སྐལ་བཟང་མི་བཟང་དུས་ལ།། ཁྲི་ཆེན་དགའ་ལྡན་ཁྲི་པ།།
དད་ལྡན་གངས་ཅན་ཕོ་མོའི།། འདི་ཕྱི་གཉིས་ཀྱི་སྐྱབས་ཡིན།།
སྐལ་བ་སྙིགས་མ་ཡིན་ནམ།། གནམ་ས་བརྗེ་བ་ཨེ་ཡིན།།
ཁྲི་ཆེན་རྡོ་རྗེ་འཆང་དབང་།། པེད་ཤག་ཞབས་ལ་འབྲངས་སོང་།།
དང་པོ་དད་པའི་སེམས་པ།། བླ་མའི་ཞབས་ལ་གཏད་ནས།།
བར་དུ་ལུས་སྲོག་ལོངས་སྤྱོད།། བསྟན་པའི་དོན་དུ་བསྔོས་ཡོད།།
ཕ་ས་གངས་ཅན་ལྗོངས་ཀྱི།། དད་ལྡན་སེར་སྐྱ་བོད་མིར།།
པེད་ཤག་མཚོ་མོ་མེད་ཀྱང་།། ལྷག་བསམ་རྒྱ་མཚོའི་འཇིངས་ཡིན།།
ཚེ་ཚེ་རབས་རབས་ཀུན་ཏུ།། ལག་གཉིས་ཁ་སྦྱོར་འཁྱུད་ནས།།
སྐྱབས་གཅིག་ཞིང་དུ་བསྒོམས་པ།། ལོ་ངོ་སྟོང་ཕྲག་འགོར་ཡོད།།
དགའ་ལྡན་ཁྲི་པ་ཞེས་ན།། དང་པོ་གནམ་འོག་ཀ་རེད།།
དེང་སེང་ཁྲི་པ་ལབ་དུས།། ཡ་མཚན་ཞེད་སྣང་ཡུལ་རེད།།
ཆོས་ལ་དད་པ་ལོས་བྱེད།། བླ་མ་དགོས་རྒྱུ་ལོས་དགོས།།
མཛད་པ་འདི་འདྲ་གནང་དུས།། རྦད་དེ་ཞེད་སྣང་མིན་ནམ།།
ཡ་གའི་དག་པའི་ཞིང་གི། ཐམས་ཅད་མཁྱེན་པ་གན་ཚོའི།།
སྲས་དང་རྒྱལ་ཚབ་འདི་འདྲ།། ༧སྟོན་པས་གཟིགས་ཀྱི་ཨེ་ཡོད།།
མགོ་བོ་ཕར་ལ་གཏུག་ནས།། ཕྱག་གསུམ་ཁྲི་པར་འཚལ་མོད།།
མཁས་པ་དགའ་ལྡན་ཁྲི་པས།། དད་པ་ས་ལ་བསྲེས་སོང་།།
རྒྱལ་བ་ཙོང་ཁ་བཞུགས་དུས།། འཆད་རྩོད་ནམ་མཁའི་ཐོག་ཡིན།།
རྒྱལ་ཚབ་བསྟན་པའི་ཀ་ཡིན།། ལུང་རིགས་འོ་མའི་མཚོ་ཡིན།།
དེང་སང་དུས་ངན་སྙིགས་མར།། ཁྲི་ཆེན་འགོ་ནས་རུལ་དུས།།
བོད་ཀྱི་དགེ་ལྡན་རང་ལུགས།། མགོ་བོ་འགྱོག་ས་མི་འདུག།
རྒྱ་ལས་སྐྱབས་ཁུངས་བཅོལ་ནས།། རྟགས་དང་ཐམ་ཀ་བླངས་ནས།།
དེང་སང་བོད་ས་ཟོས་པ།། ད་དུང་མཁྱེན་གྱི་མེད་དམ།།
བོད་པའི་ཁ་སྟབས་སྐྱོ་བོ།། བླ་མས་ཐོ་བོས་རྡུངས་ཀྱང་།།
ཆོས་ལྡན་གངས་ཅན་བོད་མིར།། ཚེ་སྲོག་ཡོད་པ་རེད་དོ།།
ཡུན་རིང་སེམས་ཀྱི་འཁུན་སྒྲ། འཛེམས་མེད་ཡི་གེར་བྲིས་ནས།།
བླ་མ་སྤྲུལ་སྐུའི་ཚོགས་ལ།། མི་འབུལ་ཐབས་མེད་ཆགས་སོང་།།
བླ་མ་སྤྲུལ་སྐུ་མེད་ཀྱང་།། དད་ལྡན་འཚོ་ཐབས་ཡོད་ལ།།
བླ་མའི་མངའ་ཐང་མེད་ཀྱང་།། བོད་པ་འཚོ་ཐབས་ཡོད་དོ
ང་དྭོགས་པ་ཚ་དྲགས་མེད་ན།
ཁྲི་ཟུར་རྒན་པོ་འདི་རྒྱལ་མཚན་ནོར་བུའི་འགྲམ་ནས་བསྡད་པ་མཐོང་དུས།
རྒྱལ་མཚན་ནོར་བུ་འདིས་ཀྱང་དོལ་རྒྱལ་ལ་བློ་གཏད་བཅོལ་གྱི་མེད་དམ་སྙམ་པ་ཞིག་འཆར་གི
ཨ་ཁ། དགའ་ལྡན་ཁྲི་པ་གཅིག་ལམ་ལོག་ལ་ཕྱིན་སོང་ང་།
ལོ་དྲུག་དགའ་ལྡན་ཁྲི་པ།། དགེ་ལྡན་དབུ་ལ་བཞུགས་ཀྱང་།། སྲུང་མ་དམ་ཚིག་མེད་པས།། པེ་ཅིང་མཁར་ལ་དྲངས་སོང་།།
པཎ་རྫུན་རྒྱ་མིའི་བླ་མ།། ལུང་དང་རྟགས་མཚན་མེད་ཀྱང་།། རྟོགས་པ་མཐོན་པོ་ཅན་གྱི།། དགའ་ཁྲིའི་དབུ་ལ་བཞུགས་སོང་།།
རྟོགས་པ་མཐོ་བས་ཡིན་ནམ།། གུང་བྲན་བཙན་པས་ཡིན་ནམ།། ལྷ་དང་བླ་མའི་ཚོགས་ལ།། ག་རེ་བྱས་བྱས་རེད་དོ།།
དགའ་ཁྲི་ག་བར་སོང་ན་སོང་། ཟམ་གདོང་འདི་གང་ཞིག་ལ་ཕེབས་འགྲོ་སྙམ་ནས་ང་ནི་ངོ་མ་ཞེད་ཀྱིན་འདུག ད་ངོ་མ་དཀའ་ལས་འདུག ཆར་སྣ་རླུང་གིས་ཁྲིད་ན་བྲག་ཕུག་སྐམ་པོས་མི་ཁོག་ཅེས་པ་དེ་ང་ཚོའི་སྟེང་དུ་བྱུང་བ་རེད། བླ་མ་འདི་ཚོས་ཆབ་སྲིད་མ་གནང་ན་ཡག་པོ་འདུག གལ་སྲིད་ཆབ་སྲིད་ལ་ཞུགས་དགོས་ན་བོད་རང་གི་ཕྱོགས་སུ་བཞུགས་ན་ཡག་པ་འདུག
ང་ཆེད་མི་དགའ་ས་ནི་གྲྭ་ཆས་གྱོན་མཁན་གྱི་བླ་འཚོང་བ་དེ་ཚོ་དང་ཇོ་ནང་སྐྱག་ཟན་པ་དེ་འཚོ་ཡིན། ཁྱེད་རང་ཚོར་མཐར་ཐུག་གི་ལམ་ཁ་ཉག་ཅིག་ཡོད་པ་ནི་དགྲ་བོ་རྒྱ་དམར་ལ་མགོ་སྒུར་སྤྲེའུ་ལས་འཁྲབ་ལོ། དེས་ཕན་གྱི་རེད་་། ངོ་མ་སྐྱག་ཟན་རང་རེད་་་་་་ཧོ་ཧོ་ཧོ་་་་་་་་་་་་་་་་་་ཧོ་ཧོ་ཧོ་་་་་་་་་་་་་་་་་་་་་་་ཧོ་ཧོ་ཧོ་་་་་་་་་་་་་་་་་་་
མི་ངན་པ་ཡིན་ན། མཁས་ཡིན་ཡང་ལས་རྒྱུ་འདི་ལས་ཅི་ཡོད། བསམ་བློ་ཅི་ཙམ་བཏང་ཡང་སྙིང་རྗེས་པའི་གནས་རེད། ཁ་གསལ་ཙམ་བྱས་ན་ཁྲམ་པ་རང་རེད།
ཚང་མས་ཤེས་དགོས་རྒྱུ་ཞིག་ལ། ཁོ་དགའ་ལྡན་ཁྲི་བ་ཡིན་ནི་མ་རེད། དེ་ཚང་མའི་ཐུགས་ལ་ཤོག ར་བ་འདིའི་ཕན་ཆད་ནས་ཚང་མས་ཁ་གྲགས་རོགས། ཁོ་ལ་ཁྲི་ཟུར་གྱི་མིང་ཞིག་ཡོད་མོད། ད་དེ་ཡང་ཕྱིར་བསྡུ་བྱེད་རན་འདུག
ཚང་མས་ངེས་དགོས་རྒྱུ་ཞིག་ལ། ཁོ་དགའ་ལྡན་ཁྲི་བ་ཡིན་ནི་མ་རེད། དེ་ཚང་མའི་ཐུགས་ལ་ཞོག ཚང་མས་ར་བ་འདིའི་ཕར་ནང་ནས་ཁ་གྲགས་རོགས། ཁོ་ལ་ཁྲི་ཟུར་གྱི་མིང་ཞིག་ཡོད་མོད། ད་དེ་ཡང་ཕྱིར་བསྡུ་བྱེད་རན་འདུག
གྲོགས་པོ་ཚོ། རྒྱལ་མཚན་ནོར་བུ་པཎ་ཆེན་དངོས་མིན་ཀྱང་བོད་པ་གཙང་མ་དང་ཤཱཀྱའི་རྗེས་འཇུག་ཞིག་ཡིན་ཙང་ཁོང་ལ་མཚན་སྨད་མ་ཞུ་རོགས། དེང་སང་ཁོང་གི་ཤེས་ཡོན་ཡག་པོ་ཡོད་རབ་གོ་ཐོས་བྱུང་། སོང་ཙང་བོད་པ་ཚང་ལ་ཕན་ཐོགས་པའི་རེ་བ་ཆེན་པོ་ཡོད།
ཁྲི་ཟུར་གྱི་གནས་ཚུལ་གང་འདྲ་ཡིན་མིན་མི་ཤེས། དོལ་རྒྱལ་དང་རྒྱ་མིའི་ལག་ཆ་ཡིན་ན་ཧ་ཅང་སྐྱོ་བོ་རེད། གཞན་སྤྱི་སྡོད་གནད་ཡོད་མི་སྣ་དང། བླ་ཆེན་དང་དགེ་བཤེས་རྣམ་པ་བོད་ནང་ཕེབས་ཐུབ་ན་་་་དངོས་གནས་་་་ཁ་ཚ་དགོས་གཏུགས་རེད།
བོད་ནང་དུ་པཎ་ཆེན་རིན་པོ་ཆེ་ནས་བཟུང་བླ་ཆེན་མང་པོ་གཤེགས་རྗེས་ས་ཁུལ་མང་པོ་ཞིག་འགོ་འཐོམ་ནས་ལམ་སྟོན་བསླབ་བྱ་གནང་མཁན་མེད་དུས་་་ཚུལ་མིན་གྱི་ལས་ཀ་བྱེད་མཁན་ཇེ་མང་ནས་ཇེ་མང་རེད་ཅེས་བཤད་མཁན་མི་ཉུང་བ་ཞིག་འདུག།།དེ་འདྲ་ཡིན་དུས་་་་ས་གནས་སོ་སོའི་འབྲེལ་ཡོད་བླ་མ་དང་དགེ་བཤེས་ཚོ་བོད་ནང་ཕེབས་ཐུབ་པའི་ཐབས་ཤེས་གནང་རྒྱུ་གལ་ཆེན་རེད། མ་ཟད་དེང་དུས་དང་མཐུན་པའི་ལམ་སྟོན་བཀའ་སློབ་གནང་རྒྱུ་དེ་བས་གལ་ཆེན་རེད།
ཁྲི་ཟུར་གྱི་མིང་འདི་སུས་ཕྱིར་བསྡུ་ཐུབ་ཀི་རེད། དེ་ལོ་རྒྱུས་ཆགས་ཚར་བ་རེད། ལོ་རྒྱུས་ལ་འགྱུར་བ་འགྲོ་སྟངས་ཡོད་པ་མ་རེད། ཁོང་དགའ་ལྡན་ཁྲི་ཐོག་ལ་བཞུགས་ཚར་བ་ཡིན་དུས། ད་དེ་ལ་ཕྱིར་བསྡུ་ཞིག་ཇི་ལྟར་བྱེད་དགོས་རེད།
