བདག་གིས་སོ་ཞི་ལས་བསྡད་དུས་ཨ་མྱ
རྨ་ཀླུང་གཙང་མོའི་རབ་ཁ་ན།
འབའ་རྩེ་དཀར་མོའི་གདུང་རྒྱུད་ན།
བདག་གི་ཨ་མྱེ་ཡུལ་ལྷ་ཡིས།
ཁྲི་ཀའི་མི་དམངས་རྟག་ཏུ་སྐྱོངས།
ཁྱེད་ལ་བསྟོད་ན་ཁྱེད་ཀྱིས་སྲུང་
ཁྱེད་ལ་སྨད་ན་ཁྱེད་ཀྱིས་འདུལ།
དགྲ་འདུལ་གཉེན་སྐྱོང་ལྷ་རྒན་ཁྱེ
བསྐལ་བ་ཁྲི་ལོ་བར་དུ་བཞུགས།
སྐྱབས་ཅིག་འོ་དོད་བོས་ཙ་ན།
གླིང་ལ་དཀྲིས་གསུམ་རྒྱག་ནུས་ཤི
མེ་ཤུགས་འཕུར་མདའ་ལས་མགྱོགས་པའི
མཐུ་རྩལ་ཐོགས་མེད་ཁྱེད་ལ་མངའ།
གཡས་ནས་རྒྱ་ནག་ཐུན་ཙུས་མཆོད།
གཡོན་ནས་ཤན་པ་ར་མགོས་མཆོད།
མདུན་ན་བསམ་འཕེལ་ནོར་བུ་འབྱུང་།
རྒྱབ་ཀྱི་དབང་ཐང་ཀླུ་ལྟར་བཙན།
བུ་འདོད་པ་ལ་བུ་སྟེར་ཞིང་།
དཔོན་འདོད་པ་ལ་དཔོན་ས་བསྩལ།
སློབ་གྲྭ་བ་ལ་ཡོན་ཏན་བསྩལ།
ཀུན་དགའ་དོན་འགྲུབ་ཀུན་ལ་བསྩལ།
དུས་ནི་སྙིགས་མར་གྱུར་བའི་ཚེ།
ལྷ་ལའང་མི་མཐུན་བར་ཆད་མང་།
དགྲ་ཡ་འཁོན་ཡས་མཐོ་འཚམ་ན།
གཙོ་འཛིན་མའོ་ཡིས་ལས་ལས་བྱོས།
ཞིང་བ་འབྲོག་པ་ཨུ་ཚུགས་ཆེ།
གྲོང་ཁྱེར་བ་རྣམས་སེར་སྣ་ཆེ།
ཁྱེད་ལ་འཕྲིན་བཅོལ་སྐུལ་བསྐུལ་
ཁྱེད་ཐུགས་བསུན་པོར་བཏང་ལོས་ཡོ
དེ་ཕྱིར་ངལ་བ་གསོ་དགོངས་ན།
ཨ་རིའི་ཡུལ་ལ་ལན་ཅིག་ཕེབས།
ལུང་བ་ཆེ་དང་རྒྱན་པོ་གྲོང་།
མྱི་ཡོག་གྲོང་ལ་ངས་ཁྱེད་ཁྲིད།
ཕ་མ་བྱིས་པ་དགྲ་བཅོམ་པ།
དགྲོང་སོགས་མཚམས་མེད་ལྔ་བྱེད་
གདུག་པ་ཅན་དང་མ་ཧྤྷེ་ཡ།
ལག་དམར་རྐུན་ཇག་འདི་ན་སྐུང་།
སྙིང་རྗེ་མེད་པའི་སྲིན་པོ་རྣམས།
ཁྱེད་ཀྱི་མཐུ་ཡིས་ཐུལ་བར་མཛོད།
རྒྱུ་འབྲས་མེད་པའི་ཨ་རི་འདི།
ཁྱེད་ཀྱིས་དབང་དུ་འདུས་བར་མཛོད།
དངོས་འབྱོར་ཡིད་སྤྲུལ་ཨ་རི་ཡི།
