བསོད་ནམས་ནོར་བུ།
ཁུ་ཚུར་དགྲ་ལ་འཕྱར་མཁན་ཁྱོད་ཚོ་རེད།།
ངོ་རྒོལ་གནམ་ས་གཡོ་མཁན་ཁྱོད་ཚོ་རེད།།
ལག་པ་སྤུན་ལ་སྲིང་མཁན་ཁྱོད་ཚོ་རེད།།
གཞིས་བྱེས་གཅིག་ཏུ་སྒྲིལ་མཁན་ཁྱོད་ཚོ་རེད།།
འབོད་སྒྲ་གནམ་ལ་གྱེར་མཁན་ཁྱོད་ཚོ་རེད།།
མི་སེམས་བདེན་པས་འགུཌ་མཁན་ཁྱོད་ཚོ་རེད།།
ཀི་བསྭོས་འཛམ་གླིང་གཡོ་མཁན་ཁྱོད་ཚོ་རེད།།
དགྲ་ལྷ་ཝེར་མ་བསྟོད་མཁན་ཁྱོད་ཚོ་རེད།།
མཆེ་བ་རྒྱ་ལ་གཙིགས་མཁན་ཁྱོད་ཚོ་རེད།།
དཔའ་རྒོད་སྟག་འདྲ་གཟིག་འདྲ་ཁྱོད་ཚོ་རེད།།
འཛུམ་དཀར་བོད་ལ་སྟོན་མཁན་ཁྱོད་ཚོ་རེད།།
ཆོལ་གསུམ་གསེར་ཟམ་འཛུཌ་མཁན་ཁྱོད་ཚོ་རེད།།
བདེན་པའི་ལོ་རྒྱུས་ཤོད་མཁན་ཁྱོད་ཚོ་རེད།།
རྫུན་པའི་རྔ་མ་བཀོག་མཁན་ཁྱོད་ཚོ་རེད།།
མེས་པོའི་རྡོ་རིང་སློང་མཁན་ཁྱོད་ཚོ་རེད།།
རང་བཙན་གསེར་ཡིག་རྐོ་མཁན་ཁྱོད་ཚོ་རེད།།
ང་དགུའི་དུས་ངན་དྲན་མཁན་ཁྱོད་ཚོ་རེད།།
མེ་མདའི་ཀག་སྒྲ་གོ་མཁན་ཁྱོད་ཚོ་རེད།།
ཕ་མའི་ངུ་སྐད་གོ་མཁན་ཁྱོད་ཚོ་རེད།།
ཕུ་ནུའི་ལས་དབང་རྟོགས་མཁན་ཁྱོད་ཚོ་རེད།།
མེས་པོའི་དབུ་རྨོག་འཚོལ་མཁན་ཁྱོད་ཚོ་རེད།།
རྒྱལ་དར་དགུང་ལ་སྒྲེང་མཁན་ཁྱོད་ཚོ་རེད།།
ལོ་རྒྱུས་སེམས་ལ་འབྲི་མཁན་ཁྱོད་ཚོ་རེད།།
བཙན་པོའི་མཚན་བྱང་ཀློག་མཁན་ཁྱོད་ཚོ་རེད།།
ཕྱི་དགྲ་ལྕགས་ཀྱི་ཐོ་ལུམ་ཁྱོད་ཚོ་རེད།།
རྨི་ལམ་ཨམ་གཙིགས་སྡོམ་མཁན་ཁྱོད་ཚོ་རེད།།
ནང་དགྲ་མིག་གི་ལིང་ཏོག་ཁྱོད་ཚོ་རེད།།
བོད་པའི་ས་ཕྱོགས་རྐང་འཇབ་ལག་འཇབ་རེད།།
གཤིན་པོའི་ཁ་ཆེམས་ཉན་མཁན་ཁྱོད་ཚོ་རེད།།
དུར་རྡོ་མིག་གིས་འཚོ་མཁན་ཁྱོད་ཚོ་རེད།།
གསོན་པོའི་རེ་འདོད་སྒྲུབ་མཁན་ཁྱོད་ཚོ་རེད།།
གནམ་ས་འདར་གསིག་གཏོང་མཁན་ཁྱོད་ཚོ་རེད།།
མཐོན་པོའི་གཉའ་བ་གཅོག་མཁན་ཁྱོད་ཚོ་རེད།།
སྡར་སྐད་ཤོར་དུ་འཇུག་མཁན་ཁྱོད་ཚོ་རེད།།
དམའ་མོའི་ཁ་ངོ་སྲུང་མཁན་ཁྱོད་ཚོ་རེད།།
རྒན་རྒོན་གཉའ་བ་སྐྱོན་མཁན་ཁྱོད་ཚོ་རེད།།
གོང་མས་སྡང་མིག་འཕེན་ས་ཁྱོད་ཚོ་རེད།།
ས་ཁུག་ལུང་ཁུག་ཡིབ་མཁན་ཁྱོད་ཚོ་རེད།།
འོག་མས་མཆིལ་ཞགས་གཡུག་ས་ཁྱོད་ཚོ་རེད།།
མི་ཚོགས་དབུས་ནས་འབྲོ་མཁན་ཁྱོད་ཚོ་རེད།།