སྤྱང་དགེན་དེ་གཡོ་ཐབ་གྱི་མཚོ་བའི་ཝ་མོ་ངོ་གཉིས་སྐྱེ་གཉིས་བོད་མའི་བླ་བཙོང་དེ་ལ་། ཉེས་ཅན་ཡལ་བར་མ་སོང་བ་ཞིག་བྱེད་དགོས་
སྤྱིར་ན་རི་བོ་དགེ་ལྡན། །བསྟན་པ་ཕྱི་གཙང་ནང་གཙང་། །
རྒྱལ་བའི་བསྟན་པའི་འཛིན་པ། །ངོམས་སུ་ཆོག་པ་ཡིན་མོད། །
དམ་ཉམས་དྲི་མས་སྦགས་པའི། །རྒྱབ་མདུན་ངོ་ལྐོག་ཅན་གྱི། །
བླ་ཆེན་མིང་འཛིན་འདི་དག །བྱ་སྤྱོད་མཐོང་དུས་ཨེ་མ། །
དགའ་ལྡནཁྲི་ཟུར་འདི་པཎ་ཆེན་རྒྱ་མིའི་བླ་མརྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་༧གོང་ས་མཆོག་གི་བཀའ་འབྲེལ་རེད་དྭོ།།
དགའ་ལྡན་ཁྲི་ཟུར་འདི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་༧གོང་ས་མཆོག་གི་བཀའ་འབྲེལ་རེད་དྭོ།།
དགའ་ལྡན་ཁྲི་ཟུར་འདི་འདྲ།། སྨྱོན་པ་ཡིན་ནི་ཨེ་རེད།། རྩ་བའི་བླ་མ་བསྐྱུར་ནས།། རྒྱ་ནག་ཕྱོགས་ལ་འགྲོ་སོང་།། ལྟས་ངན་བཅོ་བརྒྱད་ཚང་བའི།། དམ་ཉམས་རྒན་པོ་འདི་འདྲས།། རྒྱ་ནག་བུ་མོ་མཐོང་ན།། བླ་མ་སྟུ་གཉིས་བརྗེས་སོང་།།
ཧཧ། སྤོབས་པ་མཐའ་ཡས་ཟེར་བ་འདི་སྨྱོན་པ་ཞིག་ཡིན་ནི་མ་རེད་པས། ཟམ་གདོང་ལྟ་བུའི་མི་བྱས་རྗེས་ཅན་ལ་ཅིག་ཅིག་མུག་མུག་ཟེར་ནས་སྨྱོ་ཁ་ལབ་བརྡོལ་བྱེད་པ་ཅི་རེད། ཁྱོད་ལྟ་བུའི་སྨྱོན་པ་ནང་བཞིན་མི་སུ་ཡིན་དོགས་པ་འདྲ་མིན་བཅོ་བརྒྱད་དང་། དབྱེན་དཀྲུགས་ཀྱི་ལས་ཀ་རྐྱང་རྐྱང་བྱས་འདུག་པ་ལས། མར་ཁྲི་ཟུར་གྱི་རྗེས་སུ་ཁྱོད་རང་ཡང་ཕེབས་བཞག་ན་ཡག་གི། ཟམ་གདོང་བླ་མ་ལ་ཁྱོད་ལྟ་བུའི་ནུས་མེད་དག་གིས་སེམས་ཁུར་བྱེད་དགོས་ནི་མ་རེད་ལོ
དེ་ཕྱིར་བསྡུ་བྱེད་ཐུབ་མཁན་ཡོད་ནི་རེད། དེ་དགེ་ལྡན་པའི་གྲྭ་དམངས་རེད། ཡར་འཇོག་མཁན་དམངས་ཚོགས་ཡིན་པའི་ཕྱིར་ན། ཕྱིར་ཕབ་ན་ཡང་དམངས་ལ་ཐོབ་ཐང་ཡོད་ཡོད་པ་རེད། ད་དུང་༸གོང་ས་མཆོག་ལ་ཡང་སྐུ་དབང་ཡོད་ཚད་ཡོད་པ་རེད། ཁོང་ནི་དགེ་ལྡན་པ་ཙམ་དུ་མ་ཟད། བོད་ཀྱི་ཆོས་བརྒྱུད་ཡོད་ཚད་ཀྱི་ཚབ་མཚོན་དང་ཆེས་མཐོ་བའི་དབུ་ཁྲིད། ཁུངས་གཏུགས་ས་དང་དག་ཐེར་གནང་མཁན་གྱི་བླ་ན་མེད་པའི་སྟོན་པ་གཅིག་བུ་དེ་ཡིན།
གཞན་ཡང་། ལོ་རྒྱུས་ནི་གནས་ཚུལ་ལས་བྱུང་བའི་ཕྱིར་ན། གནས་ཚུལ་གྱི་འགྱུར་བ་ཡང་ལོ་རྒྱུས་ཀྱི་དེབ་ཐེར་དུ་ཚུད་ངེས་ཡིན་པ་ཐུགས་ལ་འཛིན་རོགས།
དགའ་ལྡན་ཁྲི་རབས་བརྒྱ་ལྷག་ཅིག་བྱོན་པའི་ནང་ལ་དངོས་སུ་དོལ་རྒྱལ་ལ་འབྲེལ་བ་ཡོད་མཁན་ཕལ་ཆེར་ཁོང་གཅིག་བུ་ཡིན་སྲིད། ད་ལྟའི་དགའ་ལྡན་ཁྲི་བ་ལ་དྭགས་རི་རྫོང་རིན་པོ་ཆེ་ཁོང་ནི་གོང་ས་མཆོག་གི་ཆེས་ཐུགས་དགའ་མོས་ཡོད་སའི་མཁས་བཙུན་གཉིས་ལྡན་གྱི་སྐྱེས་ཆེན་མིང་དོན་མཚུངས་བ་ཞིག་དང་དབང་ལུང་རྗེས་གནས་མན་ངག་གི་གཏེར་མཛོད། མདོ་སྔགས་ཡོངས་སུ་རྫོགས་པའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་རེད། ལ་དྭགས་ཀྱི་འདས་བའི་བྱུང་རབས་ཀྱི་ལོ་རྒྱུས་ཐོག་དགའ་ལྡན་ཁྲི་བ་ཐོག་མ་དེ་ཆགས་ཡོད།
དགའ་ལྡན་ཁྲི་ཟུར་འདི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་རྒྱལ་བོད་འབྲེལ་ལམ་ཆེད་༧གོང་ས་མཆོག་གི་བཀའ་འབྲེལ་རེད་ད། །
མིག་བརྒྱད་ལགས་ཀྱིས་དྲང་པོ་བཤད་བཞག ད་ཅི་དྲག
པར་འདི་ལ་བལྟས་ན། རྒན་པོས་སླར་ཡང་ཞྭ་མོ་གོན་ཚར་བ་མ་ཟད། པན་རྫུན་དང་ཁོ་གཉིས་བར་ལ་འབྲེལ་བ་ཞིག་ཡོད་པའང་གསལ་པོ་རེད། གང་ལྟར་ཡང་ལྟད་མོ་ཅི་ཞིག་འཁྲབ་ན་འཁྲབ་དུ་ཆུགས། ག་ལེར་ལོ་རྒྱུས་ཀྱིས་སུན་འབྱིན་དང་དུས་ཀྱིས་རྨེག་མེད་དུ་གཏོང་གིན་རེད།
དྲ་གྲོགས་བསྟན་འཛིན་ཤེས་རབ་ལགས་ཀྱིས་གསུངས་པར་་རྒྱུ་མཚན་ཆེན་པོ་འདུག་སྔར་དགའ་ལྡན་ཤར་རྩེའི་མཁན་པོར་ཟོང་རིན་པོ་ཆེ་གཞུང་ནས་བསྐོས་པ་དང་ཁོང་གིས་ནོར་འཁྲུལ་བྱུང་རྐྱེན་གཞུང་ཕྱོགས་ནས་མཁན་པོའི་མིང་མེད་པ་བཟོས་པ་ཙམ་དུ་མ་ཟད་མཁན་ཟུར་གྱི་གདན་ཐོབ་ཀྱང་མེད་པ་བཟོས་པའི་མངོན་བྱུང་ལོ་རྒྱུས་ཡོད་དེ་མཚུངས་དགེ་ལྡན་པ་ཡོངས་ཀྱིས་ཁོ་པ་ཁྲི་ཟུར་གྱི་མིང་མེད་པ་བཟོ་དགོས་རྒྱུ་ལས་༧གོང་ས་མཆོག་གཅིག་པུར་འགན་ཕུལ་ན་དྲིན་ལན་ལོག་འཇལ་དུ་འགྲོ་གཞི་ལས་ཅང་མེད་དོ།། །།
ཡ་ཡ་དྲ་གྲོགས་ཚོ་གྲྭ་རྒན་ཞིག་རྒྱ་ནག་ལ་ཕྱིན་པར་ཧ་ལས་རྒྱུ་ཅི་ཡོད། དེས་བོད་བསྟན་པ་ཆབ་སྲིད་ལ་ཅི་གནོད། ད་ལྟ་ང་ཚོའི་བཀའ་ཁྲི་ཉི་སྟོང་ལྔའི་ལོར་ཕྱིར་བསྡོད་རྒྱ་མིའི་མིང་ཐོག་ནས་རྒྱ་ནག་ལ་ཕྱིན་པ་མ་རེད་དམ། དེ་ཉེན་ཁ་ཆེ་བ་མི་འདུག་འམ།
དགའ་ལྡན་ཁྲི་པ་ཡིན་པའི་ངོས་ལེན་དེ་སྔ་ནས་མེད། ཁོང་དགའ་ལོག་ཁྲི་ཟུར་རེད། ཧ་ཧ
སྤོ་ལགས་མ་ཤི་གོང་ལ་འགྲོ་ས་ནོར་སོང་། འཆི་ནས་དོ་རྒྱལ་འཁོར་དུ་སྐྱེ་བར་ངེས་པས་ཨ་ཁ། ཨ་ཁ།
སྙིགས་དུས་ཀྱི་བསྟན་དགྲ་དམ་ཉམས་པ་བླ་རྒན་ཕྱི་མ་ནང་གདོང་སྤག་འབྲོང་གི་ར་ལ་འགྲན་པ་ཁྱོད་ཉོན་ཅིག
ཨོ་ལོ་རྒྱལ་མཚན་ནོར་བུ་ཀུན་གཟིགས་འོད་མཚན་མགོན་པོའི་ཡང་སྲིད་དུ་བཀུར་མཁན་ནི་དམ་ཉམས་གངས་ཅན་བླ་མ་དབྱིན་མོའི་སྟུ་འཇིབ་མཁན་དེ་སོགས་གདོན་འདྲེ་ལྷ་རུ་བཀུར་མཁན་ཁ་ཤས་ལས་མེད། ཚེ་སྟོད་དུ་གཞུང་ཆེན་བཀའ་པོད་ལྔ་ལ་སྦྱངས། ཚེ་དཀྱིལ་དུ་རང་དབང་ལུང་པར་གདོན་འདྲེ་ལྷ་རུ་བཀུར་ཞིང་བསམ་མེད་མགོ་སེར་མང་པོར་མི་ཆོས་བླ་མའི་རྫུན་གྱིས་དྲན་དུ་བཀོལ། ཚེ་སྨད་གཤིན་རྗེན་མཇལ་ཁར་གདོན་འདྲེན་དང་། གསོན་འདྲེ་རྒྱ་དམར་ལྷ་རུ་བཀུར་ནས་ཉམས་ཆུང་བོད་མི་ས་ཡ་དྲུག་ལ་སྡང་བར་བྱེད།
ཁས་བླངས་སྡོམ་པ་དབྱིན་མོའི་སྟུ་ལ་ཤོར།
གྲ་ལ་དམར་པོ་མ་ཤི་བར་དུ་བསྣབས།
གདོན་འདྲེ་གསོན་པོ་ལྷ་རུ་བཀུར་བྱས་ཤིང་།
བ་གླང་ལས་ཀྱང་ལོད་པའི་མཛད་པ་བསྐྱངས།
མེ་མདའ་ཁ་ནས་བསྐོས་པའི་སྐྱག་ཕྲུག་ཅིག
འོད་མཚན་མགོན་པོའི་གསེར་ཁྲིར་འོས་མིན་པ།
གཙང་ལྗོངས་གདན་སས་སྐྱུར་བའི་སྐྱག་གླུད་དེ།
དགའ་ལྡན་ཁྲི་ཟུར་ཁྱོད་ཀྱིས་གཅེས་པར་བཟུང་།
སིང་ག་པུར་ལ་རྒྱ་མོ་སྟོང་གིས་བསྐོར།
ཕ་རན་སི་ལ་དབྱིན་མོའི་སྟུ་ཆུ་ཞིམ།
