགོ་བདེ་བའི་རིགས་ཡིན་ནི་རེད།
དེང་སང་སེ་འབྲས་དགའ་གསུམ་གྱི་དགེ་བཤེས་མིང་རྒྱབ་འཁུར་མང་པོ་ཞིག་ལྡི་ལིའི་སྲང་ལམ་དུ་མཐོང་མཆན་ཆེད་དུ་རྒྱུགས་པ་དང་། ཁག་ཅིག་སྨད་ཚོང་མའི་རྐུབ་ལ་རྒྱུགས་པ། ཁག་ཅིག་ཕྱི་རྒྱལ་དངུལ་ལོར་ཆེད་གསང་སྤྱོད་དང་ལྟོ་ཕོར་བཀྲུ་བཞིན་ཡོད་པ་རེད། དེ་མིན་མང་པོ་ཞིག་ནི་མིང་གྲགས་ཆེད་དུ་སྲིད་དོན་ཚོགས་པའི་ནང་དུ་འཛུལ་ནས་སྤྱི་ཚོགས་ཡར་དཀྲུགས་མར་དཀྲུགས་བྱས་ནས་སྡོད་ཀྱི་ཡོད་པ་དེ་དག་དགེ་ལུགས་པ་ཙམ་མ་ཟད། བསྟན་པ་སྤྱིར་གནོད་ཚབས་ཆེ། ཨ་ཁ་་་་་་ ངོ་མ་ཡིད་སྐྱོ
ཚང་མ་བདེན།།
ང་ལ་ལྡི་ལིར་ཡོད་པའི་བོད་པའི་སྨད་ཚོང་མ་ཞིག་གིས། དེང་སང་ངའི་སྐུ་མགྲོན་མང་ཤོས་དང་ཡག་ཤོས་སྐུ་ཤོག་ཚོ་རེད་ཟེར་གྱི་འདུག
དམག་མི་དང་ཕོ་གསར་དེ་ཚོས་ཨ་རག་སྤྲད་ནས་དངུལ་རྩིས་ཏག་ཏག་མ་རྒྱག་པར་བྲོས་འགྲོ་གི་འདུག་ཟེར།
ངས་སྐུ་ཤོག་ཚོས་ཁྱོད་ལ་ལུས་འབྲེལ་བྱེད་སྲིད་དམ་དྲིས་པར།
མོས་ལམ་སེང་ཐེ་ཚོམ་མེད་པར། ལོས་བྱེད། མང་ཆེ་བས་ཁ་དང་རྐུབ་བརླ་བར་དུ་བྱེད་ཀྱི་འདུག ཁ་ཤས་ནང་ལོག་འཛུལ་གྱི་འདུག
སེམས་ཆུང་བ་ཁ་ཤས་ལ་ལག་ཤུབས་བཏང་ན་འགྲིག་གི་འདུག
འོན་ཀྱང་། སྐུ་ཤོག་ཚོས་བྱམས་པོ་བྱས་པ་དང་དངུལ་མང་པོ་སྟེར་གྱི་འདུག་ཟེར། ངོ་མ་དེ་ཚོ་དུས་རབས་གསར་པའི་དགེ་འདུན་པ་ཡིན་ས་རེད།
ངས་མོ་ལ་སྐུ་ཤོག་ཚང་མ་དེ་འདྲ་མ་རེད་དགོན་པའི་ནང་བཞུགས་པའི་སྐུ་ཤོག་མང་ཆེ་བ་ཡག་པོ་ཡོག་རེད་ཟེར་བཤད་པར།
བུ་མོ་དེས་ང་ཡིད་ཆེས་ཀྱི་མི་འདུག ངའི་སྐུ་མགྲོན་ནང་སྐུ་ཤོག་ཁ་ཤས་རིན་པོ་ཆེ་རྩ་ཆེན་པོ་དེ་འདྲ་རེད་འདུག ཁ་ཤས་རྫིག་པོ་དེ་འདྲ་འདུག་ཟེར།
ངས་ཁྱོད་རང་སྡིག་ཆེན་རེད་ཟེར་བར། མོས་ང་ལ་སྡོམ་པ་ནི་མེད། སྡིག་པ་ག་ནས་ཡོང་། སྐུ་ཤོག་ཚོ་ནི་ང་ལ་ཁ་དཔར་བཏང་ནས་ཡོང་གི་འདུག་ཟེར།
ངས་ཁྱོད་རང་སྐུ་ཤོག་མཉམ་དུ་སྡོད་སྐབས་ངོ་ཚ་དང་ཞེད་སྣང་སྐྱེ་གི་མི་འདུག་གམ་དྲིས་པར།
མོས། ཁ་ཤས་ན་བཟའ་སེར་པོ་རྫིག་པོ་དེ་འདྲ་གྱོན་ནས་ཡོང་གི་འདུག་
དེ་ཚོར་ཏོག་ཙམ་འཚེར་སྣང་ཡོང་གི་འདུག ཡིན་ནའི་ད་ལྟ་གོམས་ཤག་ཟེར།
དེ་དག་ལ་དགེ་སྡིག་མེད་ན་་་་་་་་་ངོ་ཚར་མེད་པ་ཡ་མཚན་ཧཧཧཧཧཧཧཧཧཧཧཧ
སེམས་ཕམ་སོང
དེང་དུས་སྤྱི་ཚོགས་འདི་ནང་སྤྱོད་ངན་ངོ་ཚ་ཁྲེལ་གཞུང་མེད་པ་རིགས་མང་སོང་ཨའའ།།།།།།།།
གོང་གི་འདི་བརྩམས་སྒྲུག་གྲས་རེད་འདུག་མ་གཏོགས་གྲྭ་རྒན་འདིའི་མིང་དང་དགོན་པ་སོགས་གནས་ཚུལ་ཤེས་འདོད་ཧ་ཅང་ཆེ།
རེད་རེད་་་་བདེན་པ་ཡིན་རྒྱུ་རེད་་་་་་་་་
ཨ་བ་ཡ་ན་ཁོ་རེ། ཁ་སང་ལྡིལིར་བོད་མོ་སྨད་ཚོང་མ་མངོན་གསལ་དོད་པོ་དེ་འདྲ་ཡོད་རེད་དམ། ཆང་སའི་དྲྭ་བར་ཡང་སྨད་ཚོང་མ ཞིག་དང་དྲི་བ་དྲིས་ལན་བྱས་འདུག
