སྦྲ་དཔལ་ལྡན།
དུས་ཚོད་རེ་རེ་དང་སྐར་ཆ་རེ་རེར་
ངས་ནམ་ཡང་དོར་མ་མྱོང་བའི་ཁྱེད་
སུ་ཞིག་གི་སེམས་པའི་སྒོ་མོ་ཕྱེ་ནས་
དུངས་འཛུམ་འཛུམ་གྱིས་སེམས་པར་རྐུས་སོང་
སེམས་པ་དེ་ སྔ་མོ་ནས་
ལམ་ལ་ཆས་ཟིན་པའི་དེ་རིང་
ངས་སླར་ཡང་ ཁྱོད་ཀྱིས་རྐུས་པའི་
སེམས་པ་ལྷག་མ་རེ་རེ་
བསྐྱར་ཏུ་ལག་པས་སྒྲིག་ཞོར་
སང་ཉིན་གྱི་སེམས་པ་དེ་དག་
དངོས་ཡོད་ཀྱི་ཁྱོད་ལ་འབུལ་རྩིས་ཡོད་
སེམས་སོང་མ་
ཁྱོད་རང་སྒྲུང་གཏམ་ལ་ཉན་པར་དགའ་པས་
སེམས་ལྡན་མ་
ཁྱོད་རང་ཁ་སང་གི་ལོ་རྒྱུས་དང་
སང་ཉིད་ཀྱི་ བརྩེ་གླུ་ལེན་པར་དགའ་པས
ངས་ཁྱོད་ཐོབ་འདོད་པའི་བརྩེ་བ་ཞིག་གི་ཆེད་ད་
ཡོད་ཚད་ནས་ཡོད་ཚད་
ཁྱོད་ཀྱི་སང་ཉིན་ལ་ལེན་ན་འདོད་
༢༠༡༦ ༡ ༩ དགོང་མོ་རང་ཤག་ཏུ་བྲིས
སྦྲ་དཔལ་ལགས་གངས་རིའི་བུ་བརྩེ་དུང་ལ་རིན་ཐང་མི་སྟེར་བའི་སྐྱེས་དམན་ཞིག་ལ་བློ་ཕུག་གཏད་པ་ནི་རང་ཉིད་འཕོང་བའི་སྔོན་འགྲོ་སྟེ། ཅིས་ཕྱིར་ན་གླང་ཆེན་སྐོམ་གདུང་གིས་སྨིག་སྒྱུ་སྙོག་པ་དང་ཁྱད་པར་ཅི་ལ་ཡོད་དེ། གླང་ཆེན་གྱིས་སྨིག་སྒྱུ་ལ་རེ་བ་ཇི་ལྟར་ཆེ་ཡང་སྐོམ་པའི་གདུང་བ་སེལ་མི་ནུས་པ་བཞིན་དུ། སེམས་ཁམས་འགྱུར་སླ་ཞིང་རྫི་བག་གིས་དབེན་པའི་ན་ཆུང་དེས་ཁྱེད་ཀྱིས་མཅིང་བའི་སླད་མེད་ཀྱི་བརྩེ་སེམས་ལ་ནམ་ཡང་དོ་མི་མཉམ།