དགའ་ལྡན་དགོན་པར་འདུལ་བའི་ཆོས་གོས་བསྣབས།
སྣ་ཚོགས་གདུལ་བྱའི་དཔུང་གཉེན་ཁྱོད་ཉིད་རྒྱལ།
ད་ལྟ་བར་དུ་དགའ་ལྡན་ཁྲི་ཆེན་རིམ་པར་བྱོན་པའི་ནང་ནས་ཞབས་འདྲེན་ཞུ་མཁན་དགའ་ལྡན་དགོན་པ་རང་གི་བླ་རྒན་དེ་ལས་ཐབས་སྡུག་པ་བྱུང་མེད། གཅིག་བྱས་ན་གསང་བ་ཞིག་ཡིན་འགྲོ། བླ་རྒན་མགོ་བརྡར་འབྲོམ་མི་བྱམས་པ་བློ་གྲོས་ནས་རྒྱ་དམར་ལྷ་རུ་བཀུར་ཏེ་གསེར་བུམ་དཀྲུག་ནས་རྒྱལ་མཚན་ནོར་བུ་ཡང་སྲིད་དུ་མིན་བཞིན་དུ་ཡིན་པར་བཟོས། ཁྲི་ཟུར་ལུང་རིགས་མཆོག་ནས་དེའི་མཇུག་བསྐྱངས་ནས་བྱིས་ཕྲུག་དེ་ལྷ་རུ་བཀུར་གཅིག་བྱས་ན་གོ་རྒྱུ་ཟབ་མོ་ཞིག་ཡོད་ངེས། གང་ལྟར་ཞབས་འདྲེན།
ད་དངོས་གནས་སུ་ལ་ཡིད་ཆེས་བྱེད་དགོས་ཤེས་ས་མ་རེད་
འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཟུར་པ་ཞིག་གིས་ཞབས་འདྲེན་གནམ་ས་ལ་མི་ཤོང་བ་ཞིག་ཞུས་མེད་པའི་རེ་བ་བྱེད་རྒྱུ་ལས་ཐབས་ཤེས་གཞན་གང་ཡོད
བདེན་པར་སྨ་བའི་བསྟན་འཛིན་ཤེ་རབ་ལགས་ནས་གསུངས་པར་ང་ཚོ་ཚངས་མས་རྗེས་སུ་ཡིད་རང་ཡོད་ ཉེད་ འཆར་རང ་ཉིད་བོད་དུ་གཉེན་ཕྲད་ལ་འགྲོ་སྐབས་ཞེ་གཞུགས་བོད་མི་རྣམས་ནས་རྒྱན་ཚན་ནོར་བུར་་ལྟ་ཚུལ་ཁོང་བོད་མི་ཞིགས་ཡིན་པའི་ཆ་ནས་མའོང་རྒྱ་ནག་གཞུང་གིས་སྤྲད་པའི་ཆབ་སྲིད་ཀྱི་བཏགས་མིང་དེས་བོད་མའི་ལས་དབང་ལ་མི་རིགས་ལ་རྒྱ་ཤ་ཞེན་ཕན་ཐོག་ཞིགས་སྒྲུབ་པའི་རེ་བ་རྩམས་ལས་དུས་ནམ་ཡངས་ཀུན་ཟིགས་པན་ཆེན་རེན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་བྱེད་ཀྱི་མི་འདུག་ལྷགས་པར་དུ་རླུང་འཕྲན་ཁང་གི་ལས་མི་རྣམས་ནས་ཉིན་རེའི་རླུང་འཕྲན་རྒྱང་སེངས་སྐབས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་བྱས་པའི་པན་ཆེན་ཞེས་ མི་འབོད་པའི་རེ་བ་ཆེ་ གང་ཡིན་ཞེས་ན་ཀུན་ཟིགས་པེན་ཆེན་རེན་པོ་ཆེའི་ཡངས་སྲིད་ནི་༧ གོངས་ས་མཆོག་ཀྱི་ངོས་འཛིན་གནངས་བའི་པན་ཆེན་དགེ་འདུལ་ཆོས་ཀྱི་ཉིན་མ་མཆོག་ཁོ་ན་ལས་སེའི་གོ་ལ་འདེའི་སྟིང་མེད་པས་སོ་
དགའ་ལྡན་ཁྲི་ཟུར་འདི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་རྒྱལ་བོད་འབྲེལ་ལམ་ཆེད་༧གོང་ས་མཆོག་གི་བཀའ་འབྲེལ་རེད་ད། །
དྲ་གྲོགས་ yum ཁྱེད་ལ་༼དགའ་ལྡན་ཁྲི་ཟུར་འདི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་རྒྱལ་བོད་འབྲེལ་ལམ་ཆེད་༧གོང་ས་མཆོག་གི་བཀའ་འབྲེལ་རེད་ད། །༽ བཀའ་འབྲེལ་ཡིན་པ་དཔང་རྟགས་གང་ཡོད་དམ་?
ཐོག་མ་དགའ་ལྡན་ཁྲི་རབ།། འཇམ་མགོན་རྒྱལ་བའི་སྐུ་ཚབ།། དེང་སང་དགའ་ཁྲི་ལ་ལ།། དམར་ཤོག་ཚོགས་པའི་ཁྱི་རེད།
དྲ་གྲོགས་yum ལགས།༼གའ་ལྡན་ཁྲི་ཟུར་འདི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་རྒྱལ་བོད་འབྲེལ་ལམ་ཆེད་༧གོང་ས་མཆོག་གི་བཀའ་འབྲེལ་རེད་ད། །༽ཞེས་ལན་མང་བཤད་འདུག བཀའ་འབྲེལ་ཡིན་པའི་དཔང་རྟགས་གང་ཡོད་འདིར་འགོད་རོགས་གནང་།
Yum ཞེས་པར་དཔང་རྟགས་སྟོན་རྒྱུ་ཅི་ཡང་མེད། ཁོ་ཡང་དོལ་འདྲེའི་མཇུག་མ་ཡིན་སྲིད། ད་དོགས་གཟོན་མཛོད།
རོ་རྒན་འདི་མྱི་གཅིག་རེད། ཁོ་རང་གིས་ག་རེ་བྱེད་ན་བྱེད། དེ་ལ་སེམས་ཁྲལ་མེད། ཡིན་ན་ཡང་སེམས་ཁྲལ་ཆེ་ཤོས་དེ་ཟམ་གདོང་འདི་ད་གང་ལ་འགྲོ་ཡོང་སྙམ་ནས་བློ་བདེ་གི་མི་འདུག སྤོབས་མཐའ་བདེན་པ་རེད། ད་དུང་ཉི་མ་གཅིག་ལ་༧གོང་ས་མཆོག་མ་བཞུགས་ན་དེ་ནས་དོལ་ལ་དགག་པ་རྒྱག་མཁན་ཚོ་ཉུང་རུ་འགྲོ་བའམ་ནུས་མེད་དུ་འགྲོ་ངེས་དང་། དེ་ནས་དགེ་ལུགས་ཡོངས་རྫོགས་སླར་ཡང་འདྲེ་དགོན་དུ་འགྱུར་མི་འགྲོ་འམ་སྙམ་པའ་དོགས་པ་འདུག གང་ཡིན་ཟེར་ན་རྙིང་མ། ས་སྐྱ། བཀའ་བརྒྱུད། ཇོ་ནང་། བོན་པོ་རྣམས་ཀྱིས་ནི་དགེ་ལུགས་པའི་ནང་ལ་ཐེ་གཏོགས་གང་ཡང་བྱེད་ཕོད་ཀྱི་མ་རེད་ལ། བྱེད་ཐུབ་རྒྱུ་ཡང་མ་རེད། གལ་ཏེ་བྱས་ན་ཆོས་ལུགས་ཀྱི་དམག་འཁྲུག་ཡོང་བ་ལས་ལེགས་ཆ་ཡང་ཐོབ་ཀྱི་མ་རེད། ད་ཐེ་གཏོགས་བྱེད་ན་མི་བྱེད་ན་དགེ་ལུགས་པ་རང་ལ་ཐུག་ཡོད་ནི་རེད། རེད་དེ་༧གོང་ས་མཆོག་གི་ཞལ་རས་མེད་ན་དགེ་ལུགས་པས་དེའི་ཐོག་ལ་རུས་པ་འབུར་དུ་ཐོན་པའི་ལས་ཀ་བྱེད་རྒྱུ་མ་རེད། འདྲེ་ཚང་གིས་ནི་ཐབས་ཤེས་ཡོད་རྒུ་རྩལ་དུ་སྤྲུགས་ནས་ལས་ཀ་བྱེད་ཀྱི་རེད། དེ་ནས་ག་ལ་ག་ལེར་ད་གཡུག་ཞོགས། རྙོག་དྲ་མེད་ན་དགའ་གི་རེད་ཟེར་ནས་མདོག་འགྱུར་མཁན་ཇེ་མང་དང་། མ་འོངས་པར་ཡོངས་རྫོགས་མདོག་འགྱུར་རྒྱུ་རེད། ངའི་ལུང་བསྟན་འདི་ཨེ་བདེན་ལྟོས་ལ་སྡོད།
སྔོན་གྱི་ཁྲི་ཟུར་མཚན་སྙན་འཛམ་གླིང་ཁྱབ། །ད་ལྟའི་ཁྲི་ཟུར་མིང་ངན་འཛམ་གླིང་ཁྱབ། །ཞིབ་ཏུ་བརྟགས་ན་གདོན་འདྲེ་འབྱུང་པོ་དེར། །ཡིད་ཆེས་བྱེད་མིན་ཁྱད་ལས་ཡིན་སྙམ་མོ། །
གདོན་འདྲེ་ལྷ་ཡི་ལྷ་རུ་བཀུར་པ་དང་།
རྒྱ་དམར་ཀླ་ཀློ་སྐྱབས་སུ་འཛིན་པ་ཡི།
ལ་རྒྱས་ཕོངས་པའི་གྲ་གཟུགས་བཅོལ་ཆུང་དེ།
རྗེ་ཡི་ཁྲི་ལ་འཁོད་པ་ཡ་མཚན་ཆེ།
བླ་མིན་བླ་མར་བརྫུས་པའི་ཁྲི་ཟུར་དང་།
བཙན་གྱིས་ཁྲི་ལ་བསྐྱལ་བའི་ཨོ་ལོ་གཉིས།
དམ་ཉམས་དམ་ལོག་དཔུང་དང་དཔུང་བསྒྲིགས་ནས།
སྙན་རྒྱུད་དམར་པོའི་བསྟན་པ་སྐྱོང་ཞིག་ཨང་།
དགའ་ལྡན་ཁྲི་པ་འདིའི་སྐོར་ལ། དྲ་གྲོགས་རྣམ་པ་དང་། དངོས་ནས་ཤེས་མཁན་མིག་བརྒྱད་སོགས་ཀྱིས་འདི་དགའ་ལྡན་ཁྲི་རབས་༡༠༡ པ་དེ་ཡིན་ནམ། ཡང་ན་ཁྲི་རབས་དུ་ཡིན་པ་དང་གསལ་བཤད་ལོ་རྒྱུས་མདོར་ཙམ་འགོད་རོགས་ཞུ།
གནས་ཚུལ་འདི་ན་འདུག་
http://www.khabdha.org/?p=4836
དགའ་ལྡན་ཁྲི་ཐོག་བརྒྱ་དང་དང་པོ་ལུང་རིགས་རྣམ་རྒྱལ།
བེ་རི་འཇིགས་མེད།
