མི་རྐང་གླིང་བུ།
ཁྲ་ འགུ་ དགོན་ པ་ ནི། མིང་ གཞན་ ཁྲ་ འགུ་ བཀྲ་ ཤིས་ བཤད་ སྒྲུབ་ ཆོས་ འཁོར་ གླིང་ ཟེར། སྐྱེ་ དགུ་ གྲོང་ ནས་ ལྷོ་ ཕྱོགས་ སུ་ སྤྱི་ ལེ་ བཅུ་ ཙམ་ གྱི་ སར་ གནས་ པའི་ དཔལ་ ལྡན་ དྭགས་ པོ་ བཀའ་ བརྒྱུད་ པའི་ རིང་ ལུགས་ འཛིན་ པའི་ དགོན་ སྡེ་ རྙིང་ པ་ ཞིག་ རེད། སྤྱིར་ ན་ དགོན་ པ་ འདི་ དུས་ ཟིང་ སྔོན་ དུ་ བླ་ མ་ བཞི་ སྟེ། ཁྲ་ ལེགས་ སྐྱབས་ མགོན་ དང་ ། ཁྲ་ འགུ་ སྤྲུལ་ སྐུ། ཟུར་ རུ་ སྤྲུལ་ སྐུ། བློ་ གྲོས་ ཉི་ མ་ བཅས་ དང། གྲྭ་ པ་ ༣༥༨ སྐོར་ ཞིག་ ཡོོད་ པ་ གསལ། དེང་ དུས་ སུ་ དགོན་ པ་ འདི་ ལ་ གྲྭ་ གྲངས་ སུམ་ བརྒྱ་ མ་ ཟིན་ ཙམ་ ཞིག་ ཡོད་ པ་ དང་ ། བླ་ མ་ ཁྲ་ འགུ་ སྤྲུལ་ སྐུ་ རྒྱ་ གར་ སོགས་ སུ་ བཞུགས་ ཤིང་ ཕྱི་ ཡི་ རྒྱལ་ ཁབ་ དུ་ མ་ ཞབས་ ཀྱིས་ བཅགས་ ཤིང་དགོན་ པ་ འདིའི་ ཡན་ ལག་ ལྟ་ བུ་ མཁན་ ཆེན་ ཁྲ་ འགུ་ རིན་ པོ་ ཆེས་ བཏབ་ གནང་ མཛད་ པའི་ རྒྱ་ གར་ ཝ་ ར་ ཎསི་ དང། བལ་ ཡུལ་ མཆོད་ རྟེན་ འགྲམ་ སོགས་ སུ་ དགོན་ པ་ དུ་ མ་ ཡོད་ པ་ ཡིན། ད་ ཐེང་ ས་ འགུལ་ འདིས་ གོད་ ཆག་ ཧ་ ཅང་ ཚབས་ ཆེན་ ཕོག་ སའི་ དགོན་ པ་ དེ་ རེད།
ས་ འགུལ་ མ་ བྱུང་ གོང་ གྲྭ་ བཙུན་ ཉིས་ བརྒྱ་ དང་ དྲུག་ ཅུ་ ཡོད་ ཅིང་ ། ས་ འགུལ་ ཁྲོད་ ནས་ གྲྭ་ བཙུན་ སོ་ གཅིག་ ཚེ་ ལས་ འདས་ པ་ དང་ ། གྲྭ་ བཙུན་ ཉེར་ བདུན་ ལ་ རྨས་ སྐྱོན་ ཚབས་ ཆེན་ ཐེབས་ ཡོད་ པ་ རེད། མཚོ་ སྔོན་ མགོ་ ལོག་ བོད་ རིགས་ རང་ སྐྱོང་ ཁུལ་ དར་ ལག་ རྫོང་ ནས་ ཡོང་ བའི་ སྨན་ བཅོས་ རུ་ ཁག་ གིས་ རྨས་ ཕོག་ པའི་ གྲྭ་ བཙུན་ རྣམས་ ལ་ སྨན་ བཅོས་ བྱེད་ བཞིན་ ཡོད་ ལ། གཞན་ ཡང་ གྲྭ་ བཙུན་ ལྔ་ ད་ རུང་ གར་ སོང་ རྙེད་ མེད་ ཅེས་ མཚོ་ སྔོན་ བོད་ ཡིག་ གསར་ འགྱུར་ གྱི་ ནང་ དུ་ བཀོད་ འདུག ས་ ཡོམ་ གྱི་ གོད་ ཆག་ བྱུང་ བའི་ ཕྱི་ ཉིན་ ནས་ ཕྱི་ རྒྱལ་ དུ་ བཞུགས་ པའི་ ཁྲ་ འགུ་ རིན་ པོ་ ཆེས་ དགོན་ པ་ དང་ ། མི་ མང་ ལ་ འཚམས་ འདྲི་ དང་ ། དད་ ལྡན་ རྣམས་ ལ་ དགོན་ པ་ བསྐྱར་ གཞེངས་ ཀྱི་ མཐུན་ རྐྱེན་ སྦྱར་ བར་ འབོད་ སྐུལ་ གནང་ ཡོད་ འདུག བོད་ ནང་ དུ་ གསར་ འགྱུར་ ཁག་ ཏུ་ དགོན་ པའི་ མིང་ དང་ ། ཆོས་ བརྒྱུད་ སོགས་ ལོག་ པ་ ཁོ་ ན་ བཀོད་ འདུག་ པས་ ཆེད་ དུ་ བྲིས་ པ་ ཡིན།