གང་འདྲ་ཡིན་ན། བོད་མོ་དེ་འདྲ་འདུག་ན་ང་ལ་ཡང་དགོས་ཡ།
http://www.khabdha.org/?p=13538
http://www.khabdha.org/?p=13466
གྲོགས་པོ་ཚོ་གོང་གི་ཁ་བྱང་གཉིས་བསྣུན་ནས་གཟིགས་དང་གནས་ཚུལ་འདི་དང་འདྲ་པོ་དེ་འདྲ་རེད།
༢༣་པ་གལ་ཏེ་བདེན་པ་ཡིན་ན། ད་ངོ་མས་བྱ་བཙོག །དེ་འདྲ་ཡོད་པ་རེད་ཟེར། །དེ་ཚོ་བོད་པའི་གྲྭ་བ་ཡིན་པའི་ངེས་བ་མི་འདུག །འབྲུག་དང་བལ་ཡུལ་སོགས་ནས་ཡོང་མཁན་སྐྱེས་དམན་མཉམ་དུ་ན་བཟའ་སེར་པོ་རྫུག་པོ་གྱོན་མཁན་དེ་འདྲ་མང་དུ་ཡོད་པས་དེ་དག་གྲྭ་སའི་དགེ་བཤེས་ཡིན་པའི་ངེས་བ་ཡང་མེད་ལ། དྲ་གྲོགས་ཁ་ཤས་ཀྱིས་ལམ་སེང་གདན་ས་གསུམ་ལ་ཞྭ་མོ་ནག་པོ་གཡོགས་ཐབས་བྱེད་གི་འདུག་ག །གཞན་ལ་གྲྭ་བ་མེད་སོང་ནི་ཨེ་རེད། །
ཨ་ཁྱད་མཚར་དག་མཆན་ལ་སྒུགས་དགོས་གང་ཡིན་ནམ།
༢༣༽ ཨ་བ་ཡ་ན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༨ གི་ཆུ་ཚོད་ ༡༤ སྐར་མ་ ༡༤
ཚང་མ་བདེན།།
ང་ལ་ལྡི་ལིར་ཡོད་པའི་བོད་པའི་སྨད་ཚོང་མ་ཞིག་གིས། དེང་སང་ངའི་སྐུ་མགྲོན་མང་ཤོས་དང་ཡག་ཤོས་སྐུ་ཤོག་ཚོ་རེད་ཟེར་གྱི་འདུག ་་་་་་་་་་་་་་་་་་་་་་་་
འདི་ཚོ་དངོས་གནས་བདེན་པ་རེད་པེ། མིན་ན་ཁ་སྡིག་ཆེན་པོ་རེད་གདའ། ཤི་ན་དམྱལ་བར་སྐྱེ་བགྱི་རེད་དོ།
སྐུ་ཞོག་བོད་ནས་གསར་དུ་འབྱོར་བའི་ནང་ན་ཁྱད་ཚར་དེ་འདྲ་འདུག་ཏ། སྤྱིར་སྟངས་ལུས་ལ་ན་གཟའ་འགྱོན་པ་ཙམ་ལ་སྐུ་ཞོག་གི་ཁྱབ་པ་གང་ནས་ཡོད། མི་སྐྱ་གྲ་ཆས་འགྱོན་ནས་གཞུང་ཚབ་དུ་སོང་བའི་གནས་ཚུལ་ཧ་ཅང་མང་པོ་འདུག་
དེང་སང་ཕྱི་རྒྱལ་ལུང་བ་ལྷ་ཡུལ་དང་མགོ་སེར་རྣམས་ལྷ་བཞིན་བཀུར་བའི་བོད་པ་རེ་ཟུང་གི་བྱ་སྤྱོད་དང་། ཆོས་ཁ་ལ་ཁྱེར་ནས་མགོ་སྐོར་གཡོ་ཚོང་བྱེད་མཁན་དང་ལྐོག་དངུལ་ཟ་མཁན་གྱི་སྐྱ་མིན་སེར་མིན་གྱི་ཚོགས་པ་དང་། དོན་དངོས་ཐོག་འདི་དག་ཚང་མ་ལྟག་སྒོ་རྒྱབ་གཉེར་གྱི་དངུལ་རེག་གི་ཡོད་མེད་ཀྱི་ཐད་ནས་རེད།
ཐེམ་སྐས་སྨོན་ལམ་འདོན་རྒྱུ་ན།།
དེ་འདྲའི་ཡ་མཚར་འབྱུང་དོན་མེད།།
ཆགས་སྲེད་ཆུང་དུ་གཏོང་བའི་ཐབས།།
ཐེམ་སྐས་སྨོན་ལམ་ཡང་ཡང་ཐོན།།
སྐུ་ཞབས་ལ། སྐུ་ཞོག་ཟེར་བ་ནོར་བ་རེད། ད་དུང་རབ་འབྱུང་ཕོ་མོ། དགེ་སློང་། དགེ་ཚུལ། གྲྭ་པ་དང་ཨ་ནེ་སོགས་ཡོད་རེད་ལགས།
