ཁ་ཚེར་མ།
བདག་གི་སེམས་ཀྱི་རི་ལུང་ལ་སྨུག་པ་ལང་ལོང་ཅིག་འཐིབས
སྨུག་སྤྲིན་གྱི་ཀློང་ནས་མཐོ་དམའ་རན་པའི་རྫི་གླུ་ཞིག་གྱེར
གླུ་དེའི་མིང་ལ་རི་གླུ་ཟེར་ཞིང གཞས་གཏོང་མཁན་དེ་ངའི་ཆུང་ལོ་སྙིང་རྗེ་བོ་དེ་ཡིན
རི་གླུ་དེའི་གདངས་དང་གཞས་ཚིགས་ཀྱི་ཉམས་ཀྱིས
ང་དེང་མའི་བརྩེ་དུང་གི་ཞིང་ཁམས་མག་མོག་དེར་ཁྲིད་སོང
སྙིང་ཉེ་མ ཁྱོད་ཀྱིས་ཞོགས་པའི་རྩ་བསིལ་རྡོག་སྣེར་བཏུ་ཞོར
རི་ལུང་གི་ཁ་དབུགས་དངས་མོ་དེ་རྔུབས་དུས
དུད་སྨུག་འཐིབས་པའི་གྲོང་སྡེ་ཞིག་ན་ངས་ཁྱོད་ཀྱི་གཞས་ལ་ཉན་ཀྱིན་ཡོད
བདག་གི་སེམས་ཀྱི་གཏིང་རུམ་ལ་དྲན་པ་མག་མོག་ཅིག་འཐིབས
དྲན་པའི་ཀློང་ནས་འབྲོག་མོ་རྣལ་མ་ཞིག་གི་འཛུམ་མདངས་མངོན་ཡོང
དེ་ནི་ངས་བརྗེད་ཐབས་མེད་པའི་སྙིང་གི་ཕྱེད་ཀ་དེ་ཡིན
2013.11.8ཉིན
བརྗེད་ཐབས་མེད་པ་ཞིག་བརྗེད་ནས་ཕྱིར་མག་མོག་གཏིང་རུམ་ནས་མངོན། དེ་སྙིང་གི་ཕྱེད་ཀ་ཡིན། བརྗེད་ཐབས་མེད། ག་རེ་ཟེར་གི་ཡོད། མགོ་ཆག་བླ་བརྡོལ་འདི་འདྲ་ཇི་རེད།
རྩོམ་རྒྱག་སྟངས་ཞིག་ག་བ་ག་བ། མཐའ་ན་རྫུན་རྣལ་འགྲོ་ཞིག་ཡང་བཤད་མི་ཤེས་འདུག།
ཧ་ཧ་ཧ་ཧ། དྲྭ་གྲོགས་གནམ་ལགས། ་དེང་སྐབས་བོད་པའི་སྙན་ངག་པ་ཡིན་ཟེར་མཁན་ཚང་མ་འདི་འདྲ་རྐྱང་རྐྱང་རེད།
རང་ཉིད་ཀྱི་དངོས་མིང་ལ་ཀུན་དགའ་བཀྲ་ཤིས་ཟེར། ད་ཆ་དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་ཡོད།