དགའ་ལྡན་ཁྲི་ཐོག་བརྒྱ་དང་ དང་པོ་ལུང་རིག་རྣམ་རྒྱལ་དཔལ་བཟང་པོ་ནི། རབ་བྱུང་བཅོ་ལྔ་མེ་ཕོ་སྟག་༡༩༢༦ལོར་སྤོམ་འབོར་སྒང་གི་ཉེ་འགྲམ་དུ་ཡབ་བློ་བཟང་ ཕུན་ཚོགས་དང༌། ཡུམ་ནོར་འཛོམས་ཆོས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་གྲངས་བདུན་ལ་ཕེབས་པར་འཇོལ་བདེ་ཆེན་གླིང་གི་མཁན་པོ་བློ་བཟང་ཀུན་དགའ་ འཕྲིན་ལས་དཔལ་བཟང་པོའི་དྲུང་ནས་རྒྱལ་བའི་བསྟན་པ་ལ་རབ་ཏུ་བྱུང༌། ལི་ཐང་དགོན་ཆེན་གྱི་མཁན་པོ་སྒོ་སོགས་མཆོག་སྤྲུལ་རྗེ་བཙུན་བློ་བཟང་འཇམ་དཔལ་ སྙིང་པོ་ལུངརིགས་བསྟན་འཛིན་རྒྱ་མཚོའི་དྲུང་ནས་བསྙེན་པར་རྫོགས། དགུང་གྲངས་ཉི་ཤུ་རྩ་གསུམ་པ་རབ་བྱུང་བཅུ་དྲུག་ས་བྱི་བའི་༡༩༤༨ལོར་དབུས་སུ་ ཕེབས་ཏེ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་ནོར་གླིང་གྲྭ་ཚང་དུ་བཤེས་ གཉེན་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ནས་མདོ་སྔགས་གཞུང་ལུགས་རྒྱ་མཚོར་གསན་ བསམ་རྒྱ་ཆེར་མཛད་པས་སྙན་པའི་གྲགས་པས་ཕྱོགས་ཀུན་ཏུ་ཁྱབ། དགུང་ལོ་སོ་གསུམ་པར་རབ་བྱུང་བཅུ་དྲུག་ས་ཁྱིའི་༡༩༥༨ལོར་བསྟན་དགྲ་རྒྱ་དམར་ཀླ་ ཀློའི་དཔུང་གིས་བོད་ལྗོངས་བསྟན་འཚོའི་བདེ་སྐྱིད་རྨེག་མེད་དུ་བཅོམ་པའི་སྐབས་ རྒྱ་གར་དུ་བྲོས་བྱོལ་དུ་ཕེབས། དེ་ནས་དགུང་གྲངས་བཞི་བཅུ་མ་ཟིན་བར་དུ་སྦག་ས་ཆོས་སྒར་དུ་མཁས་མང་རྒྱ་མཚོའི་ དབུས་སུ་མདོ་སྔགས་ཡོངས་རྫོགས་ཀྱི་གནད་ལ་ཤིན་ཏུ་སྦྱངས་པས་མཁས་པ་ཆེན་པོར་ གྱུར་ཏེ་ཀུནགྱིས་བཀུར་བའི་འོས་སུ་གྱུར། དེའི་ཕྱི་ལོར་རྒྱལ་བའི་བཀའ་དགོངསབཞིན་ཝཱ་ར་ཎ་སི་བོད་ཀྱི་མཐོ་རིམ་སློབ་གཉེར་ ཁང་དངོས་སུ་གསར་འཛུགས་མཛད་སྐབས། རིས་མེད་མཁས་དབང་སློབ་གཉེར་བ་བརྒྱའི་ཁོངས་སུ་ཕེབས་ཏེ་སློབ་དཔོན་དུ་མའི་ དྲུང་ནས་རྒྱ་གཞུ་གཙོ་བོར་གྱུར་པའི་གཞུང་ཆེན་ཁག་ལ་ལོ་གསུམ་བསྐྱར་སྦྱོང་མཛད་ པའི་འབྲས་རྟགས་སུ་ཨ་ཙཱརྱ་ཨང་རིམ་དང་པོའི་ཕྱག་ཁྱེར་བཞེས་གནང་མཛད། དགུང་གྲངས་ཞེ་བཞི་པར་སློབ་དཔོན་རྒྱུགས་སྤྲོད་ཟིན་པའི་མཁས་དབང་ཡོངས་རྫོགས་ རྡ་སར་གཟིམ་ཆུང་དུ་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྩོད་རྒྱུགས་བཞེས་ སྐབས་ཀུན་གྱི་དབུས་སུ་ལྷ་རམས་པའི་མཚན་གནས་བཞེས། དེ་ནས་ལྷོ་ཕྱོགས་གདན་ས་ཁག་གསུམ་གྱི་གཞུང་ལུགས་རབ་འབྱམས་སྨྲ་བ་མཁས་མང་རྒྱ་ མཚོའི་དབུས་སུ་གཞུང་ཆེན་བཀའ་པོད་ལྔ་ལ་གྲྭ་སྐོར་དང༌། ལྷ་རམས་པའི་དམ་བཅའ་འཇོག་པར་མཛད། དགུང་གྲངས་ཞེ་ལྔ་པ་དཔལ་ལྡན་གསང་ཆེན་རྒྱུད་སྟོད་གྲྭ་ཚང་དུ་སྒྲིག་བཞུགས་གནང་ སྟེ་ཆོས་འགྲིམ་ཆ་ཚང་དང་ཁ་གཏད་དགེ་བཤེས་ཀྱི་མཛད་འགན་བཞེས། དེའི་རིང་ྋགོང་ས་ྋསྐྱབས་མགོན་རིན་པོ་ཆེ་དང༌། སྐྱབས་རྗེ་རྣམ་པ་གཉིས་གཙོས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་མདོ་སྔགས་ཀྱི་ ཆོས་ཇི་སྙེད་ཅིག་གི་དབང་ལུང་མན་ངག་རྣམས་བུམ་པ་གང་བྱཱུའི་ཚུལ་དུ་གསན་སྦྱངས་ མཛད་ནས། དགུང་གྲངས་ཞེ་དྲུག་པར་སྔགས་དམ་བཅའ་འཇོག དེ་ནས་སླར་ཡང་ཝཱར་ཎ་ཆོས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཏེ་རིགས་གཅིག་ རྐང་འཛིན་ཉམས་ཞིབ་ལོ་གསུམ་གནང་སྟེ་ཚིག་དོན་ཟབ་ལ་གོ་བདེ་བ། སྡེབ་སྦྱོར་སྙན་འཇེབས་ལྡན་པ་ཉམས་ཞིབ་ཀྱི་ལམ་དང་མཐུན་པ་དེབ་གཞི་ཚད་ལངས་ཅན་ ཚད་མ་རིག་པའི་སྐོར་གྱི་གསུང་རྩོམ་ཡང་མཛད། དགུང་གྲངས་ང་བདུན་པར་ྋསྐྱབས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་བརྒྱུད་སྟོད་ བླ་མ་དབུ་མཛད་དང་དེ་ནས་མཁན་པོ་བཅས་ཀྱི་ཕྱག་རྟགས་རིམ་སྩོལ་བཞིན་སྔར་སྲོལ་ རྒྱུད་ཆེན་གོང་མའི་བཞེད་སྲོལ་རྣམས་མི་ཉམས་རྒྱུན་བསྐྱངས་ཐོག་བཀའ་འགྲེལ་གྲྭ་ ཚང་འདིར་ཆོས་སྲིད་གང་ལའང་སྨན་པའི་སློབ་གྲྭའི་རྣམ་པར་གཞུངཆེན་ཁག་གི་སློབ་ཚན་ གསར་བཟོས་མཛད་གནང་གིས་བཀའ་དྲིན་ཆེ་བར་སྩལ། དེ་ནས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ཕག་སྟེ་༡༩༩༥ལོར་དགུང་གྲངས་དྲུག་ཅུ་ རེ་དགུར་སོན་པ་ྋསྤྱི་ནོར་གོང་ས་ྋསྐྱབས་མགོན་ཆེན་པོས་ཤར་པ་ཆོས་རྗེའི་མཚན་ གནས་མངའ་གསོལ་ཏེ། གཞུང་གནས་དང༌། གདན་ས་གྲྭ་ཚང་བཅས་ནས་ཁྲི་གསོལ་རྟེན་འབྲེལ་ལེགས་པར་མཛད་དེ། ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་དྲི་མ་མེད་པར་འཛིན་བའི་རིག་གྲོལ་འཕགས་ཚོགས་ འདུས་པ་རྒྱ་མའི་དབུས་སུ་ས་ལམ་གྱི་ཉམས་རྟོགས་ཕུན་སུམ་ཚོགས་ཏེ་མཁས་ཤིང་གྲུབ་ པ་བསྙེས་པའི་བསྟན་འཛིན་གྱི་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུའི་དབུས་སུ་ ལྷུན་པོ་ལྟར་མངོན་པར་འཕགས་པའི་འཕྲིན་ལས་ཀྱི་འཇུག་པའི་རྒྱུན་སྐྱོང༌། རབ་བྱུང་བཅུ་བདན་པའི་ས་གླང་སྤྱི་ལོ་ 2009་ ལོར་ དགའ་ལྡན་ཁྲི་ཐོག་བརྒྱ་དང་གཉིས་པ་རི་རྫོང་སྲས་ཐུབ་བསྟན་ཉི་མ་ལུང་རྟོགས་བསྟན་ འཛིན་ནོར་བུ་མཆོག་ལ་གསེར་ཁྲི་བཏོད་ནས་ཁྲི་ལས་ཟུར། ད་ལྟར་ཡོབ་རོབ་ཁུལ་དུ་བསྟན་འགྲོའི་བསོད་ནམས་ཀྱི་མགོན་དཔུང་དམ་པར་འཚོ་ཞིང་ བཞུགས་པ་འདི་བཞིན་ལགས་སོ།
དྲ་གྲོགས་བེ་རི་ལགས་ཀྱིས་དགའ་ལྡན་ཁྲི་ཐོག་བརྒྱ་པ་མཆོག་གི་རྣམ་ཐར་རགས་བསྡུས་བཤད་པར་ཐུགས་རྗེ་ཆེ།
ཁྱེད་ནས་ཁོང་དགའ་ལྡན་ཁྲི་པར་མཚན་གསོལ་ཚུལ་མ་གསལ་བར་ཁོང་གིས་ལ་དྭགས་རི་རྫོང་རིན་པོར་རྩིས་སྤྲོད་བྱས་པ་ཞིག་གསལ་འདུག་པས་དེར་དམིགས་བསལ་གྱིས་དགོས་པ་འདྲ་ཡོད་ན་གསལ་བཤད་གནང་རོགས།
གཞན་ཡང་དྲ་གྲོགས་མང་པོ་ཞིག་གིས་ཁོང་ལ་མཚན་དམོད་བྱས་པའང་འདུག་པས་གང་ལྟར་སྔར་ལྷ་གྲལ་དུ་བཞག་ད་འདྲེ་གྲལ་དུ་འཇོག་དགོས་པ་དེ་འདྲའི་བསྟོད་སྨད་བྱེད་པ་ནི་བློན་པོའི་རང་རྟགས་ལས་གཞན་གང་ཡང་མ་མཐོང། རང་དང་མཐུན་པར་བྱུང་ན་བསྟོད་ར། དེ་དང་མི་ཐུན་པ་ལ་སྨད་པ་བྱེད་པ་ནི་བླུན་པོའི་རང་རྟགས་སོ་ཞེས་གདམས་པ་ཁག་ལས་གསལ་བ་ལྟར་རེད། ཁོང་གིས་བྱས་ཉེས་ལ་ཐེར་འདོན་དང་བྱེད་བྱས་ལ་མངོན་བསྟོད་བྱེད་དགོས་པ་ལས་བྱེད་བྱས་ཐམས་ཅད་ལྐུངས་ནས་བློ་བུར་བའི་བྱས་ཉེས་ཅུང་ཙམ་དེ་ལ་མཚན་དམོད་ཚད་ལས་རྒལ་བ་བྱེད་པ་དེ་ལ་དགོངས་པ་བཞེས་དགོས། སྤྱིར་དགེ་འདུན་པ་ཞིག་དང། བྱེ་བྲག་ཏུ་དགའ་ལྡན་པའི་ཁྲི་ཡི་འོད་ཟེར་འཕོག་པ་ཞིག་ཡིན་པས། ཆོས་སྤོང་གི་ཚོགས་ངན་གསོག་པར་དགོངས་པ་བཞེས་དགོས། ཡང་ཁྱེད་ཚོས་ང་ཡང་དོལ་རྒྱལ་བསྟེན་མཁན་རེད་ཅེས་དམོད་ངེས་རེད་ཁྱད་པར་མེད། ་རང་སེམས་དག་ན་དག་པ་ཡིན།