དེང་སང་ལྡི་ལི་མ་ཇུ་ཎི་ཁ་ཊེ་ལར་མཚོན་ན་སྐྱ་སེར་གཉིས་ཀའི་མི་ཚོང་དང་ནག་ཚོང་རྒྱག་པའི་ས་ཆ་ཆེན་ཞིག་ཏུ་ཆགས་པའི་རྒྱུ་མཚན་གྱིས་རྒྱ་གར་གསང་མི་འགས་ལྡི་ལི་བསམ་ཡས་གླིང་ནི་མི་འབོར་ཉུང་ཉུང་ཡིན་རུང་མི་ཚོང་དང་དབྱར་རྩྭ་དགུན་འབུའི་ཚོང་སོགས་ཁྲིམས་འགལ་གྱི་ནག་ཚོང་རྒྱག་སའི་གྲོང་ཁྱེར་ཆེན་པོ་ཞིག་དང་ཨ་ན་མ་ན་རེད་ཅེས་བ་ལྟར།་་་དེང་དུས་ཡིན་ན་ལྡི་ལི་བསམ་ཡས་གླིང་དུ་གཞིས་སྡོད་དམ་གཞིས་སྡོད་མ་ཡིན་པའི་བོད་མི་སུ་ཞིག་ལ་སྐད་ཆ་དྲིས་པ་ཡིན་ན་ཚང་མ་ཕྱི་རྒྱལ་ལ་གཏོང་མཁན་ཡིན་པ་འདྲ་བོ་སོགས་གང་ཞིག་བདེན་པ་ཡིན་པ་དང་གང་ཞིག་རྫུན་པ་ཡིན་པར་ངོ་མ་དབྱེ་འབྱེད་དཀའ་བས་གལ་ཏེ་ཕྱི་རྒྱལ་ལ་སྒོར་མོ་སྤྲད་ནས་འགྲོ་མཁན་ཞིག་ཡིན་ན་ངེས་པར་བདེན་རྫུན་གང་ཡིན་གྱི་ཕྱོགས་ལ་གཟབ་གཟབ་བྱེད་དགོས་པ་ནི་སྨོས་མ་དགོས་པ་ཞིག་རེད།་་་ཡིན་ན་ཡང་ཆོག་མཆན་Visaམ་རེག་པའི་སྔོན་དུ་སྔ་འདོན་སྒོར་མོ་འབུམ་གཅིག་གམ་གཉིས་སྟེར་དགོས་ཞེས་དེ་འདྲ་ཟེར་མཁན་ཞིག་ལ་ཐུག་ན་ཕལ་ཆེར་རྫུན་པ་རེད་ཟེར་ན་མི་ཆོག་རྒྱུ་མེད་པ་ཡིན།་་་གང་ལ་ཟེར་ན་ཁོང་ཚོས་ཆོག་མཆན་རེག་པ་ཡིན་ན་བཤད་ཀྱི་ཅི་ཡང་མེད་ལ།་་གལ་སྲིད་མ་རེག་པ་ཡིན་ན་ཁྱེད་ཀྱི་མཐོང་སར་མི་ཡོང་བར་བྲོས་འགྲོ་བ་ནི་བརྒྱ་ཆའི་ནང་ནས་དགུ་བཅུ་གོ་དགུ་ཚང་མ་དེ་འདྲ་རེད།་་་་དེ་བས་ཆུ་མ་ཡོང་གོང་གི་རགས་ཟེར་བ་ནང་བཞིན་གཟབ་གཟབ་བྱས་ན་ཡག་གི་རེད།་་་་མི་ཚོང་རྒྱག་མཁན་གྲས་ནས་སྐྱ་སེར་གཉིས་ཀ་ཡོད་པས་མི་ཟད་བླ་མའམ་སྤྲུལ་སྐུ་ཡང་ཡོད།
་་གལ་སྲིད་མ་རེག་པ་ཡིན་ན་ཁྱེད་ཀྱི་མཐོང་སར་མི་ཡོང་བར་བྲོས་འགྲོ་བ་ནི་བརྒྱ་ཆའི་ནང་ནས་དགུ་བཅུ་གོ་དགུ་ཚང་མ་དེ་འདྲ་རེད།་་་་དེ་བས་ཆུ་མ་ཡོང་གོང་གི་རགས་ཟེར་བ་ནང་བཞིན་གཟབ་གཟབ་བྱས་ན་ཡག་གི་རེད།་་་་མི་ཚོང་རྒྱག་མཁན་གྲས་ནས་སྐྱ་སེར་གཉིས་ཀ་ཡོད་པས་མི་ཟད་བླ་མའམ་སྤྲུལ་སྐུ་ཡང་ཡོད། ཟེར།
མེ་ཏོག་དཀར་པོ་ཁྱོད་ལ་དགོས་ན་དྲ་འཕྲིན་ཁ་བྱང་ཞིག་འདི་རུ་འཇོག་དང་། ངས་འབྲེལ་བ་ཞུ་སའི་ཁ་དཔར་ཨང་ཕུལ་ཆོག
ཀརྡོ་གཉེར་ཕྱག་ལ།
འདི་ཚོ་དངོས་གནས་བདེན་པ་རེད་པེ།
སྐུ་ཞབས། ཁ་སྐད་ལ་སྐུ་ཞོག
རེད་དམ། ཁ་སྐད་ལ་རེད་པས།
དངོས་གནས་རེད་གདའ། ཁྱོད་ལའང་ཁ་པར་ཨང་ཞིག་ཕུལ་ཆོག
སོ་སོས་དྲིས་ན་ཤེས་ཡོང་།
མ་གཞི་ནས་གྲྭ་པས་གྲྭ་པའི་དམ་བཅའ་དང་འགལ་མཁན་ཤིན་ཏུ་མང་།
དེ་མིན་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་མགོ་མཇུག་ཚང་མ་བན་ལོག་གིས་ཁེངས་དགོས་དོན་མེད།
མིག་བརྒྱད་པར་ད་དུང་ཡག་ཉེས་གཉིས་ཀ་མཐོང་ཐུབ་པའི་མིག་གཅིག་དགོས་ཀྱི་འདུག
དེ་མིན་ཁོས་གྲྭ་ས་གསུམ་གྱི་གྲྭ་པས་ཡག་པ་བྱེད་དུས་བོད་པར་དགོན་པ་གཞན་ཡོད་པ་མི་མཐོང་ལ། གྲྭ་ས་གསུམ་གྱིས་གྲྭ་པས་སྡིག་ལས་བསགས་དུས་གྲྭ་ས་གཞན་ཡང་མཐོང་གི་འདུག
གང་ལྟར་ཁྱོད་ལ་ཕྱོགས་རེས་བྲལ་བའི་མིག་ཞིག་ད་དུང་དགོས་ཀྱི་འདུག
དེ་མིན་ཁྱོད་ལ་མིག་བརྒྱད་མི་དགོས་བརྒྱད་སྟོང་ཡོད་ཀྱང་ངལ་བའི་རྒྱུ་རེད།
