བོད། ལྷ་ཀླུ་གཉན་གསུམ།
མི་ཟེར་བ་ནི་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་རྣམ་དཔྱོད་ཡོད་ལ། དེ་ལྟར་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་དབང་ཚད་ཀྱང་ཡོད་པ་རེད། དེང་དུས་སུ་མི་ལ་ལས་རང་ཉིད་ཀྱི་ཐོབ་ཐང་ལས་གཞན་གྱི་ཐོབ་ཐང་ལ་འགན་མི་འཁུར་བ་དང་། གཞན་གྱི་ཐོབ་ཐང་ལ་རྡོག་རོལ་གཏོང་གི་ཡོད་པ་རེད། ང་ཚོས་ཀྱང་མི་དེ་ཡི་རིགས་ཀྱི་བྱེད་སྟངས་ལ་ངོ་རྒོལ་བྱེད་དགོས་པ་མ་ཟད། ཁྱོད་ལ་ཐོབ་ཐང་དགོས་པ་དེ་བཞིན་དུ་ང་ཚོ་ལ་ཡང་མི་ཞིག་གི་ཐོབ་ཐང་ལོས་དགོས། དེ་ཁྱོད་ཀྱི་ཤེས་དགོས་ཞེས་གསལ་འདེབས་རབ་དང་རིམ་པ་བྱེད་དགོས་པ་མ་ཟད། མི་དེ་ཡི་རིགས་ཀྱི་ཐོབ་ཐང་དང་བདག་དབང་ཡང་མི་གཞན་དག་གི་ཐོབ་ཐང་དང་བདག་དབང་ལ་འབྲེལ་བ་དམ་པོར་ཡོད་པ་ཤེས་སུ་འཇུག་དགོས།
ཁྱོད་ལ་རང་དབང་ཡོད་པ་བཞིན། ང་ལ་ཡང་རང་དབང་ཞིག་དགོས་པ་དེ་ནི་ཁྱོད་ཀྱི་བྲང་ཁོག་དུ་ཞིབ་རྩིས་ཤིག་རྒྱགས་རན་ཡིན། ཁྱོད་ཀྱི་རང་གི་སྐད་ཆ་བཤད་ཆོག་ན། ངས་རང་གི་སྐད་ཆ་དེ་བཤད་པའི་དབང་ཚད་ཀྱང་སྤྲོད་ལོས་དགོས། ཁྱོད་རང་ཁྱོད་ཀྱི་ས་ནས་བསྡད་དེ་རང་ས་བདག་པོ་བྱེད་པར་ངས་ནམ་ཡང་ངོ་རྒོལ་བྱེད་མ་མྱོང་ལ། ཁྱོད་རང་ངའི་ས་ཐོག་དུ་ཡོང་ནས་ད་དུང་ང་ལ་བཀོད་པ་གཏོང་བ་དེ་ནི་འཇིག་རྟེན་མི་ཆོས་དང་ཁྲེལ་དང་ངོ་ཚ་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པ་ངས་འདི་ནས་ཁྱོད་རང་ལ་གསལ་འདེབས་བྱེད་ཀྱི་ཡིན། ཁྱོད་རང་ངའི་ས་ཐོག་དུ་འོང་ནས་ང་ལ་ངའི་སྐད་ཆ་བཤད་མི་ཆོག་པའི་ཁྲིམས་ཤིག་འཛུགས་བཞིན་ཡོད། དེ་ནི་ངས་གཏན་ནས་འཁུར་ཐུབ་པ་ཞིག་མིན། ངའི་མི་རབས་དང་ངའི་མི་རིགས་ནི། དུས་ནམ་ཡང་རང་གི་སྐད་