སེམས་སྐྱོ་བའི་བྱེད་སྟངས་འདི་མཐོང་དུས་ཡིད་མུག་ནས་མི་བ་གིས། ད་བྱེད་ཐབས་གཞན་མེད། གོང་ན་ཅིག་གིས་གསུང་བ་ལྟར། བྱ་རྒྱུ་གཅིག་རང་ཡོད་པ་ནི་སང་ཉིན་ཉི་མ་རང་ལ་གང་མགྱོགས་ཅི་མགྱོགས་གིས་དགེ་ལུགས་ནང་ཁུལ་ནས་བླ་རྒན་མགོ་དམར་འདི་དགའ་ལྡན་ཁྲི་ཟུར་གྱི་མིང་ཁུངས་ནས་ཕྱིར་ཕུད་བྱེད་དགོས་གི་རེད། ངེས་པར་དུ་ཕུད་དགོས་རེད། མ་ཕུད་ན་འགྲིག་གི་མ་རེད། ལས་ཀ་དེ་དགེ་ལུགས་བླ་ཆེན་ཁག་དང་གྲྭ་མང་གི་ལག་པར་བབ་ཡོད། ད་ནས་བཟུང་བླ་རྒན་མགོ་དམར་འདིའི་མིང་་་དགའ་ཁྲིའི་མཚན་བྱང་ན་མེད།
yum)ལགས་དེ་འདྲ་མ་གསུངས་བདེན་པ་མིན།
༧གོང་ས་ཆེན་པོའི་མཚན་གནས་རྗེས་འབྲེལ་ལས།
བོད་ཅེས་འཛམ་གླིང་ཀུན་གྱི་ཁ་ན་གླེང་།
རང་གི་ཕ་ལ་མ་འཕྱ་ཨ་རོགས་ལགས།
དགའ་ལྡན་ཁྲི་ཐོག་བརྒྱ་པ་ཡིན་ས་མ་རེད་བརྒྱ་དང་གཅིག་ཡིན་ས་རེད།
ལ་སྟོད་བུ་ཁྱོད་ཁ་བཙུམ་ཞིག།
ཨ་རོ་ལ་སྟོད་བུ་་་་དགའ་ལྡན་ཁྲི་ཐོག་བརྒྱ་པ་དང་བརྒྱ་དང་གཉིས་ཀྱི་དབྱེ་བ་མ་ཤེས་ན་དང་པོ་མི་ལ་སྐད་ཆ་བྲིས།
དེ་ནས་བཤད་ན་ལེགས།
སྔར་གྱི་དུས་སུ་རྡོ་སྦིས་༸པཎ་ཆེན་ཟུང།།
བར་གྱི་དུས་སུ་འབཌྷའ་བ་ཕུན་དབང་ཞབས།།
དེ་ཡི་མཇུག་ཏུ་ཨ་ལོ་མཆོད་མཛད་སྟེ།།
ཁྲི་ཟུར་བརྒྱ་དང་གཅིག་པའི་མིག་དཔེ་ཉིད།།
དཔལ་ཆོས་ཀྱི་གྲགས་པས།
མ་ཚང་མེད་རྒྱུ་དེ་ལ་ནི།།
འབྲས་བུ་གང་གིས་ཟློག་པར་ནུས།།
ཞེས་གསུངས་པས་བོད་གཞུང་གི་སྲིད་ཇུས་དང་མཚན་བྱང་བརྗེས་པ་སོགས་ལའང་འབྲེལ་བ་ཅུང་ཟད་ཡོད་
ཤས་ཆེ་སྙམ་པ་ཙམ་མོ།།
མི་ཚང་མས་བཤད་ན་རྒྱ་ནག་གོང་ཁྲན་ཏང་གི་གསར་འགྱུར་ནང་ན་བདེན་པ་ཞིག་ཡོད་པ་ནི་ཟླ་ཚེས་རེད་ཟེར། དྲ་གྲོགས་ཚོ་བལྟོས་ན་དེ་བདེན་པར་མཐོང་གི་འདུག་གམ།
ྲིདགའ་ལྡན་ཁྲི་ཟུར་ལུང་རིགས་རྣམ་རྒྱལ་གྱི་ལོ་རྒྱུས་སྐོར་བཀོད་པ་དེ་ཡག་བྱུང་། ངོ་མ་ད་དུང་ཡང་བོད་ནང་དུ་ལི་ཐང་གི་ཡུལ་ལུང་ནང་དུ་དོལ་རྒྱལ་འགོང་འདྲེན་བསྟེན་མཁན་མང་དག་གཅིག་འདུག་པ་དེ་དག་ལ་འགྲེལ་བཤད་ཡང་དག་བྱེད་རྒྱུའི་ཐབས་ལམ་ཞིག་ཇི་འདྲ་བསྟེན་ན་དྲག སྤྱིར་བླ་ཆེན་མང་དག་གཅིག་གིས་གང་དྲག་གནང་ཡོད་ཀྱང་། ད་དུང་ཡང་མང་དག་གཅིག་མགོ་བོ་རྨོངས་ནས་བསྡད་ཡོད་པས་འཐོམ་དེ་ལས་སངས་ཐབས་གང་འདྲ་བྱེད་ན་དྲག རྒྱ་གར་ནང་དུ་ཏོག་ཙམ་དྲག་གི་རེད། ཁོང་ཚོ་ནི་རིམ་བཞིན་མི་གྲལ་ནས་ག་ལེར་བུད་འགྲོ་གིན་རེད། ཡིན་ན་ཡང་གཙོ་བོ་བོད་ནང་དུ་ཐབས་ཤེས་གང་དྲག་བསྟེན་ནས་དོལ་རྒྱལ་བསྟེན་གསོལ་གང་འདྲ་བྱེད་ནས་བཀག་ན་དྲག་འདུག
རི་བོ་དགེ་ལུགས་པར་མགོ་བོ་གཟེངས་སུ་བཏེགས་ནས་བཤད་རྒྱུ་ཞིག་ཡོད་པ་ནི་ འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དངོས་དེ་དགེ་ལྡན་ཁྲི་རིན་པོ་ཆེ་རེད་ཟེར་ ད་ཁོང་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་ཡིན་དང་མིན་གཅིག་གསུང་དང་། དགའ་ལྡན་ཁྲི་བ་ཞིག་གི་བྱ་བྱེད་ལས་གསུམ་ཡོངས་སུ་ཚར་ནས་ཡོད་དུས་ད་ཁྱོད་ལ་བྱེ་བ་རྒྱ་ཕྲག་རྒྱའི་རྒྱུ་ཡོད་ཀྱང་བཅོས་སུ་མེད་པ་དེ་འདས་ཟིན་པའི་བྱ་བྱེད་ལས་གསུམ་རེད། ད་བདམས་ཁ་ཅི་ཞིག་ལྷག་སོང་དགེ་ལྡན་ཁྲི་བ་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་མ་རེད་ལབ་ན་ཡོང་གི་རེད་དམ། འཇམ་མགོན་རྒྱལ་བས་ནོར་བ་ནི་ཡིན་རྒྱུ་མརེད ལམ་གྱི་རིམ་པ་ནོར་བ་ནི་ཡིན་རྒྱུ་མ་རེད གྲྭ་རྒན་ཚོ་རྟགས་གསལ་ཚ་བོ་ཡོད་ན་གཏོང་རིན་རེད
བླ་རྒན་འདིས་སྔར་དགའ་ལྡན་ཁྲི་བ་བྱེད་སྐབས་ཀྱང་“དགའ་ལྡན་ཁྲི་བ་བརླག་འདུག་”ཟེར་བ་སོགས་ཀྱི་ཟུར་ཟའི་རྩོམ་ཡིག་མང་པོ་ཐོན་མྱོང་ཡོད། པར་འདི་སྔར་ནས་མཐོང་སོང་། བླ་རྒན་འདིར་གཟའ་ཅི་ཞིག་བརྒྱབས་པ་ཡིན་ནམ། བྱེད་སྟངས་འདིས་ཁོས་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་ཁ་གཏད་གཅོག་གི་ཡོད་པ་ཙམ་དུ་མ་ཟད། རི་བོ་དགེ་ལྡན་པ་དང་བོད་མི་རིགས་ཀྱི་ཞབས་འདྲེན་ཞུ་གི་ཡོད་པའང་གསལ་སྟོན་བྱས་པ་རེད། དེར་བརྟེན་ཞབས་འདྲེན་པ་འདི་ལྟ་བུར་ཀུན་གྱིས་གཟབ་པར་རིགས། བླ་རྒན་འདི་ལྟ་བུ་དམྱལ་ཁམས་བཅོ་བརྒྱད་དུ་སྐྱེ་འོས།
བེ་རེ་འཇིགས་མེད་ཀྱིས་བླ་རྒན་འདིར་སྐྱག་བསྟོད་མང་ཙམ་དང་། ༧གོང་ས་མཆོག་གི་བཀའ་དགོངས་སྒྲུབ་མཁན་ཞིག་ཡིན་ཁུལ་གང་ཐུབ་བཤད་འདུག འཇམ་མགོན་བླ་མའི་བསྟན་པར་ཕན་མི་ཐོགས་པའི་བླ་རྒན་འདི་དེང་སང་ཡོ་རུབ་ན་མེད་པར། རྒྱ་ནག་དང་ཧོང་ཀོང་། ཐའེ་ཝན་སོགས་སུ་ཤུགས་ལྡན་བསྟེན་གསོལ་ཤུགས་གང་ཡོད་ཀྱིས་སྤེལ་མཁན་གྱི་དམ་ཉམས་ཤིག་ཆགས་འདུག་པས། དངོས་ཡོད་ལོ་རྒྱུས་ཀྱིས་ཐེར་འདོན་བྱེད་འོས། བེ་རེ་འཇིགས་མེད་ཁྱོད་ལ་གཟུར་བོར་གནས་པའི་གཡའ་ཅུང་ཙམ་ཡོད་ན། མདོ་སྟོད་ནང་ཁུལ་མི་མཐུན་པར་བྱེད་པའི་ཆུ་བཞི་སྒང་དྲུག་རྙིང་པ་ལས་ཕྱིར་ཐོན་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་བསྐྱོད་ན་ལེགས། མ་ཟད་བླ་རྒན་འདི་ལྟ་བུར་མུ་མཐུད་ཆེ་བསྟོད་བྱས་ན་འབྲས་སྤུངས་བློ་གསལ་གླིང་གི་ཆོས་འབྱུང་དུ་གྲགས་པའི་འབྱུང་འགྱུར་དེབ་ཕྲེང་ཕྱི་མ་རྣམས་ཀྱང་མེ་ལ་སྲེག་དགོས་སམ། ཆུ་ལ་གཡུག་དགོས་སོགས་བྱེད་སྟངས་མི་ཤེས་པར་ཆགས་ཉེན་ཆེ། དྲན་སྐུལ་ཙམ་དུའོ།།
༼དགའ་ལྡན་ཁྲི་ཟུར་འདི་པཎ་ཆེན་བླ་མ་རྒྱལ་མཚན་ནོར་བུའི་འགྲམ་ན་བསྡད་པ་རྒྱལ་བོད་འབྲེལ་ལམ་ཆེད་༧གོང་ས་མཆོག་གི་བཀའ་འབྲེལ་རེད་ད། །༽ བཀའ་འབྲེལ་མ་ཡིན་པའི་དཔང་རྟགས་གང་ཡོད་དམ་?