ད་འུ་ཚོས་དྲ་རྒྱའི་སྟེང་དགེ་འདུན་ལ་བཀུར་འདེབས་ཀྱི་ལས་ངན་མ་གསོག་ན་ལེགས། དེང་གི་དུས་སུ་ཁྲོམ་གྱི་ནང་དུ་བན་གཟུགས་ལས་ངན་གསོག་མཁན་ཁ་ཅིག་ཡོད་སྐད། དེ་དག་ནི་དགེ་འདུན་པ་ངོ་མ་ཞིག་ག་ནས་ཡིན།
་་་་་་་་་་་
ངས་ཁྱོད་རང་སྐུ་ཤོག་མཉམ་དུ་སྡོད་སྐབས་ངོ་ཚ་དང་ཞེད་སྣང་སྐྱེ་གི་མི་འདུག་གམ་དྲིས་པར།
མོས། ཁ་ཤས་ན་བཟའ་སེར་པོ་རྫིག་པོ་དེ་འདྲ་གྱོན་ནས་ཡོང་གི་འདུག་
དེ་ཚོར་ཏོག་ཙམ་འཚེར་སྣང་ཡོང་གི་འདུག ཡིན་ནའི་ད་ལྟ་གོམས་ཤག་ཟེར།
དངོས་གནས་ཡིན་ནམ། ཧ་ཧ་ཧ་ཧ་ཧ། ཡིད་ཆེས་དཀའ་ཙམ་མི་འདུག་གམ།
མཁས་དབང་དགེ་ཆོས་ནས། འོས་པའི་ལས་རྣམས་དངོས་སུ་བཀག་པ་ན། །མི་འོས་ལས་རྣམས་ལྐོག་ཏུ་བྱེད་ངེས་པས། །སྐྱེ་བོ་རྣམས་ཀྱི་མ་བཅོས་བདེ་བ་འདི། །ཆོས་དང་འཇིག་རྟེན་ཁྲིམས་ཀྱིས་ག་ལ་ནོན།། ཞེས་གསུངས་པ་དེ་ཅི་མ་བདེན།
དངོས་གནས་བྱས་ན། བོད་པའི་བུད་མེད་བཤང་ཚོང་མ་དེའི་དཔར་དང་ནང་མིའི་ལོ་རྒྱུས་འདིར་བཞག་དགོས་པ་ལ། དེ་ལས་ལྡོག་སྟེ། ཆོས་བྱེད་དགེ་འདུན་པར་ཁ་བཏང་བ་འདི་མ་སྒྲིག་པ་མ་རེད་པེ།
་་འདི་མ་སྒྲིག་པ་མ་རེད་པེ། འདི། ་་འདི་མ་འགྲིགས་པ་མ་རེད་པེ། ལ་བཅོས།
ང་ཚོའི་སྤྱི་ཚོགས་འདིའི་ནང་མི་ཆེན་སྐུ་ངོ་ཚོ་དང་། དགེ་འདུན་པ་ཚོས་ནོར་འཁྲུལ་བྱས་པ་དེ་ཚོ་གླེང་ས་མེད་པ་དང་། དེ་བས་བུད་མེད་དང་མི་སེར་དཀྱུས་མར་གཉའ་གནོན་མཐོང་ཆུང་བྱེད་རྒྱུའི་གོམས་གཤིས་ངན་པ་དེ་ད་ལྟའང་ལྷག་འདུག
དེ་དག་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་རྒྱུ༷འི་འགག་རྡོ་ངོ་མ་རེད།
གང་བྱུང་མ་ཤོད། རྒྱུ་མཚན་ལྡན་པ་ཤོད།
ངས་བོད་པའི་བུད་མེད་སྨད་ཚོང་མ་དེའི་དཔར་དང་། ནང་མིའི་ལོ་རྒྱུས་མ་སྟོན་གོང་། གྲྭ་སའི་ནང་དགེ་བཤེས་ཚོས་ཨིན་ཆུང་གི་དོན་དུ་གསོད་རེས་གཏོང་བའི་དེ་སྔའི་དངོས་བྱུང་ལོ་རྒྱུས་དང་། དེང་སང་ཡང་གྲྭ་ས་ཁག་ནང་ཨིན་ཆུང་གི་དོན་དུ་འཁྲུག་རྩོད་ཆེན་པོ་ཤོར་བའི་ལོ་རྒྱུས། དེ་བཞིན་ཨ་ནིའི་དགོན་པའི་ནང་གི་སྒོ་ངའི་ལོ་རྒྱུས་སོགས་ཞིབ་བཀོད་བྱས་ན་ཀརྡོ་གཉེར་ཕྱག་ཁྱེད་རང་ཡིད་ཆེས་ཀྱི་མ་རེད། འོན་ཀྱང་། དངོས་ཡོད་ནི་དངོས་ཡོད་རང་རེད།
guy ཨང་དང་པོ། གདན་སའི་ཨིན་ཆུང་།
ཟེར་བའི་རྩོམ་ཡིག་ཞིག་སྟོན་ཉེར་ཡོད་པས་དེར་སྒུག་རོགས།
དེ་སྔ་ལྷ་སར་རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་དབྱིན་ཇིའི་སློབ་གྲྭ་གསར་འཛུགས་གནང་སྐབས། མི་མང་གིས་གླུ་གཞས་སྙན་པོ་འདི་འདྲ་ཞིག་ལེན་ཡོད།
དག་པ་ལྷ་ལྡན་ཞིང་ལ།
མ་དག་དབྱིན་ཇིའི་སློབ་གྲྭ
དགེ་རྒན་མགོ་སེར་སྣ་ཆེན།
དགེ་ཕྲུག་གྲྭ་པའི་ཨ་ཅེ།
གྲྭ་པའི་ཨ་ཅེ་ནི་ལྷ་སའི་ཁ་སྐད་དུ་གྲྭ་པའི་སྐྱེ་དམན་ལ་ཟེར།