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་དུས། ཁྱོད་རང་ངའི་ས་ཐོག་དུ་ཡོང་ནས། ཁྱོད་ཀྱིས་ངའི་སྐད་ཆ་བསླབ་དགོས་པ་ལས། ང་ལ་ཁྱོད་ཀྱི་སྐད་ཆ་སློབ་དགོས་པར་བཙན་བཀའ་གཏོང་བ་དེ་ནི་གཏན་ནས་མི་འོས་ཀི
ངས་ཁྱོད་ཀྱི་ཐོབ་ཐང་ལ་ག་དུས་ཡིན་ཡང་བརྩི་བཀུར་བྱས་ཡོད། ངས་ཁྱོད་ཀྱི་འགྲོ་འདུག་ལ་ག་དུས་ཡིན་ཡང་རང་དབང་སྤྲད་ཡིན། ངས་ཁྱོད་ཀྱི་འཚོ་བ་ལ་འཕོག་ཐོག་ནམ་ཡང་གཏོང་མྱོང་མེད། ཁྱོད་ཀྱིས་ང་ལ་དེ་ལྟར་བྱེད་དགོས་པ་དེ་དག་ཁྱོད་ཀྱིས་ཤེས་རན་རེད། ཁྱོད་ཀྱིས་དེ་དག་མ་ཤེས་པར་མུ་མཐུད་དུ་འདི་ལྟར་བྱིན་ན། ངས་བཟོད་ཀྱི་མི་འདུག ངའི་ཤ་གསེང་ནས་ན་བཞིན་འདུག ངའི་རུས་གསེང་ནས་གཟེར་གྱི་འདུག ངའི་སེམས་གཏིང་ནས་སྐྱོ་ཡི་འདུག མི་ཟེར་བ་འདི་སྡུག་ལ་ཐུག་ན། ག་རེ་ཡིན་ཡང་བྱེད་སྲིད་པའི་བྱ་སྤྱོད་དེ་དག་ནི་ཁྱོད་ཀྱིས་མ་ཤེས་པ་ཡིན་རྒྱུ་མ་རེད། ཨོ་རེད། ཁྱོད་ཀྱི་ང་ཚར་དུ་འཇུག་འདོད་པ་དེ་ཡིན་པ་འདྲ། དེ་ནི་ཁྱོད་ཀྱི་སྟོང་བསམ་ཡིན། ང་ལ་ང་ཡི་བདག་དབང་དང་ཐོབ་ཐང་རྩོད་པའི་འགན་ལེན་དེ་ཡོད་པ་ཁྱོད་ལ་ཤེས་སུ་འཇུག་ངེས་ཡིན། ང་རང་ཡང་ཁྱོད་རང་བཞིན། འགྲོ་འདུག་དང་འཚོ་བསྡོད་ཀྱི་ཐོབ་ཐང་ཚང་མ་དབང་དགོས་པའི་མི་ཞིག་ཡིན་པ་ཤེས་སུ་འཇུག འདི་ནི་ངའི་དམ་བཅའ་ཡིན། ངའི་དམ་བཅའ་འདི་ནི་ཁྱོད་རང་གི་བསམ་བློ་བཞིན། མི་ཡི་ཁེ་དབང་ལ་འཕོག་ཐུག་གཏོང་རྒྱུ་དེ་མིན། མི་ཡི་ཁེ་དབང་འདྲ་མཉམ་བྱེད་རྒྱུ་དེ་ཁོ་ན་ཡིན།
བོད་རིགས་དང་རྒྱ་རིགས་གཉིས་ནི།
མི་ཡིན་པ་གཅིག་མཚུངས།
བདེ་བ་འདོད་པ་གཅིག་མཚུངས།
སྡུག་བསྔལ་མི་འདོད་པ་གཅིག་མཚུངས།
རང་དབང་དགོས་པ་གཅིག་མཚུངས།
མཉམ་མཐུན་དགོས་པ་གཅིག་མཚུངས།