ཆབ་སྲིད་ནི་རྟོགས་པར་དཀའ།
ལུང་ རིགས་ རྣམ་ རྒྱལ།
ལུང་ རྟོགས་ཡོན་ཏན་ཆུ་ལ་བསྐྱུར། །
རིགས་ རྩལ་ཡོད་ཚད་འཆལ་བར་སྟོན། །
རྣམ་ མང་ལག་འཁྱེར་མང་འཁྱེར་ནས། །
རྒྱལ་ འདོད་དགྲ་བོའི་པང་དུ་གབ། །
ཁྲི་ཟུར་ ཁྱོད་ཀྱི་ རྣམ་ཐར་ ལགས། །
གལ་སྲིད་༧གོང་ས་མཆོག་གི་བཀའ་འབྲེལ་ཡིན་ན་རྒྱ་ནག་སོགས་སུ་ཤུགས་ལྡན་བསྟེན་གསོལ་སྤེལ་དགོས་དོན་ཅི་ཡིན་ནམ། བླ་རྒན་འདིས་ཤུགས་ལྡན་བསྟེན་གསོལ་སྤེལ་གྱི་ཡོད་པའི་དཔང་པོ་བདག་ལ་ཡོད་དོ།།
ཆོས་རྗེ་དམ་པ་འཇིག་ཕུན་ཞལ་ནས། རང་ཚུགས་མ་ཤོར། གཞན་སེམས་མ་དསྐྲུག་གསུང་ཡོད་རེད། ང་ཚོ་མི་མང་ཆེ་ཤོས་མཐོ་དམའ་སུ་ཡིན་ཡང་ན་དེ་འདྲ་པོ་ཞིག་རེལ། དེ་འདྲ་ཞིག་ཡིན་ཕྱིར་དམ་པ་ཁོང་གི་ཞལ་ཆེམས་དེ་གཞག་པ་རེད།
ལུང་རྟོགས་མྱུ་གུ་དམ་ལོག་སྲིན་བུས་ཟོས།།
རིགས་ཞེན་ལ་རྒྱ་སྐྱག་པའི་དོང་དུ་བསྐྱུར།།
རྣམ་ཐར་ལོ་རྒྱུས་གཅིན་གྱིས་འབྲི་འོས་པའི།།
རྒྱལ་ངན་སྐྱབས་སུ་རེ་བ་ཁྱོད་རེ་དམན།།
འདི་དག་བསྟན་པ་སྤྱི་ལ་བསམ་བློ་བཏང་མཁན་ཡོད་ན་གནད་འགག་ཆུང་ཆུང་ཅིག་ངེས་པར་མ་རེད། སྔོན་བདག་གི་རྨི་ལམ་ཞིག་རྨིས་པ་ཁ་བརྡའི་དྲ་མཆན་དུ་དྲི་བ་བཀོད་ཀྱང་དྲ་གྲོགས་ཚོས་ཁ་རིབ་ཀྱིས་བསད་ལ་ཁད་བྱས་སོང་། གོང་ལྟར་རྒྱལ་དབང་མཆོག་ཉིད་ཞལ་བཞུགས་བཞིན་པའི་སྐབས་སུ་འདི་འདྲ་བྱས་ན་རྗེས་སུ་སྨོས་ཅི་དགོས། གཞི་མེད་སྒྲོ་འདོགས་དང་དོན་མེད་བསྐུར་འདེབས་ཙམ་མིན་པར་ད་དངོས་སུ་འབུར་དུ་ཐོན་པ་རེད། ནམ་ཞིག་བོད་བརྒྱུད་ནང་བསྟན་སྤྱི་དང་ཁྱད་པར་རི་བོ་དགེ་ལྡན་པའི་བསྟན་པ་གསེར་བཟང་དང་སྐྱག་པ་འདྲ་མཉམ་བཟོ་བ་རེད་དེས་ནས་ཀུན་གྱིས་གཟུར་གནས་ཀྱིས་བརྟག་དཔྱད་གནང་བར་མཛོད། དེ་ཡང་ཇི་སྐད་དུ་གྲགས་རྒྱན་འདི་ཉིད་གནས་ཆུང་ཆོས་རྒྱལ་ཆེན་པོས་སྔར་གྱི་ཐུགས་ཀྱི་དམ་བཅའ་དྲན་བསྐུལ་ཞུས་པ་ལ་བརྟེན་ནས་བསམ་བཞིན་དྲེགས་པའི་སྐུར་བཞེངས་པ་དང༌། དེ་ཡང་འབྲས་སྤུངས་ཆོས་རྭར་ཞུགས་འབུལ་ཞུས་སྐབས་དུ་བ་རྐང་གསུམ་སྤོས་བཙུགས་པ་ ལྟར་གནམ་དུ་སོང་བ། དེར་གསོལ་དཔོན་ནས་ཞུ་བསྐུལ་བྱས་པར་གསང་ཕུར་སོང་ནས་བསེ་ཁྲབ་ལ་རྒྱབ་རྟེན་ བཅོལ་ཚུལ་སོགས་གཞི་རྩ་མེད་པའི་ལོ་རྒྱུས་མང་དག་ཅིག་འཁོད་ཡོད། གཤམ་དུ་ལོ་རྒྱུས་ཀྱི་དོན་དངོས་ལ་སྦྱར་ཏེ་གྲགས་རྒྱན་གྲོངས་སྟངས་སྐོར་ལ་དཔྱད་ པ་ཕྲན་བུ་བྱས་ན།
རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་སྤྱི་ལོ་༡༦༥༦ལོར་གྲགས་རྒྱན་གྲོངས་སྐབས་ འབྱུང་པོ་ཞིག་གིས་རྒྱུད་བརླམས་ཡོད་ཚུལ་ྋགོང་ས་ལྔ་པ་ཆེན་པོས་མགོན་པོའི་རྗེས་ གནང་སྩལ་སྐབས་གཟིགས་ཡོད་པ་བཞིན། འབྱུང་པོ་དེས་གྲགས་རྒྱན་གྱི་རྒྱུད་དཀྲུགས་པའམ། འབྱུང་པོ་དེ་གྲགས་རྒྱན་དུ་བརྫུས་པའམ། ཡང་ན་གྲགས་རྒྱན་རང་ཉིད་བསམ་བཞིན་དྲེགས་པར་སྐྱེས་པ་གང་ལྟར། གྲགས་རྒྱན་འདས་རྗེས་གཟིམ་ཁང་གོང་དུ་དམ་སྲི་གདུག་པ་ཅན་ཞིག་བྱུང་བ་ཡོངས་གྲགས་ ཡིན། ྋགོང་ས་ལྔ་པ་ཆེན་པོའི་«རང་རྣམ་དུ་ཀུ་ལའི་གོས་བཟང་»ནང༌། ད་ ལམ་ཅིས་ཀྱང་འགྲོ་དགོས་ཞེས་ཇའི་སང་སྡེ་པ་བརྒྱུད་དེ་གསུངས་པ་མཚམས་ལ་ཧར་འདོན་ བྱས་ཏེ་གཟིམས་ཁང་གོང་དུ་ཕྱིན། མགོན་པོའི་རྗེས་གནང་བར་ཆད་ཀུན་སེལ་ཕུལ་ཀྱང་འབྱུང་པོ་ཞིག་གིས་བརླམས་པའི་ ཐུགས་དྲན་མི་ཟིན་འདུག་པས་ཕན་ཐོགས་མེད་པའི་ཚེས་བཅུ་གསུམ་གྱི་ཚ་རྟིང་ཁར་ཞིང་ བརྗེས་གནང༌། སྔ་དྲོ་སྔར་མ་གྲགས་ཀྱི་གཉིད་ལ་འགྲོ་བའང་དེ་ནུབ་རྗེས་གནང་བྱེད་དགོས་པའི་ གདོན་གྲིབ་ཀྱི་ལྷོངས་སུ་འདུག འཇམ་དཀར་གྱི་བསྙེན་པ་བར་ཆད་ཀྱི་དབང་དུ་སོང་བས་འཕྲོ་བཤོལ།༣༣ ཅེས་གྲགས་རྒྱན་གྲོངས་སྐབས་འབྱུང་པོ་ཞིག་གིས་རྒྱུད་བརླམས་ཡོད་ཚུལ་གྱི་གཟིགས་ སྣང་བྱུང་བ་དང༌། ཉིན་དེར་དེ་སྔོན་བྱུང་མྱོང་མེད་པའི་གདོན་གྲིབ་ཀྱི་འཚུབ་ལྟས་བྱུང་བའི་རྐྱེན་ གྱིས་ྋལྔ་པ་ཆེན་པོས་འཇམ་དབྱངས་དཀར་པོའི་བསྙེན་པའང་འཕྲོ་བཤོལ་དགོས་པ་བྱུང་ ཚུལ་དང༌། ཡང༌། ཟླ་བ་ལྔ་པའི་ནང་དུ་སྡེ་པ་གོང་དཀར་དུ་གོ་བརྩི་སོགས་ ཀྱི་ཐུགས་བྲེལ་གཅོད་པར་ཕེབས་ཐོག་ཉིན་གཅིག་གཟིམས་ཆུང་ནང་དུ་ཐུགས་དྲན་མེད་ལ་ ཇ་ཡུན་གཅིག་ཙམ་སོང་བས་ཐོག་མར་བྱང་ངོས་ནས་ཀྱིས་གཙོས་ཚང་མ་རྡབས་འུར་གྱི་རྣམ་ པས་སྐུ་མི་འཚོ་བར་ཐག་བཅད་པའི་གནས་ཚུལ་སྐྱེལ་བའི་སྟ་གོན་གྱི་སྐབས་སླར་སྐུ་ བསོས་པས་དེ་གའི་གཏམ་སྙན་གྱི་ཕྱག་བྲིས་དང་བཅས་སྲུང་བ་ལེན་མི་བྱུང་བར་ཟ་ཡིག་ དང་སྐུ་ལ་འདོགས་རྒྱུ་གང་ཟབ་ཕུལ།༣༤ ཞེས་གྲགས་རྒྱན་གཤེགས་པའི་སྔ་རྗེས་སུ་ྋལྔ་པ་ཆེན་པོ་མཆོག་དང༌། སྡེ་སྲིད་བསོད་ནམས་རབ་བརྟན་གཉིས་ལ་གདོན་གྲིབ་ཀྱི་འཚུབ་ལྟས་བྱུང་ཚུལ་དང༌། ལྷག་པར་སྐབས་དེར་གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དུ། ཆོས་སྐྱོང་ཆེན་པོས་སྤྲུལ་པའི་སྐུའི་པུར་བཞུའི་དུས་ཉེ་སྐོར་དུ་བསྡད་ན་མི་འགབ་པས་པོ་ཏ་ལར་སོང་གསུངས་པ་བཞིན་ཉེར་གཉིས་ལ་འོངས༣༥ ཞེས་གྲགས་རྒྱན་གྱི་སྐུ་གདུང་ཞུགས་འབུལ་སྐབས་སུ་ྋགོང་ས་མཆོག་ཉེ་སྐོར་དུ་ བཞུགས་ན་མི་ལེགས་པའི་ཞུ་བསྐུལ་དང༌། དེ་རྗེས་སླར་ཡང་གཟིམ་ཁང་གོང་གི་སྐུ་གདུང་མཆོད་རྟེན་རྐྱེན་གྱིས་སྡེ་སྲིད་ལ་ འགོང་འདྲེའི་གནོད་ཚབས་ཡོད་པས། སྐུ་གདུང་མཆོད་རྟེན་ནང་ཙིར་སྒྲ་སོགས་ལྟས་ངན་དུ་མ་མཐོང་སྣང་བྱུང་བས་མཐར་སྐུ་ གདུང་མཆོད་རྟེན་ལྷུ་ཕྲལ་ཏེ་བཤིག་དགོས་བྱུང་བའི་སྐོར་«རང་རྣམ་» ལས། ཆོས་ སྐྱོང་ཆེན་པོས་སྡེ་པར་འདྲེ་སྣ་ཟུག་པའི་གཟིམ་ཁང་གོང་གི་མཆོད་རྟེན་རྣམས་གཞན་ དུ་སྤོ་དགོས་ཚུལ་ལོ་སྔ་མ་སྟོད་ལུང་ཆུ་ཚན་ལ་བྱོན་སྐབས་དགེ་བརྐོས་གཉིས་ བརྒྱུད་དེ་ལབ་པ་ཡིན་ཀྱང༌། དངུལ་གདུང་ཚོ་ཕྲལ་ནས་འཇོག་པ་ཙམ་ལས་མ་སྤོས་པའི་སྐྱོན་གྱིས་ནད་གཞི་ཆུག་པ་ཡིན། ད་ཆ་འཚུབ་ཆེར་སོང་བས་གཟིམ་ཁང་གོང་སྤོ་དགོས་གསུང་པར་རྒྱལ་རྫོངས་ལྟ་བུས་གོ་ ཆོད་པའི་ཁང་པ་བཤིག་མ་དགོས་པ་ཡོང་མི་ཡོང་གི་གླེང་གཞི་མང་དུ་བྱུང་བ་དང༌། བདེན་མ་བདེན་ཇི་ལྟར་ཀྱང་མཆོད་རྟེན་བརྒྱད་པོ་མ་ཕྲལ་བའི་སྐབས་མཆོད་རྟེན་ནང་ ནས་སྐད་དང་ཙི་ར་བརྒྱབ་ཟེར་བས་མཚོན་པའི་རྣམ་རྟོག་འདྲེར་ལངས་ཀྱི་ཁ་ཚོན་མ་ཆོད་ པས་སྐུ་ཆས་ཚོ་སྟོད་ལུང་མདའ་དང༌། ཤིང་ཆ་རྣམས་ཤར་ཆུ་སྦུག་ཏུ་བསྐྱལ། གཟིམ་ཁང་བཤིག་ཤུལ་དུ་གྲྭ་ཚང་གི་ཁྲོ་རོལ་སླང་གང་མ་ཞིག་དང་གྲྭ་ཚང་གསུམ་ནས་ བསྡུས་པའི་དགེ་འདུན་བརྒྱ་སྐོར་གྱིས་གསུང་རབ་བསྒྲགས།༣༦ ཞེས་གསལ་བ་ལྟར། གྲགས་རྒྱན་འདས་རྗེས་དངུལ་གདུང་མཆོད་རྟེན་བཞེངས་པ་དེའི་ནང་ནས་མཚན་མོ་ཙིར་ སྒྲ་གྲགས་པ་དང༌། གཟིམ་ཁང་གོང་དུ་གཟུགས་མེད་ཀྱི་སྒྲ་འདོན་པ་སོགས་འཚུབ་ལྟས་མང་པོ་བྱུང་བ། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་ཕེབས་སྟངས། འདུས་གྲྭ་སྤྱི་དམངས་ཁྲོད་དུ་རྙམ་རྟོག་འདྲེ་ལངས་ཀྱི་སྦིར་གཏམ་མཆེད་པ་བཅས་ལ་ བརྟེན། སྐུ་གདུང་མཆོད་རྟེན་ལྷུ་ཕྲལ་ཏེ་གྲགས་རྒྱན་གྱི་པུར་ཐལ་ཆུར་བསྐུར་དགོས་བྱུང་ བ་གཙང་ཆུའི་བཞུར་རྒྱུད་ལྷོ་ཁ་དོལ་ཆུ་མིག་དཀར་མོ་ཞེས་པར་བུད་པ་མི་ཞིག་གིས་ བླངས་པས་ས་ཁུལ་དེའི་མི་ཕྱུགས་ལ་གོད་ཆག་དང་ངན་ལྟས་མང་པོ་བྱུང་བར་གྲགས་པས། ྋགོང་ས་ལྔ་པ་ཆེན་པོས་ཐོག་མར་ཁུལ་དེར་འདྲེ་ངན་དེ་འཁོར་ཆགས་བྱེད་སའི་རྟེན་ཁང་ བརྩིགས་པ་དེར་གནས་པའི་རྒྱལ་འགོང་དེར་དོལ་རྒྱལ་ཞེས་པའི་མིང་ཐོགས། ཕྱིས་སུ་ཆོས་རྒྱུད་ཁག་གི་སྐྱེས་ཆེན་རྣམ་པས་རྒྱལ་འགོང་འདིར་མིང་འདོགས་འདྲ་ མིན་བྱུང་བ་དཔེར་ན། དཔལ་ས་སྐྱ་ངོར་ཆེན་འདི་ལ་རྨོར་ཆེན་ཞེས་ཀྱང་འབྱུང༌།ཀུན་དགའ་ལྷུན་གྲུབ་ཀྱི་ སློབ་བརྒྱུད་རྣམས་ཀྱིས་དཀོར་བདག་དང༌། རྒྱལ་འགོང༌། འབྱུང་པོ། དམ་སྲི། གསོན་འདྲེ། ཤི་འདྲེ་སོགས་སུ་འབོད། སྨིན་གླིང་གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེས་དམ་སྲི་གདུག་པ་ཅན་ཞེས་དང༌། པཎ་ཆེན་སྐུ་ཕྲེང་ལྔ་པ་བསྟན་པའི་དབང་ཕྱུག་གིས་གདུག་འདྲེ་དང་མཁའ་ལ་རྒྱུ་བའི་ ཡི་དྭགས་ཞེས་འབོད། དགའ་ལྡན་ཁྲི་ཐོག་ང་བཞི་པ་ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་རྒྱལ་འགོང་གདུག་པ་ ཅན་ཞེས་དང༌། ཕུར་ལྕོག་ངག་དབང་བྱམས་པས་འདྲེ་ཞེས་འབོད་ལ། གཞུང་བསྟེན་དགྲ་ལྷའི་གཙོ་བོ་གནས་ཆུང་ཆོས་རྒྱལ་གྱིས་ཨ་སྲས་འཁྱམ་པོ་ཞེས་གྲགས་ རྒྱན་གད་ཁ་སའི་ལགས་ཨ་རྒྱལ་གྱི་སྲས་སུ་འཁྲུངས་པས་ཨ་སྲས་དང༌། འཇིག་རྟེན་པའི་དྲེགས་པར་སྐྱེས་རྗེས་བདག་པོ་རྒྱག་མཁན་མ་བྱུང་བར་གང་སར་འཁྱམས་ བསྡད་པས་འཁྱམ་པོ་ཞེས་ཐོགས། ལྷ་ཆེན་ཚངས་པ་དང་བཀྲ་ཤིས་ཚེ་རིང་མས་རྒྱ་འདྲེ་ཞེས་འབོད། ལྷ་ས་སྤང་ལུང་རི་ཁྲོད་དུ་ཁོག་རློམ་བྱེད་མཁན་ཡོད་པས་སྤང་ལུང་རྒྱལ་ཆེན་སོགས་སུ་འབོད། ཅེས་པ་དེ་འདྲ་ཞིག་རེད། དེས་ན་ནང་གྲོས་དང་གངས་ལྗོངས་བོད་བརྒྱུད་བསྟན་པ་སྤྱི་དང་དགེ་ལྡན་བསྟན་པ་ལ་ལྷག་བསམ་དཀར་པོ་དང་ཤེས་འབྱོན་ཡོད་པ་ཚོས་རང་ལུགས་རི་བོ་དགེ་ལུགས་དག་མ་ལས་སྡིག་ལུགས་མི་སྒྲུབ་པའི་རེ་བ་སྙིང་ནས་ཞུས་པ་ཡིན། ནུབ་གླིང་འགའ་རེ་ད་སྔོན་ལོག་ལམ་དུ་སོང་ཡང་གཞི་ནས་སྐྱབས་འགྲོ་ནས་བཟུང་དམ་པའི་ཆོས་སྒོར་ཞུགས་པ་དུ་མ་བྱུང་བས་ཁྱེད་རྣམ་པ་ཕྱི་རིང་ཉེ་བའི་ཆོས་མཆེད་ཚང་མས་མ་བསྐུལ་དུང་ལེན་གྱིས་དགེ་ཁྲི་ནས་སྐྱ་སེར་ཚང་མ་ཆགས་སྡང་མིན་པར་ཕན་བདེའི་ལམ་བཟང་སྟོན་པར་མཛད་རོགས་ཞེས་ཤྲྰི་སྨྱོན་པས་བསྒྲིགས་པའོ། །
ད་དམོན་དམོད་རྣམ་པ་ཚོས་དམོད་པ་ལ་བཞེད་ཐག་ཆོད་ནས་ཁོ་དགའ་ལྡན་ཁྲིའི་མཚན་གནས་
བསླང་ག་སླེབས་སྲིད་ཀྱི་རེད། ཤུགས་རྒྱོབ་ཡ།
མ་ན་ཤྲྰི་བཛྲ་དྷརྨྰ་པ་ལ་ཡེ། །
པན་ཆེན་ཉེས་མེད་མུན་པའི་བཙོན་དུ་བཟུང་། །
རྫུན་ཆེན་སྤྲུལ་རྫུན་རྒྱུ་ནོར་དཔུང་ཤུགས་ངོམས། །
དྲིན་ཆེན་བླ་མའི་བཀའ་རལ་དམ་ཉམས་ཚོགས། །
སྙིགས་ལྔའི་དམ་སྲི་བདུད་རིགས་ད་སྒྲོལ་ཅིག །
དཀོན་མཆོག་བདེན་པའི་རང་གཟུགས་གཤིན་རྗེ་གཤེད། །
དམར་ནག་དྲག་ཏུ་ཁྲོས་པ་སྲིན་པོའི་གདོང་། །
ཐབས་ཤེས་མདའ་གཞུ་ཤེས་རབ་རལ་གྲི་ཡིས། །
མ་རུང་དམ་སྲིའི་སྙིང་ལ་མ་ར་ཡ། །
མ་རིག་རྨོངས་པའི་མགོ་བོ་རྩ་ནས་ཆོད། །
མ་རྟོག་ཆགས་པའི་མིག་སེར་གཞི་ནས་བཅོམ། །
ལོག་རྟོག་ཞེ་སྡང་དམག་དཔུང་ཐལ་བར་གཏོར། །
སྲིད་གསུམ་གཡུལ་ལས་རྒྱལ་བའི་རྒྱལ་རྔ་རྡུངས། །
དྲག་བསྐུལ་ཞིག་ཅི་དྲན་དུ་ཤྲྰི་སྨྱོན་པས་སོ། །
འོ་ད་དམོད་དམོད་དམོད་པ་མང་པོ་རྒྱབ་ད་ཁོ་བཞེད་ཐག་ཆོད་ནས་དོལ་རྒྱལ་ཕར་དབྱུག་སྟེ་སླར་ཡང་
དགའ་ལྡན་ཁྲི་པའི་མཚན་གནས་ལེན་ག་ཡོང་སྲིད་ཀྱི་རེད་ཡ། ཡང་ང་ཡང་ཁོའི་མཉམ་དུ་མ་བཞག
མ་གཏོགས།
འཇོམ་མགོན་རྒྱལ་བའི་རྒྱལ་ཚབ་ཤུག་ལྡན་བསྟན་པའི་བདག་པོ་དགའ་ལྡན་ཁྲི་ཐོགས་བརྒྱ་དང་གཅིག་པ་ལུང་རིག་རྣམ་རྒྱལ་ རི་བོ་དགེ་ལྡན་པའི་ལོ་རྒྱུས་ཐོགས་དགའ་ལྡན་པའི་ཁྲི་ཟུར་ཞིག་མ་རེད་ཟེ་ས་འགྲོ་ནི་མ་རེད་ དེ་ལས་ང་ཚོའི་དོ་སྣང་བྱེད་ས་དེ་ཤུག་ལྡན་ཚོགས་པ་ལ་ཆོས་དང་ཟང་ཟིང་གི་འབྲེལ་བ་བྱེད་མི་ཆོག་ཟེར་བཞིན་དུ་བོད་གཞུང་གི་ ཤུག་ལྡན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་སའི་ལྟེ་གནས་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཡོད་པ་དེ་ མ་འོང་པ་ཟང་གདོང་རིན་པོ་ཆེའི་མཛད་འཕྲིན་སྐྱོངས་སའི་གནས་གཞི་མ་རེད་ཟེར་སུའི་ཁས་ལེན་ནུས
རྒྱལ་མཚན་ནོར་བུ་རྒྱ་དམར་གྱིས་བཙན་གཤེད་ཀྱིས་གསེར་བུམ་དཀྲུགས་ནས་ངོས་འཛིན་ཞུས་པ་རེད། སྐབས་དེ་དུས་གཙང་གི་གདན་སར་རྒྱ་དམག་སྟོང་ཕྲག་གིས་བསྐོར་ནས་ཉེས་མེད་དགེ་འདུན་པ་མང་པོ་མུན་པའི་བཙོན་དུ་བཅུག་པ་དང་། མང་པོ་ཞིག་དགོན་པ་ནས་ཕུད་པ་སོགས་ཀླ་ཀློའི་གདུག་རྩུབ་ཀྱིས་རྡུང་བཅོམ་འཕྲོག་གསུམ་དང་་བཙན་དབང་གིས་དགོན་པའི་ནང་དུ་ཁྲིད་ཡོང་བ་ཞིག་རེད། དགེ་འདུན་པ་རྣམས་ནས་ཨོ་ལོ་ཞེས་འབོད་པ་ལས་ཀུན་གཟིགས་མཆོག་གི་ཡང་སྲིད་དུ་ནི་ངོས་འཛིན་གྱི་མིན་འདུག བོད་ནང་གི་བོད་མི་རྣམས་ནི་བློ་བརྟན་འགྱུར་མེད་ཀྱིས་ཀུན་གཟིགས་མཆོག་གི་ཡང་སྲིད་གཅིག་དང་། དེ་ཡང་དྲང་བདེན་གྱི་ལམ་ནས་ངོས་འཛིན་བྱས་པའི་དགེ་འདུན་ཆོས་ཀྱི་ཉི་མ་ཁོ་ན་ཡིན་པ་ནི་སེམས་ནང་དུ་ཉར་བའི་གསང་བ་གཅིག་པོ་འདི་ཡིན། འོན་ཀྱང་བཙན་བྱོལ་ནང་དུ་རང་དབང་ཆེ་དྲགས་ནས་སྐྱག་ལང་དུ་ཤོར་བ་རང་རེད། ཁྲི་ཆེན་ཡིན་ན་ཡང་རེད། ཁྲི་ཟུར་ཡིན་ན་ཡང་རེད། ཁྲི་ལ་འཁོད་འགྱུར་ཡིན་ན་ཡང་རེད། མིང་འཛིགས་པོ་ཞིག་འཁུར་ནས་དགྲ་ལ་དར་འཕྱར་གཉེན་ལ་གྲི་གཙུག་པ་ནི་ཆེ་བློ་ཕམ་གྱི་རང་བཞིན་ཞིག་ཡིན། རྗེའི་ཁྲི་ནག་པོ་བཟོ་མཁན་བླ་རྒན་སྐྱལ་སྟོང་དེ་ལ་ཉུང་མཐར་ཡང་བོད་མི་རིགས་ཀྱི་ལ་རྒྱ་ཙམ་ཡང་མི་འདུག
དོལ་རྒྱལ་ཤུག་ལྡན་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་བླ་མའི་ཚན་པར་འདི་ལ་བལྟས་ན།
http://dorjeshugden.com/wp/?page_id=37
དྲ་གྲོགས་བཟང་པོ་སྐྱུར་རྩི་ལགས་སྐུ་ཁམས་བཟང་།
སྐུར་རྩི་སྐྱུར་ཚད་མང་ན།།
སྐྱུར་རྩོམ་ཐོལ་བྱུང་ཤར་འོང་།།
སྐྱུར་རྩི་སྐྱུར་ནས་དད་ནས།།
སྐྱུར་སྒོང་སྙན་ཚིག་ཐོན་གྱིས།།
ཁ་ཁོག་སྐྱུར་གྱིས་སྦགས་ཀྱང་།།
སེམས་པ་སྐྱུར་གྱིས་མ་བསྒྲིབས།།