དེ་ནི་ཨིན་ཆུང་ལ་གོ་བ་ཡིན།
ཨ་བ་ཡ་ན་ཧཱུཾ་ཕཊ། བཀྲ་ཤིས་ཚེ་རིང་གིས་བྲིས་ཚར་བ་ཞིག་ཡང་དང་བསྐྱར་དུ་ཟློས་ཤིག།
ལམ་དང་ལུགས་སྲོལ་སྣ་ཚོགས།།
འགྲོ་བ་མི་ཡི་གྲུབ་ཆ།།
མི་རེའི་ངོས་ན་སྒྲུང་རེ།།
ཡིག་ཐོག་བྲིས་བས་མི་ལང་།།
བོད་པ་ཚོ་ལ་རྒྱ་ནག་པོ་འདི་དགོས་ཐག་ཆོད་རེད་འདུག
ཨ་བ་ཡ་ན་ཧཱུྂ༔ཕཊ
ཤི་ནས་དམྱལ་བར་སཱ་ཧཱ།
ཁ་ཅིག་གིས་ལས་ངན་གསོག་མཁན་དེ་ཚོ་དགེ་འདུན་པ་ངོ་མ་མིན་ཚུལ་གསུང་གིན་འདུག བདེན་པ་རེད་དེ་ཡིན་ནའང་ཁོ་ཚོས་རང་ཉིད་ཀྱི་རྒྱབ་ཏུ་གྱོན་པའི་གཟན་ཤམ་མ་ཕུད་བར་དུ་ང་ཚོས་ཁོང་ལ་དགེ་འདུན་པ་མ་ཟེར་རང་ཟེར་མ་རེད་པས། སུ་ཡིན་ཡང་མིའི་གདོང་ལ་བལྟས་ནས་སྐུ་ཤོག་མ་གཏོགས་གྲ་རྫུན་ལབ་ཕོད་མཁན་སུ་ཡོད་དམ།
ངས་བལྟས་ན་ཕྱེ་མ་ལེབ་སྔོན་་པོ་ཟེར་བའི་མྱི་འདི་ཡང་། ཆོས་ཚོང་པ་ཞིག་གིས་མགོ་སྐོར་བཏང་སྟེ་ཕྱི་རྒྱལ་ལ་མ་སླེབས་སྟབས། ཁོ་ཨུ་ཐུག་སྟེ་རང་མཚང་ཕྱི་རུ་བཤམས་པ་རེད། གང་ལྟར་ཡང་མྱི་འདི་ཚོ་དང་ཆོས་ཚོང་པ་དེ་ཚོ་བར་ལ་མི་འདྲ་བའི་ཆ་ཞིག་ག་ནས་ཡོད།
ཡ་ཨ་རོགས་སྡིག་ཅན་ཚོ།
ཁ་སྡིག་མ་གསོག
དགེ་ལྡན་པའི་དགེ་བཤེས་དེ་ཚོར་སྐྱོན་ཡོད་ཀྱང་མ་དམོད་ཤིག
ཤི་ན་དམྱལ་བར་འགྲོ་ངེས་ཡིན།
ཨ་རོགས་དྲ་གྲོགས་ཚོ།་་་དེང་སང་ཡིན་ན་དགེ་སྐྱོན་གཉིས་ལས་སྐྱོན་མཚང་ཏོག་ཙམ་བསྔོག་ན་དམྱལ་བར་འགྲོ་ན་འུ་ཚང་བོད་པ་འདི་ལ་ངོ་མ་རྒྱུ་འབྲས་ཟེར་བ་མེད་སོང་བ་རེད།་་་་དེ་མིན་ན་སྐྱོན་ཡོད་ན་སྐྱོན་འདུག་ཅེས་ལབ་པར་དམྱལ་བར་འགྲོ་བའི་རྒྱུ་མཚན་ཅི།་་་གལ་སྲིད་ན་གྲྭ་བ་ཡིན་པའི་ཆ་ནས་དེ་ལྟར་འདོད་ཀྱི་ཡོད་ན་ཐོག་དང་པོར་དམྱལ་བར་འགྲོ་མཁན་དེ་སངས་རྒྱས་ཤཱཀྱ་ཡིན་པ་ནི་བཤད་མ་དགོས་པ་ཞིག་རེད།་་་ཁོང་གིས་གྲྭ་བའམ་དགེ་འདུན་པའི་ཉེས་པའམ་སྐྱོན་གཅིག་རེ་གཅིག་རེ་བྱས་ནས་ངོས་འཛིན་དང་གཟིགས་པ་ལ་བརྟེན་ནས་འདུལ་ཁྲིམས་ཀྱི་བཅས་ཁྲིམས་དེ་དག་བཟོས་པ་ནི་ཡོངས་གྲགས་རེད།་་་ད་ཡིན་ན་ངོ་མ་དགོད་རྐྱལ་རེད།་་་
བཙུན་པས་ཁྱིམ་སུན་འབྱིན་གྱིས་ལས་འཇུག་མི་ཉན། ཁྱིམ་པས་འདུལ་བ་མི་འོས་པ་ལྟར་དད་ལོག་ཁ་སྡིག་ཀྱང་གསོག་མི་ཉན་པས་ཚང་མས་གཟབ་དགོས་མི་འདུག་གམ།
གྲྭ་པ་མཐོང་ནའི་དད་པའི་བསམ་པ་ཞིག་མ་སྐྱེས། ངས་ཀྱང་སྡིག་པ་བསག་གིས། དཀོན་མཆོག་མཁྱེན།
Gay རེད། guy མ་རེད།
མིག་གི་བུང་བ་མི་སྡོད་གཡོ་བར་བྱེད།།
མཆུ་ཡི་མེ་ཏོག་མི་བཙུམ་བཀད་པར་བྱེད།།
ཚེམས་དཀར་འོད་མདའ་འཕེན་པའི་བུ་མོ་འདི།།
དོ་དགོང་ཉལ་གཟན་དྲོ་བའི་རྒྱུ་མཚན་ཡིན།།
འཇམ་པའི་ལུས་ལ་རླན་བག་རློན་བག་ཆགས།།
དོག་པའི་བྲང་ལ་ཚ་དྲོད་མེ་དྲོད་འཁྱིལ།།