རང་དོན་རྒྱབ་ཏུ་འཇོག་མཁན་ཁྱོད་ཚོ་རེད།།
སྤྱི་དོན་མདུན་དུ་སྤུངས་མཁན་ཁྱོད་ཚོ་རེད།།
མི་ཚེ་བོད་དོན་གཏོང་མཁན་ཁྱོད་ཚོ་རེད།།
གངས་ཀྱི་ཨ་མའི་གཅེས་ཕྲུག་ཁྱོད་ཚོ་རེད།།
སྲོང་བཙན་དཔའ་བོའི་བུ་རྒྱུད་ཁྱོད་ཚོ་རེད།།
རྒྱ་གར་ཡི་གེ་སློབ་མཁན་ཁྱོད་ཚོ་རེད།།
སྐད་ཡིག་རིག་གཞུང་སྤེལ་མཁན་ཁྱོད་ཚོ་རེད།།
སློབ་དཔོན་ཐོན་མིའི་སྐུ་མཆེད་ཁྱོད་ཚོ་རེད།།
མེས་པོ་ཁྲི་སྲོང་གདུང་རྒྱུད་ཁྱོད་ཚོ་རེད།།
གངྒར་རྡོ་རིང་སློང་མཁན་ཁྱོད་ཚོ་རེད།།
བོད་བློན་སྟག་སྒྲ་ཀླུ་ཁོང་ཁྱོད་ཚོ་རེད།།
སུམ་གཉིས་མངའ་དབང་སྒྱུར་མཁན་ཁྱོད་ཚོ་རེད།།
གངས་སེང་གཡུ་རལ་ཅན་དེ་ཁྱོད་ཚོ་རེད།།
གཡུ་འབྲུག་ཐང་ལ་རྡེབ་མཁན་ཁྱོད་ཚོ་རེད།།
མི་འཇིཌ་གད་རྒྱང་སྒྲོག་མཁན་ཁྱོད་ཚོ་རེད།།
ཝ་སྐྱེས་ཀླད་རྒྱ་གཏོར་མཁན་ཁྱོད་ཚོ་རེད།།
ནེའུ་ཡོག་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ལ་ཕུལ།
2/ 7/ 2016
རྒྱལ་ཁབ་སླར་གསོ་རེ་མཁན་ཁྱོད་ཚོ་རེད།
རྒྱལ་ཁབ་ཤོར་སྟངས་འཚོལ་མཁན་ཁྱོད་ཚོ་རེད།
གནོང་ཅན་སྡིགས་མཛུབ་ཀེར་ས་ཁྱོད་ཚོ་རེད།
བདུད་ཀྱི་ཆོ་འཕྲུལ་སྟོན་ས་ཡང་ཁྱོད་ཚོ་རེད།
ཁྱོད་དང་ཁྱོད་འདྲ་བོད་ལ་མེད་གྱུར་ན།
ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་ནམ།
ནག་ཕྱོགས་དགྱེས་ཤིང་བོད་པ་སྨྲེང་ཡུལ་ཏེ།
ལོ་རྒྱུས་རི་མོར་བབས་པའི་སྐྱོ་གར་རོ།
༸རྒྱལ་བ་མཚན་སྨོད་བྱེད་མཁན་ཁྱེད་ཚོ་རེད། །
དབུ་ལམ་བཀག་རྡོ་བྱེད་མཁན་ཁྱོད་ཚོ་རེད། །
ཁ་ཤོམ་ཕྱི་ནས་འཐེན་མཁན་ཁྱོད་ཚོ་རེད། །
སྤུན་ཟླ་བཙོན་ལ་འདེད་མཁན་ཁྱོད་ཚོ་རེད། །
ཧ་ཧ་ཧ་་་་་་་་་་
སྒྲོག་དང་སྒྲོགས་ཀྱི་ཁྱད་པར་ནོར་གྱིས་དབུལ།
གཞིས་བྱེས་གཅིག་ཏུ་སྒྲིལ་ན་སྒྲོག་དང་སྒྲོགས།
ཁྱད་པར་ཡོད་པ་ཁྱོད་ཅག་མི་ཤེས་པས།
བོད་སྐད་དག་ཡིག་མི་དགོས་རྟགས་མཚན་བསྟན།།
རྒྱལ་བར་མཚན་སྨད་ཞུ་མཁན་ཁྱེད་ཚོ་རེད།
སྤྱི་ཚོགས་ཁྲག་བཞིན་དཀྲུགས་མཁན་ཁྱེད་ཚོ་རེད།
དགྲ་ལ་ལག་པ་བཟེད་མཁན་ཁྱེད་ཚོ་རེད།
དོལ་རྒྱལ་གྲོགས་ལ་འདྲེན་མཁན་ཁྱེད་ཚོ་རེད།