མཉམ་གནས་དགོས་པ་གཅིག་མཚུངས།
ཞི་བདེ་དགོས་པ་གཅིག་མཚུངས་རེད་གདའ།
འོན་ཀྱང་དེང་གི་རྒྱ་གཞུང་དང་མཉམ་དུ་་་་་་
དོན་དང་ལྡན་པ་བྲིས་འདུག་ཧ་ཅང་བཟང་གི།ལྷག་པར་སྲིད་སྐྱོང་བློ་སེང་ལ་ཧ་ཅང་གི་འཚམས་པོ་འདུག་ལ་དེ་བས་ཁོང་ལ་འབོད་བསྐུལ་གྱི་ཚུལ་དུ་ཕུལ་ན་དེ་བས་འཚམས་པ་འདུག་ངས་ཀྱང་འབོད་བསྐུལ་གྱི་ཚུལ་དུ་ཕུལ་བ་ཡིན་པའི་གོ་བ་ལེན་བཞིན་ཡོད།
ཁྱེད་ཀྱི་རྩོམ་འདི་བོད་ནང་གི་དྲ་ངོས་ཤིག་ནས་བཀླགས་ཚར་ཙམ་ཡིན། ཧ་ཅང་དགའ་བོ་བྱུང་ད་ལྟ་འདིར་ཡང་བཀོད་འདུག ངོ་མ་ངར་ཀི་བུ་རྒོད་པོ།
བོད་སྐད་དང་བོད་ཡིག་མཁྱེན་མཁན་གྱི་བོད་རིགས་སྤུན་ཟླ་རྣམས་དང་འདིར་བཞུགས་ཀྱི་བློ་མཐུན་རྣམས་པར་ཞུ་རྒྱུར།
ཚང་མས་དགོངས་པ་གཟབ་བཞེས་ཀྱི་སྤྱི་སེམས་ཀྱི་ནུས་ཤུགས་མ་ཆགས་པ་ཞིག་དང་མ་འོངས་པར་མི་ལས་མི་དང་མི་མ་ཡིན་པའི་རིགས་ཤིག་མང་བ་ཡོང་བའི་ཐབས་བྱུས་རྩ་བ་ནས་མ་གནང་རོགས་གནང།
འདི་འདྲ་བཤུས་བྱས་ནས་འགོད་མཁན་དེ་ཤར་ཁུག་བློ་བཟང་ཆོས་འབྱོར་རང་རེད། བོད་མི་རིགས་རང་དབང་སླད་དུ་རྩོམ་དེ་རང་གཞུང་སྟེང་དུ་གཡུགས་པ་ཞིག་རེད། ད་ཁོ་པ་མིང་རྒྱའི་སྤྲུལ་བ་བསྟན་ནས་བོད་གཞུང་དང་བོད་མི་རིགས་ལ་ཁ་གཏད་ལྕོགས་ཡག་གིས་ངན་ཚིག་གཅིག་པུ་ལས་ལྷག་མེད།
བོད་པའི་སྤྱི་ཚོགས་ལ་ཟ་རྒྱུ་འཐུང་རྒྱུ་དཀོན་པོ་མེད་ཀྱང། ཕྱི་ནང་གི་རྙོག་དྲ་འཇོམས་པར་བསམ་ཤེས་བྱེད་མཁན་དཀོན་པ་ལ། ༧གོས་ས་ལྷ་མའི་རྣམ་འདྲེན་ཁྱེད་རང་བཞུགས་མེད་ན་བོད་ལ་རེ་བ་ག་རེ་འདུག་གཟིགས་དང།
སྡོད་ས་ཐོད་པར་བསྡད་མིག་ལ་ཐལ་བ་བཀབ། འཇོན་པོ་ཡོད་ན་བློ་གཟུ་བོར་གནས་ནས་དྲང་བདེན་གྱི་འཐབ་རྩོད་བྱེད་པར་ཤོག་དང་། ངས་ཁྱེད་རང་ལ་ཁ་བཏགས་ཁྱེར་ནས་དགའ་བསུ་ཞུ།