ཁྲག་རྩ་རྒྱུན་ལྡན་མིན་པའི་བུ་མོ་འདི།།
དོ་དགོང་མཚན་ཐུན་ཐུང་བའི་གནས་ལུགས་ཡིན།།
ཤ་གསེང་རུས་རྐང་མ་ལུས་སྦྲིད་དུ་བཅུག །
སྙིང་མཆིན་གློ་བ་མ་ལུས་འདར་དུ་བཅུག །
བདེ་བས་ར་རོར་གྱུར་བའི་བུ་མོ་འདི།།
དོ་དགོང་སྐྱེས་ཕོ་ཡིན་པའི་རྣམ་ཐར་ཡིན།།
མཁྲང་ཟླུམ་ནུ་མས་ཡང་དང་ཡང་དུ་རེག །
ལྷོད་མཉེན་ལྟེ་བས་བསྐྱར་དང་བསྐྱར་དུ་འདེགས།།
སྨིན་མ་ཆུ་ལ་གཡེང་བའི་བུ་མོ་འདི།།
དོ་དགོང་ལྐུགས་པ་ཡིན་པའི་ཟིན་ཐོ་ཡིན།།
རྔ་བའི་རྒྱལ་སྲས་ཀྱི་སྙན་ངག་དེ་ངོ་མ་སྙན་པོ་འདུག
ཨ་བ་ཡ་ན་ཁྱེད་རང་གི་སྨད་ཚོང་མའི་སྐད་ཆ་དེ་ངས་བདེན་པར་རྩིས་པ་ཡིན། འོན་ཀྱང་འོག་གི་སྐད་ཆ་དེ་ཚོས་ཡིད་ཆེས་བརླག་བཅུག་སོང་། འོག་གི་གྲྭ་པ་ལ་ཞེ་གནག་པའི་སྐད་ཆ་དེ་ཚོ་ལ་བལྟས་ན་དེང་སྐབས་བོད་པའི་སྤྱི་ཚོགས་ནང་བླ་མ་གྲྭ་བ་ལ་མི་དགའ་སྡང་ཟུག་དང་གཞི་མེད་སྐྱོན་བརྗོད་བྱེད་མཁན་ཁག་ཅིག་ཡོད་པ་དེའི་གྲལ་གྱི་གཅིག་མིན་པའི་ངེས་པ་མི་འདུག
ལུང་རྟོགས་ཁྱོད་བདེན།
ངོ་མ་གྲྭ་པ་རྫུན་མ་དེ་ཚོར་ང་སྙིང་གཏིང་ནས་མི་དགའ།
ད་བྱས་ན་ཁྱོད་ཀྱིས་གཅིག་ཤོད་དང་།
ང་ཚོའི་སྤྱི་ཚོགས་འདིའི་སྟེང་གྲྭ་པས་བུད་མེད་མཉམ་དུ་ཉལ་པོ་སྤྱད། ད་དུང་གྲྭ་ཆས་སྣུམ་རིལ་ལེར་གྱོན་ནས་དགོན་པའི་ནང་ཡར་ཕེབས་མར་ཕེབས་གནང་མཁན་ཚོར་དགེ་འདུན་པ་ཟེར་དགོས་རེད། ཡང་ན་གྲྭ་རྫུན་ལབ་དགོས་རེད། དེ་མིན་ཐ་སྙད་གསར་པ་ཞིག་བཏགས་དགོས་སམ་ཅི།
tsul04@yahoo.com
ཨ་བ་ཡ་ན། ད་ལྟ་རང་གཏོང་ཤོག
དྲྭ་གྲོགས་ཡོངས་ལ་ཞུ་སྙིང་། འདིར་རྩོམ་པ་པོས་བཀོད་གནང་པའི་ཆེད་རྩོམ་འདི་རྒྱུ་མཚན་ཞིག་འདུག གང་ཡིན་ཟེར་ན་སྤྱིར་ཕྱི་རྒྱལ་ལ་མི་གཏོང་མཁན་མང་པོ་ཡོད་པའི་ནང་བོད་མི་དང་ལྷག་གྲྭ་བ་ཞིག་ལ་དཔེ་སླངས་ནས་རྩོམ་འདིར་བཀོད་འདུག གཉིས་བོད་མི་བདུན་ཁ་ཆེས་རྒྱལ་ནས་གར་སོང་ཆ་མེད་དུ་སོང་བའང་ཡང་བཀོད་འདུག འདི་ཞེས་དྲགས་ཀྱི་འགལ་ཆེན་གནས་ཚུལ་ཞིག་བཀོད་འདུག ཁ་ཆེས་རྒྱལ་ཁབ་དེར་བོད་མི་བདུན་བོར་སླག་ཤོར་བ་དེ་དངོས་ཡོད་གནས་ཚུལ་རེད། རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱིས་འདིར་དོན་སྙིང་ལྡན་པའི་ཐོག་ཀློག་རོགས།
མེ་ཏོག་ལྷ་མཛེས་ལགས། ལོ་གཅིག་གོང་ཁྱེད་ལ་ཁ་པར་ཞིག་བཏང་མྱོང་། སྐད་སྙན་པོ་འདུག
ངའི་མཆན་འདི་རྩོམ་ཡིག་འདི་དང་དམིགས་བསལ་འབྲེལ་བ་མེད་ཀྱང་། དབུ་མའི་ལམ་གྱི་མཆན་སྒོ་ཁ་བརྡས་བཀག་ཟིན་པས། ངའི་མཆན་ལྷག་འདིར་བཀོད་རྒྱུ་ཡིན།
ཡུལ་གྱར་བ་ལགས།
ཁྱོད་ཀྱིས་ལ་རྒྱའི་བདག་པོར་ལན་འདེབས་གནང་བར་གནས་ཚུལ་དངོས་ཀྱི་འགྲེལ་བརྗོད་ཐུང་ཙམ་ཞུ་རྒྱུར།
དེ་ཡང་སྤྱི་འཐུས་ཟླ་བ་ཚེ་རིང་ལ་སྐྱོན་བརྗོད་བྱེད་སའི་གཞི་རྩ་ཡོངས་གླིང་སློབ་གྲྭའི་སྐོར།