ཡོད་ཚད་བདག་གིས་ཁྱེད་ལ་འབུལ།
མ་རྩ་རིང་ལུགས་ལས་མཆེད་པའི།
བྲན་གཡོག་འདི་རྣམས་ཁྱེད་ཀྱིས་སྐ
རླབས་ཆེན་གཟི་བརྗིད་མགོན་པོ་ཡི།
སྐུ་ཚེ་རྟག་ཏུ་བརྟན་པར་ཤོག
ཡང་དག་མཐུ་ལྡན་ལྷ་མཆོག་གི
འཕྲིན་ལས་གླིང་བཞིར་བྲིན་པར་ཤོག
ཁྲི་ཀའི་མི་རྣམས་ཁྱེད་ཀྱི་གཉེན།
མ་གཡེང་མ་གཡལ་དེ་རྣམས་སྐྱོངས།
ཁྲི་ཀའི་ཡུལ་འདི་ཁྱེད་ཀྱི་གནས།
ས་དེར་ཡུན་ནས་བཞུགས་པར་མཛོད།
—————————————————————-
མཆན།
ཤ་ཀུ་ཏ། ཁྲི་ཀའི་ཡུལ་ན་མ་གཏོགས་
སོ་ཞི། ཉི་ཧོང་ངམ་འཇར་པན་གྱི་ཟ་
གཙོ་འཛིན་མའོ། རྒྱ་ནག་གུང་ཁྲན་
ལུང་བ་ཆེ། ཨ་རིའི་ས་ཆ་ཞིག་གི་མི
རྒྱན་པོ་གྲོང་། ལ་སི་བེ་ཀ་སི་ཟེ
མྱི་ཡོག་གྲོང་། ཨ་རིའི་གྲོང་ཁྱེ
མ་ཧྤྷེ་ཡ། འཛམ་བུ་གླིང་གི་ཇག་ཚོགས་ཆེས་ཤོ
ཡུལ་ལྷ་ཞེས་པའི་རྒྱ་རྒན་དེ་ཡག་པོ་ཞིག་ཡིན་རབས་མི་འདུག ཡུལ་མི་རྣམས་ཀྱིས་དེའི་ཆེད་དུ་ར་དམར་པོ་གསོན་བསྲེག་ད་བར་དུ་བྱེད་ཀྱི་ཡོད་རབས་ཟེར་གི་དེ་བདེན་པ་ཡིན་ནམ། དྲ་གྲོགས་རྣམས་ལན་ཞིག་གསུང་རོགས།
ར་ཤས་སོ་ཞིས་བཟོས་ཏེ།།
ཡུལ་ལྷའི་ཐུགས་དམ་སྐོངས་དང་།།
གེགས་དང་བར་ཆད་ཟེར་བ།།
ར་མ་མེ་ལ་སྲེག་འདྲ།།
ར་མ་མེ་ལ་སྲེག་སྲོལ་ཡོད་ན་ཡུལ་དེ་ན་ཞིབ་འཇུག་བྱ་ས་མང་ཐག་ཆོད་རེད། དེ་ང་ཚོ་བོད་མིའི་ཕ་མེས་ཀྱི་ཆོས་ལུགས་ངོ་མ་དེ་རེད། ཆོས་ལུགས་ཆོ་ག་དེ་འདྲ་འདྲ་བོ་ད་དུང་ལུས་ཡོད་ས་རེ་ཡོད་ན་ད་ང་ཚོས་ངོ་མ་རང་རེས་མེས་པོ་ཚོའི་ཡིད་ཆེས་དད་མོས་ཀྱི་གཏད་སོ་དེ་ངོས་ཟིན་ངེས་རེད།
བུ་འདོད་པ་ལ་བུ་སྟེར་ཞིང་།
དཔོན་འདོད་པ་ལ་དཔོན་ས་བསྩལ།
སློབ་གྲྭ་བ་ལ་ཡོན་ཏན་བསྩལ།
ཀུན་དགའ་དོན་འགྲུབ་ཀུན་ལ་བསྩལ།
འདི་ནི།