དྲ་ ཐག་ འདི་ དག་ ལ་ གཟིགས་ རོགས།
http://zw.tibetculture.net/news_1/update/201004/t20100422_569411.htm
ཟིང་ལིང་དུ་ཡོད་པའི་སྐྱེ་དགུའིགྲྭ་པ་ཞིག་གིས་བཤད་ན་ཁྲ་འགུ་དགོན་པའི་གྲྭ་པ་བརྒྱད་ཅུ་ལྷག་ཙམ་འདས་གྲོངས་སུ་གྱུར་འདུག་ཟེར། ཡིན་ན་ཡང་འདི་ལྟར་སྦས་གསང་བྱེད་དགོས་པ་འདི་སྲིད་གཞུང་གིས་བཀའ་བཏང་བ་འདྲ།
ཁྲ་འགུ་དགོན་པའི་དགོན་བདག་བློ་གྲོས་ཉི་མས་གསུང་བ་ལྟར་ན། ཐེངས་འདིས་གནོད་འཚེ་འོག་གྲྭ་བ་ཉེར་གསུམ་གྲོངས་སོང་གསུང་གི་འདུག
ཨོ་བླ་མ་མཁྱེན་དེ་ངོ་མ་དཔེ་མི་སྲིད་པའི་བློ་ཡུལ་ལས་འདས་པའི་གཏམ་ངན་ཞིག་རེད། ད་ང་ཚོ་གངས་ལྗོངས་ཀྱི་བཀའ་བསྲུང་ཆོས་སྐྱོང་དེ་ཚོ་ག་བ་སོང་ནི་ཡིན་ན། ད་ནི་ངོ་མའི་རྒྱ་གར་བཞུགས་པའི་ཁྲ་འགུ་རིན་པོ་ཆེ་སྐུ་ཚེ་རིང་མྱུར་དུ་རང་ཡུལ་ལ་ཕེབས་ནས་རང་དགོན་འདི་ལ་ཐུགས་རྗེས་གཟིགས་རོགས་ཞུ་ཞུ་ཞུ་ཞུ་
ད་ལྟ་ཁྲ་འགུ་དགོན། དཔལ་ཡུལ་ཐང་ལ་གནས་སྤོར་ཚར་འདུག མི་ཤི་བའི་གྲངས་ཀ་དེ། ངའི་བཅར་འདྲིའི་ཐོ་ཡི་ནང་ལའང་། མི་ ༢༣ གྲོངས་བྲིས་འདུག ངས་ང་རང་གིས་ཐོ་རྒྱག་དུས་ནོར་བ་མིན་འགྲོ་བསམས་སོང་དེ། གོང་གསལ་ལྟར་ན། ཕལ་ཆེར་ནོར་མེད་པ་འདྲ།
གྲྭ་པ་འདས་གྲངས་དེ་མཚོ་སྔོན་གསར་འགྱུར་ནང་དུ་༣༡ཞེས་བྲིས་འདུག་ཀྱང་བདེན་མིན་སུས་ཤེས།
གནས་སྐབས་སུ་དགོན་པ་དཔའ་ཐང་དུ་རུ་སྤོས་ཡོད་འདུག
སྐུ་ཞབས་ཚེ་འདས་པ་རྣམས་ལ་སྔོ་སྨོན་དང་ད་ལྟ་བཞུགས་པ་རྣམས་ལ་ཐུགས་གསོ་ཞུ།
ཁྲ་འགུ་བླ་མ་དེ་ད་ལྟ་རྒྱལ་བ་ཀརྨ་པའི་ཡོངས་འཛིན་ཡིན་པ་དང་། ཐུགས་སེམས་བཟང་པོ་ཞིག་འདུག བྱས་ཙང་ཁོང་དང་རྒྱལ་བ་ཀརྨ་པའི་ཐུགས་རྗེས། དགོན་པ་འདི་མགྱོགས་མྱུར་སླར་གསོ་ཐུབ་པའི་རེ་བ་ཞུ།
ཤུལ་ལུས་རྣམས་དཀའ་ངལ་འཕྲད་ཀྱི་མ་རེད་བསམ། དགོན་པ་སྟོབས་འབྱོར་ཧ་ཅང་ཆེན་པོ་རེད།
ཡ་གེ་མ་མཆུ་ལགས། མདོ་ལས། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་བས་མ་ཡིན་ཏེ། །ཟེར་བ་གོ་མྱོང་ངམ།