དྷ་ས་ཡོངས་གླིང་སྔོན་འགྲོའི་སློབ་གྲྭ་ནི། སྤྱི་འཐུས་ཟླ་བ་ཚེ་རིང་ལགས་རང་ཉིད་ཀྱི་འགན་འཁུར་འོག་ཕྱི་ལོ་༡༩༨༤ ཟླ་༦ ཚེས་༡ ཉིན་ཟློས་གར་ལམ་ཆེན་སྐྱིད་གྲོང་ཇོ་ལྷག་པའི་ནང་རྒྱལ་བའི་ཡོངས་འཛིན་ྋསྐྱབས་རྗེ་རྡོ་རྗེ་འཆང་གླིང་རིན་པོ་ཆེའི་དྲན་རྟེན་དུ་དབུ་བརྙེས།
དེ་རྗེས་སློབ་གྲྭའི་ས་ཁང་ཆེད་བཙུན་དགོན་དགའ་ལྡན་ཆོས་གླིང་ནས་ས་ཆ་ཕི་ཊི་ཁ་གང་མ་༨༠༨༥ དངུལ་དམར་སྤྲད་དེ་ཉོས་ཤིང༌། སློབ་གྲྭ་གསར་འཛུགས་བྱས།
དེ་རྗེས་ཤར་པ་བློ་བཟང་དང༌། རྒྱ་གར་ས་བདག་བཅས་ནས་ས་ཆ་ཀར་ནལ་གཉིས་ཙམ་ཉོས། ས་རིན་དང་ཨར་ལས་འགོ་འཛུགས་ཆེད་སྐུ་སྒེར་ཡིག་ཚང་དང༌། དབུས་གཞོན་ལྷན། ཤེས་པར། དྷ་ས་མཉམ་འབྲེལ་ཡིག་ཚང༌། ར་ཆུ་བསོད་ནམས་སོགས་ཚོགས་སྒེར་ཁག་ནས་མ་དངུལ་སྔ་གཡར་གནང་ཞིང༌། (རྗེས་སུ་སྔ་འདོན་གནང་བའི་བུན་དངུལ་ཚང་རྩིས་འཇལ།) དེ་ཐོག་ཡོངས་གླིང་བླ་བྲང་ནས་ཞལ་འདེབས་མི་ཉུང་བ་གསོལ་རས་བསྩལ།
ཕྱི་ལོ་༡༩༨༤ ཟླ་༩ ཚེས་༢༧ ཉིན་ད་ལྟའི་ས་ཆའི་སྟེང་ཁང་པ་ཞིག་བརྒྱབ་པའི་ནང་ལོ་ཤས་རིང་འཛིན་ཁང་དང༌། གཉེར་ཚང༌། ཐབ་ཚང་གཅིག་ལྕོགས་བྱ་དགོས་བྱུང༌།
ཕྱི་ལོ་འཇར་མན་གྱི་ཨ་མ་ཝེ་སྒར་ལགས་ཀྱི་རོགས་དངུལ་གང་ཙམ་ཐོབ་རུང་འཛིན་ཁང་གསར་རྒྱག་གི་མ་དངུལ་འདང་ངེས་མ་བྱུང་སྟབས། འཛིན་ཁང་ཨ་མ་དེའི་ཐོག་རྒྱག་མ་ཐུབ་པར་ལོ་གསུམ་ཙམ་རིང་གྱང་རོ་ལྟ་བུར་ལུས། སྐབས་དེར་གང་ཅིའི་འགྲོ་གྲོན་ཐད་དཀའ་ངལ་ཧ་ཅང་ཆེ་བས་སློབ་གྲྭའི་འཛིན་ཁང་དགོང་དྲོ་མཚན་ཚོགས་ལ་གླ་གཡར་དང༌། ཨ་མདོ་བཀྲ་ཤིས་ལྷན་གློག་བརྙན་སྟོན་པ་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་དགེ་ལས་ཀྱི་ཟླ་ཕོགས་དང་འཛིན་སྐྱོང་འགྲོ་གྲོན་འབད་སྒྲུབ་བྱས། ཕྱི་ལོ་༡༩༨༧ ལོར་SOIR-IM, Sweden རོགས་ཚོགས་ཀྱིས་འཛིན་ཁང་གསར་རྒྱག་དང༌། SCF, England ཀྱིས་སློབ་ཕྲུག་ཚོའི་ཉིན་གུང་གསོལ་ཚིགས་རོགས་རམ་ཞལ་བཞེས་ཐོབ་པ་ནས་བཟུང༌། སློབ་གྲྭ་འདིའི་འཛུགས་སྐྲུན་དང་མཐུན་རྐྱེན་གང་ཅིར་ཡར་རྒྱས་བྱུང་།
ཕྱི་ལོ་༡༩༩༠ ལོར་ IM རོགས་ཚོགས་ཀྱི་རོགས་རམ་འོག་འཛིན་ཁང་ཐོག་བརྩེགས་གཉིས་པའང་གསར་རྒྱག་དང༌། ཉལ་ཁང་གི་དཀའ་ངལ་སེལ་སླད་ས་ཆ་ཀར་ནལ་གཅིག་ཙམ་གསར་ཉོ་བྱས་པའི་ཐོག ཕྱི་ལོ་༡༩༩༨ ལོར་ཉི་ཧོང་ཨ་མ་ཡུ་ཀོ་ཀ་ཏོ་ལགས་ཀྱི་རོགས་དངུལ་དང་། སྐུ་སྒེར་ཡིག་ཚང་གི་བུ་ལོན་སྔ་འདོན་རོགས་རམ། སློབ་གྲྭ་རང་གི་མ་དངུལ་བཅས་ཀྱིས་ཚོགས་ཁང་དང༌། ཉལ་ཁང༌། སྡོད་ཤག་བཅས་ཐོག་བརྩེགས་གསུམ་ཅན་གསར་རྒྱག་གནང༌།