བུ་འདོད་པ་ལ་བུ་སྟེར་ཞིང་།
དཔོན་འདོད་པ་ལ་དཔོན་ས་བསལ།
སློབ་གྲྭ་བ་ལ་ཡོན་ཏན་བསལ།
ཀུན་དགའ་དོན་འགྲུབ་ཀུན་ལ་བསལ།
་་་སོགས་ལ་སྩོགས་ལྟར། བསལ་འདི་ཡང་བསྩལ་ཞེས་ཡོད་པས། དེས་ན། སྩལ། སྩོལ། སྩལ། སྩོལད། ཞེས་འབྲི་དགོས་པ་རྒན་ལ་དྭགས་པས་སྐུ་ངལ་མང་པོ་བསྐྱོན་ནས་དགག་གཞག་གནང་དགོས་ཡང་དེ་ལ་ཐུག་པ་རེད་དོ། །
ཨ་རིར་བཀུར་མཁན་མེད་པར་བོས་བ་དེ།
གཉན་རྒན་ལྟོགས་ཤི་ཐེབས་པར་བོས་བ་འདྲ།
ཉ་ཤ་སོ་ཞི་མཚོ་སྲིན་བཞེས་བའི་ཚོགས།།
ཨ་མྱེས་ཡུལ་ལྷ་དེ་འདྲ་ཨེ་ཡོད་ན།
ཡུལ་ལྷ་མགྱོགས་མོ་དེ་འདྲ་ཡོད་གྱུར་ན།
ཟླ་བ་གཟའ་སྐར་བདག་པོ་རྒྱག་དུ་ཐོངས།།
མྱི་གཞུག་ཁྱི་གཞུག་ལས་སྐྱོབས་བོད་མིའི་ཆེད།
ཨ་མྱེས་ཡུལ་ལྷ་དེ་འདྲ་ཨེ་ཡོད་ན།
ལོ་ཡེ་ཨ་རིར་ཕེབས་ཐུབ་བམ།་ཕེབས་ཐུབ་ན་གསེར་སྐྱེམས་གང་ལེགས་བྱེད་འདོད་ཡོད།
ཁྲི་ཀའི་ཡུལ་ན་ལྷ་གཉེན་མཐུ་བོ་ཆེ།།རྒྱ་ནག་ཞིན་མ་ཐེན་ཙེ་ཞེས་གྲགས་ཁྱེད།།མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།།བསང་བསུར་བཞེས་ལ་འདོད་དོན་ལྷུན་འགྲུབ་མཛོད།།
ཁྲི་ཀའི་ཡུལ་ན་ལྷ་གཉན་མཐུ་བོ་ཆེ།། རྒྱ་ནག་ཞིན་མ་ཐེན་ཙེ་ཞེས་གྲགས་ཁྱེད།། མ་ལུས་འཁོར་བཅས་གནས་འདིར་གཤེགས་སུ་གསོལ།། བསང་བསུར་བཞེས་ལ་འདོད་དོན་ལྷུན་འགྲུབ་སྩོལ།།
ཕ་ཡིས་ལན་མང་མཆོད་ཅིང་འབོད་པའི་སྒྲ།། བུ་ཡིས་ད་དུང་རྣ་བར་ལྷང་སེ་ཡོད།། རྣམ་དག་བསམ་པས་དགོས་འདོད་བསྒྲུབ་ངེས་ན།། དམ་ལྡན་གྲོགས་སུ་བཀུར་ངེས་མཐུ་བོ་ཆེ།
ཨ་མྱེས་ཡུལ་ལྷ་མཐུ་ཆེན་སྟོབས། བདག་ཅག་རྣམ་ཀུན་སྲུང་དུ་གསོལ། དབུ་མའི་ལམ་ལ་རེ་འདོད་ན། དང་བོར་ཡུལ་ལྷ་ལེགས་པར་མཆོད།