མཚོ་སྔོན་དུ་ཡིན་ཚོད་འདུག ང་རང་གིས་ཁྲ་འགུ་ཚང་གི་གྲྭ་པ་ཞིག་ལ་དྲི་པར་དེ་ལྟར་ཡིན་རྒྱུ་རེད་གསུང་།
ཡང་འབྲེལ་ཡོད་ཞིག་གིས་བཤད་དོན་ཁྲ་འགུ་ཚང་གི་གྲྭ་པ་བརྒྱད་བཅུ་བསད་འདུག་ཟེར།
ཁྲ་འགུ་དགོན་པའི་དགོན་བདག་ཡིན་ཟེར་མཁན་དེས་ཀྲུང་དབྱང་བརྙན་འཕྲིན་ཁང་ལ་༢༣་ཟེར།
ཨོ་གཞིས་ལུས་བོད་པ་ལགས།
ཁྱེད་ཀྱིས་གང་ཟེར་གི་འདུག་ངས་ཡག་པོ་ཞིག་གོ་མ་ཐ། ངས་ཟེར་བ་ལ་ནམ་རྒྱུན་ང་ཚོ་བོད་པ་ཚང་གི་དགོན་པ་རྣམས་ཀྱི་འཕྲིན་བཅོལ་གཏོང་དགོས་ཟེར་ནས་རྔ་ཆེན་པོ་དང་དུང་ཆེན་རིང་བོ་དང་མཆོད་པ་སྣ་ཚོགས་ཀྱི་གཟབ་གཟབ་ཧ་ཅིང་གི་བྱེད་འདུག་པའི་དེ་ག་རེ་ཅེས་ནས་བྱས་པ་ཡིན་ན་ཟེར་གི་ཡོད། ད་ཁྲ་འགུ་ཚང་ལ་དེ་འདྲ་སྐྱོ་བོ་དེ་མ་འོང་སྔོན་ལ་གྲ་བ་ཕལ་ཞོག་བླ་རྒན་དེ་ཚོ་ལ་རྨི་ལམ་ཙམ་ཞིག་བྱུང་མི་འདུག་པས་དེ་ག་རེ་ཅེས་པ་ཡིན་ན་ཟེར་བ་ཡིན། ད་ངོ་མས་སེམས་པ་ཞིག་སྐྱོ་གི་ཨ། དེ་འདྲ་མོའི་བྱ་བ་ལམ་འགྲོ་མེད་པ་གང་ཡིན་ན། ད་ནི་ཀརྨ་པ་ཡིན་ན་རེད་ཁྲ་འགུ་རིན་པོ་ཆེ་ཡིན་ན་རེད་དུས་ཚོད་ལ་སླེབ་འདུག་བསམ་བྱུང་། རྗེས་མ་ས་གནས་ས་ཐོག་གི་མི་དེ་ཚོས་སྡུག་བསྔལ་མེད་ཚར་དུས་ཁྱེད་ཚོས་གང་བྱས་ན་ད་ལྟ་འདྲ་བོས་ཕན་པ་དཀའ་ནི་རེད་ཡ། ཡ་ཡ་ད་རྙིང་མ་དང་བཀའ་རྒྱུད་ལ་སྒྲུབ་པའི་ཉམས་ལེན་ཟེར་བས་སྐད་གྲགས་ཅན་དེ་དངོས་གནས་ད་གང་སྒྲུབ་གི་ཡོད་ན་བསམ་བྱུང་ཡ། ཨ་ཙེ་ཨ་ཙེ་ད་ལོ་ང་ཚོ་བོད་པ་ཚང་ལ་འདི་འདྲ་ཞིག་འོང་རྒྱུ་དེ་ག་རེ་གི་རྒྱུ་འབྲས་ཡིན་རྒྱུ་རེད་གཞིས་ལུས་བོད་པ་ལགས་གཅིག་གསུངས་རོགས་ཞུ།
མིའུ་ཕྲུག་གིས་གསུངས་བ་ནང་བཞིན་རྒྱ་གཞུང་གིས་བཀའ་བཏང་བ་འདྲ་ཁྲ་མགུ་དགོན་པའི་གྲ་བ་བརྒྱད་བཅུ་འདས་གྲངས་སུ་སོང་
བ་མིག་འཐོང་ལག་ཟིེན་ཡོད་མཁན་ཁྲ་མགུ་ཁོ་རང་ཚོང་གྲ་བ་ཞིག་ནས་དངོས་གསུངས་བྱུང་
ཁྲ་འགུ་དགོན་པའི་གྲྭ་པས་གྲྭ་བ་བརྒྱད་ཅུ་གྲོངས་སོང་ཟེར་ན་བདེན་པ་ཡིན་རྒྱུ་རེད། ད་དཀོན་མཆོག་མཁྱེན།
གོང་གི་༢༣དང་༣༡ཟེར་བ་དེ་དག་རྩིས་མེད་དུ་སོང་བ་རེད། འོན་ཀྱང་གསར་འགོད་པའི་དྲི་བ་དང་ལེན་སྐབས་སུ་༢༣ཟེར་བཤད་བཞིན་པ་རེད། ད་ཅི་རེད། ང་མགོ་འཐོམ་སོང་།