ཕྱི་ལོ་༢༠༠༧ ལོར་ IM རོགས་ཚོགས་དང་། ཨ་རི་བ་Westheim & Tom དང་། འཇར་མན་གྱི་ཨ་མ་ Wiebke བཅས་ཀྱི་རོགས་རམ་འོག་གསར་རྒྱག་གནང༌ནས་སློབ་གྲྭ་དེས་ད་བར་རྡ་སའི་ནང་གསར་འབྱོར་གཙོས་ཁྱིམ་བདག་ཚོར་ཕྲུ་གུ་དམར་སྦྱར་ནས་བདག་པོ་རྒྱག་སའི་ལྟེ་གནས་ཤིག་ཆགས་ཡོད། ཡོངས་གླིང་སློབ་གྲྭའི་སྔ་ཕྱིའི་ལས་དོན་ཚང་མ་སྤྱི་འཐུས་ཟླ་བ་ཚེ་རིང་རང་ཉིད་ཀྱིས་འབད་བརྩོན་བྱས་པ་ཞིག་ཡིན་པ་ལས། གཞུང་རྒྱུ་ཡིན་པ་གང་དུ་གསལ་འདུག་གམ།
གནད་དོན་ངོ་མ་དེ་དག་ཡུལ་གྱར་བ་ཁྱེད་ཀྱིས་མ་རྟོགས་པ་ཡིན་ནམ། ཡང་ན་ལོག་པར་རྟོག་པ་ཡིན། དེ་མིན་བདེ་དོན་ཟླ་བ་ཚེ་རིང་གི་ཤེས་འཇོན་ཁྱད་ནུས་ལ་མིག་ཚིག་ནས། ཕྲག་དོག་དུག་ཆུའི་དྲི་མས་བརླན་ཏེ་གཟུགས་མེད་གྲིབ་བཟོའི་སྐྱོན་བརྗོད་བྱས་པ་ནི་ཁུངས་འཁྱོལ་ཐབས་མེད་པའི་རྫུན་གཏམ་ལད་ཟློས་སྐྱར་ཟློས་བྱེད་པ་ཙམ་ལས་མ་འདས།
ད་ཐེངས་ཡུལ་གྱར་བ་ཁྱོད་ཀྱིས་ཡོངས་གླིང་སློབ་གྲྭ་གཞུང་རྒྱུ་སྒེར་བདག་བྱས་པའི་སྒྲུབ་བྱེད་ཚད་ལྡན་ཞིག་སྟོན་ན་དགའ་བསུ་ཡོད།
ཞར་དུ་ཞུ་རྒྱུར། ང་ཚོས་ཅི་མཛད་ལེགས་ལྟ་དང་། ཅི་གསུང་བཀའ་སྒྲུབ་ཞུ་དགོས་མེད་ཙང་། གཞན་སྦྱོར་ཕུན་ཚོགས་མཐོང་ཚེ་མི་བཟོད་པར་འཁྱོག་བརྗོད་དང་ཧམ་སེམས་བཅངས་མཁན་མཐོ་དམའ་གཞུང་སྒེར་སུ་ཡིན་ཡང་དྲང་པོའི་ཡུལ་ཁྲིམས་ཐོག་ནས་ཐག་གཅོད་བྱེད་དགོས་བཅའ་ཁྲིམས་དང་མཐུན་པ་རེད་ཟེར་བ་ཡིན། བཅའ་ཁྲིམས་ནང་དུ་གཞུང་རྒྱུ་སྒེར་བདག་བྱ་ཆོག་པ་གསལ་མེད་ལ། གཞན་རྒྱུ་ཧམ་འཕྲོག་དང་། ནག་མེད་ཉེས་འགེལ་བྱ་ཆོག་ཟེར་བ་དེ་བས་གསལ་མི་འདུག
སྤྱི་འཐུས་ཟླ་བ་ཚེ་རིང་ལ་ནག་མེད་ཉེས་འགེལ་དང་། གཟུགས་མེད་གྲིབ་བཟོ་བྱས་པ་མ་འོས་མ་འགྲིག་ཟེར་བ་མ་གཏོགས། སྤྱི་རྒྱུ་རྐུན་འཁྱེར་བྱེད་མཁན་ནག་ཆེན་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྟ་བུ་དང་གཞུང་དྲང་ལྷག་བསམ་ཤེས་འཇོན་ལྡན་པའི་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་གཉིས་གྲལ་གནས་མཉམ་འཇོག་བྱེད་པ་ནི། ཞྭ་དཔེ་ལྷམ་འགེབ་ཀྱི་དཔེ་ལས་འདས། སྒོར་སྒོར་ཡོད་ཚད་བག་ལེབ་ཡིན་དགོས་ན། ཁྱོད་ཀྱི་ངོ་གདོང་དེའང་བག་ཡིན་དགོས་པས་ཧ་ཅང་ཐལ་བའི་ཕྱིར།
ཨ་བ་ཡ་ན་ལགས། གྲྭ་རྫུན་མང་པོ་ཡོད་རྒྱུ་རེད་ལ་གྲྭ་པ་ཡང་དག་ཡང་མང་པོ་ཡོད་རྒྱུ་རེད། དེས་སྐྱོན་བརྗོད་བྱས་ན་གྲྭ་བརྫུན་དེ་ཚོ་དམིག་སུ་བཀར་དགོས་པ་ལས། གྲྭ་རྫུན་གྱི་བྱས་ཉེས་ལ་བརྟེན་ནས་གྲྭ་པ་སྤྱི་ལ་སྐྱོན་བརྗོད་བྱས་ན་དྲང་པོ་མ་རེད་འདོད།
གྲྭ་ཆས་གྱོན་ན། གྲྭ་པ་ཡིན་པས་མ་ཁྱབ་པ་མང་པོ་ཡོད་རེད། དེས་ན་ཡོས་བྱེད་དགེ་འདུན་སྤྱི་ལ་སྒྲོ་བཏགས་དང་། བསྐུར་འདེབས་བྱེད་མི་རིགས་སོ། །
ཡོས་བྱེད་ འདི་ ཆོས་བྱེད་ལ་བཅོས།