དྲ་གྲོགས་བཟང་པོ་སྐྱུར་རྩི་ལགས་སྐུ་ཁམས་བཟང་།
སྐུར་རྩི་སྐྱུར་ཚད་མང་ན།།
སྐྱུར་རྩོམ་ཐོལ་བྱུང་ཤར་འོང་།།
སྐྱུར་རྩི་སྐྱུར་ལ་དད་ནས།།
སྐྱུར་སྒོང་སྙན་ཚིག་ཐོན་གྱིས།།
ཁ་ཁོག་སྐྱུར་གྱིས་སྦགས་ཀྱང་།།
སེམས་པ་སྐྱུར་གྱིས་མ་བསྒྲིབས།།
བོད་དུ་དགའ་ལྡན་ཁྲི་རབས་དང་པོ་རྗེ་ཙོང་ཁ་བ་ནས་རྩིས་བས་ཁྲི་རབས་གོ་དྲུག་པ་རྗེ་ཐུབ་བསྟན་ཀུན་དགའ་བར་བྱོན། རྒྱ་གར་གྱི་ཁྲི་ཐོག་དང་པོ་ཡོངས་འཛིན་གླིང་སྤྲུལ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་བཟང་པོ་སྟེ་དགའ་ལྡན་ཁྲི་རབས་གོ་བདུན་པ་དང་ད་ལྟའི་དགའ་ཁྲི་རི་རྫོང་རིན་པོ་ཆེ་ནི་ཁྲི་རབས་བརྒྱ་དང་གཉིས་པ་དེ་ཆགས་ཡོད། དགའ་ལྡན་ཁྲི་ཐོག་དང་པོ་ནས་ཞེ་ལྔའི་བར་སུམ་པ་མཁན་པོའི་ཆོས་འབྱུང་དུ་གསལ་ཞིང་། ཁྲི་ཐོག་ཞེ་བརྒྱད་ནས་རེ་གཉིས་པར་བླ་མ་ཀློང་རྡོལ་རིན་པོ་ཆེས་མཛད་པའི་བླ་བརྒྱུད་གསོལ་འདེབས་སུ་གསལ། རེ་གསུམ་ནས་གོ་བདུན་བར་གྱི་བླ་བརྒྱུད་གསོལ་འདེབས་གཞན་ཞིག་གིས་མཛད་པ་སྟེ་མཛད་པ་པོ་སུ་ཡིན་ང་ལ་གསལ་ཁ་མེད། དེ་ནས་ད་ལྟའི་བར་གྱི་བླ་བརྒྱུད་གསོལ་འདེབས་ཡོད་མེད་བརྩད་ཁུངས་ཆོད་མ་སོང་། ཡོད་ན་གསལ་སྟོན་གནོངས་རོགས་ཞུ།
崗堅假喇嘛出席中共活動 གོང་གི་རྒྱ་ཡིག་འདི་ཚོ་ཡིག་དྲོབ་ནང་དུ་བླུགས་དང་དེ་ནས་ད་ལོའི་རྒྱལ་གཅེས་སྤུན་ཟླ་མེས་རྒྱལ་དུ་ཕྱིན་ཟེར་བ་རུས་མདངས་མེད་པ་ཁ་ཤས་ཀྱིས་གསོལ་སྟོན་ཅི་ལྟར་རོལ་མིན་བརྙན་འཕྲིན་ལམ་ནས་མཐོང་ཐུབ་ཀྱི་འདུག
ལུང་ཆོས་སྡེ་སྣོད་ཁ་ལྕེར་ཆགས། །
རིགས་རྟོགས་ཁོག་རུལ་ཁོག་སྟོང་གིས། །
རྣམ་རྟོག་འདྲེ་ངན་གཙུག་ཏུ་བཀུར། །
རྒྱལ་འགོང་འཁོར་དུ་སྐྱེ་འདོད་དམ། །
ཁྲི་ཟུར་ལུང་རིག་རྣམ་རྒྱལ་ལགས། །
བཙན་བྱོལ་དུ་རྒྱུས་མངའ་ཡོད་ཅིང་གོང་ས་མཆོག་གི་བཀའ་མངག་ཆ་ཚང་ཤེས་མཁན་ཞིག་གིས་རྒྱ་མི་དང་འབྲེལ་བ་བྱས་ཡོང་དུས་ངོ་མ་སེམས་ཤུགས་ཆགས་འགྲོ་ཡི་འདུག་ཨ་ཁ།
ལོ་བརྒྱ་ལོན་པའི་སྨན་ཞིག་འཐུང་། འཆི་ཁ་རྒས་ཁ་དུག་ཞིག་འཐུང་མཁན་དེ་ངོ་མ་ལུང་རིག་རྣམ་རྒྱལ་ཁོ་རེད།
སྐུ་བརྗིད་པོ་དགའ་ལྡན་ཁྲི་ལ་བཞུགས།།
གསུང་དལ་མོ་བོད་ཡུལ་གཙང་ནས་སྒྲོགས།།
ཐུགས་མྱུར་མོ་ཀླ་ཀློ་རྒྱ་ཡི་བཟུང་།།
རྟེན་དིལ་ཙམ་མ་ལུས་བརླག་པར་མཛོད།།
རྒྱུ་མཚན་དང་ལོ་རྒྱུས་ཤེས་པ་ཚོས་འདིར་བསྐོར་དོན་སྣང་དགོས་པ་རེད། འདི་དག་དམ་པའི་ཆོས་ཡིན་ཞེས་དང་དགེ་ལུགས་པ་ཡིན་བཤད་ན་དགེ་ལྡན་པའི་གཞི་ལམ་འབྲས་བུའི་ཆོས་དེ་གང་ཟག་རེ་གཉིས་ལ་བཏགས་པ་ཡིན་ནམ། ལམ་རིམ་བདེན་པའི་རང་བཞིན་གྱི་མདོ་སྔགས་དེ་དག་ཡིན་ནམ། འཁོར་འདས་ཀྱི་རྟོན་པ་བཞི་པོ་གོ་མ་ནོར་བ་ཞིག་བཤད་དགོས་སོ། །
རྒྱལ་ཚབ་རྗེ་ནས་བློ་བཟང་ཉི་མའི་བར།
ཁྲི་ཆེན་གསེར་རིའི་ཕྲེང་བ་བསྟར་བསྒྲིགས་པ།
ཞྭ་སེར་བསྟན་པའི་གདུག་དཀར་གོ་ལའི་དབྱིངས།
འདེགས་པའི་འཇམ་མགོན་རྒྱལ་བའི་གདུང་ཚོབ་མཆོག
ཁྲི་ཆེན་བརྒྱ་དང་གཅིག
སྤྱི་དཔོན་ཤཀྱྭ་ཐུབ་པ།
དགེ་དཔོན་བློ་བཟང་གྲགས་པ།
ཞབས་དེ་མར་ལ་སྐྱོང་དང་།
བདག་གི་ཐག་པ་སྦྲག་གོ།
ལུང་ཆོས་སྡེ་སྣོད་འཚོ་གོས་ཆེད་དུ་སྦྱངས།
རིགས་ལམ་གཞུང་ལུགས་ལོག་པའི་ལམ་དུ་འགྲེལ།
རྣམ་རྒྱལ་ཁང་བཟང་པད་ཅིང་ཕོ་བྲང་དུ།
རྒྱལ་ཆེན་ཧུའི་ཅིང་ཐོ་ལ་སྤྱི་བོས་བཏུད།
གྲུ་འཛིན་མགོན་པོར་སྡང་བའི་མཆེ་སྡེར་བགྲད།
འོད་མཚན་མགོན་པོའི་དབུ་ལ་ར་གྲིས་བསྣུན།
རང་གི་ཕ་རྒན་གསོད་པའི་དགྲ་བོ་རྒྱ།
སྤྱི་བོའི་གཙུག་ཏུ་བཀུར་མཁས་ཁྲི་ཟུར་ལགས།
དགའ་ལྡན་ཁྲི་པས་རྒྱལ་མཚན་ནོར་བུ་བོད་མི་རིགས་གཅིག་པ་ཡིན་པའི་ཆ་ནས་ཁོ་རང་སྒེར་ལ་མཇལ་འཕྲད་གནང་བ་གཅིག་བུ་ཡིན་ན་སྐྱོན་མི་འདུག་ཀྱང་། རྒྱབ་ལྗོངས་ལ་ཆབ་སྲིད་དང་ལྷ་འདྲེ་གདོན་གེགས་འབྲེལ་བ་ཡོད་ན་ནོར་འཁྲུལ་ཚབས་ཆེན་རེད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
སྤྱིར་རྒྱལ་མཚན་ནོར་བུ་འདི་བྱིས་པ་སྣབས་ལུག་གཅིག་ལ་རང་དབང་སྤུ་ཙམ་མེད་པར་གུང་ཁྲན་ལྷ་མེད་སྨྲ་བ་རིང་ལུགས་པས་ཆབ་སྲིད་ལག་ཆར་བེད་སྤྱོད་བཏང་བ་མ་གཏོགས་ཁོ་རང་བོད་རིགས་གཅིག་ཡིན་པའི་ཆ་ནས་པཎ་ཆེན་སྐུ་གོང་མའི་ཡང་སྲིད་ཡིན་མིན་ལ་མི་ལྟོས་པར་གུས་ཞབས་ཡོད་ལ་ཆབ་སྲིད་ཀྱི་གཏམ་བརྗོད་འཁྲབ་སྟོན་ཐད་ཁོང་་རང་ཉིད་ལ་རང་དབང་མེད་པར་་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་འགའ་རེས་འདྲེ་ཤར་དང་གླུད་ནུབ་སྐྱེལ་ཞེས་པའི་དཔེ་ལྟར་ཁོང་ལ་དམའ་འབེབས་གཏོང་བ་ནི་མི་འོས་པ་རེད་ལ་ཁོང་ལ་ཐུགས་ཁག་ཅི་ཡོད། དེས་ན་བཙན་བྱོལ་ནང་ནས་མགོ་འདོགས་རིང་ལུགས་པའི་མགོ་གཉིས་མ་འདི་ཚོར་དོགས་ཟོན་ངེས་པར་དུ་བྱེད་དགོས།
ལ་རྒྱ་ཟབ་པའི་ལ་རྒྱའི་བདག་པོ་ལགས།
སྐྱུ་རྩིར་སྐྱུར་གྱིས་བསྟོད་པ་བཀའ་དྲིན་ཆེན།
།
མི་ལོ་བརྒྱ་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་དགའ་ལྡན་གསེར་ཁྲིའི་སྟེང་ལ་འཛེགས་ཚར་མཁན་ཞིག་ཡིན་ནས་བཟུང་སྟེ་མི་འདི་བོད་སྤྱི་པའི་མི་ཆགས་ཚར་བ་རེད། མི་འདིས་ཡག་པོ་བྱས་ན་བོད་སྤྱི་ལ་ཁེ་ཕན་ཡོད་པ་རེད། སྡུག་པོ་བྱས་ན་བོད་སྤྱི་ལ་གྱོང་གུད་ཡོང་བ་རེད། ཆབ་སྲིད་ལོ་རྒྱུས་ཀྱི་སྟེང་ནས་བལྟས་ན་དགའ་ལྡན་ཁྲི་བ་ཚོས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབ་བྱས་པ་དང་ཡོངས་འཛིན་བྱས་པའི་ལོ་་རྒྱུས་མང་པོ་འདུག བླ་རབས་ལོ་རྒྱུས་ཀྱི་སྟེང་ནས་བལྟས་ན་རྒྱལབ་རིན་པོ་ཆེའི་འཕྲོ་ནས་བོད་ཀྱི་ཆབ་སྲིད་དང་འབྲེལ་བ་ཆེ་ཤོས་ཀྱི་བླ་རབས་ཤིག་རེད། མི་ཁོ་རང་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་པང་དུ་ལོག་པ་ང་ཚོས་འགོག་ཐུབ་གི་མ་རེད། ཡིན་ན་ཡང་དགའ་ལྡན་ཁྲི་ཟུར་ཟེར་བའི་མིང་འདི་ཁོ་ལ་འབྱར་ཡོད་སྟབས་ང་ཚོ་ལ་ན་ཟུག་བཏང་སོང་། ངོ་ཡང་ཚ་སོང་། དགའ་ལྡན་ཕོ་བྲང་རྒྱལ་ཁའི་ངང་ནས་མཇུག་མ་དྲིལ་བའི་རྟགས་མཚན་ལྟ་བུ་ཞིག་ཀྱང་ཆགས་སོང་།
ཡ་ད་ཡིན་ན་དགེ་ལུགས་པའི་བླ་མའི་གཙོ་བོ་དགའ་ལྡན་ཁྲི་པའི་སྐེ་ལ་དགེ་ལུགས་པའི་སྲུང་མའི་གཙོ་བོ་རྡོར་རྗེ་ཤུགས་ལྡན་གྱིས་ཞགས་པ་བཀོན་ནས་རྒྱ་འདྲེ་འགོང་པོའི་ཕྱོགས་ལ་དབུགས་ཐེངས་གཅིག་གིས་འཐེན་སོང་ད།
བླ་མ་ཁྲེལ་མེད་དགའ་ཁྲི་ཟུར་པ་དེས།
སྲུང་མ་ཁྲེལ་མེད་དོལ་གྱི་རྒྱལ་པོ་བསྟེན།
རྒྱལ་ཁབ་ཁྲེལ་མེད་རྒྱ་དམར་སོགས་སུ་རྒྱུགས།
ཁྲེལ་མེད་གསུམ་གྱིས་རྒྱན་པའི་བླ་གཙོང་ཁྱོད།
ལར་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ལས། ༼ང་དེང་སང་ང་རང་གི་གདན་ས་ལ་འགྲོ་བའི་སྐབས་སུ་བདེ་སྲུང་ལས་ཁུངས་ནས་སྐུ་སྲུང་མང་དུ་གཏོང་དགོས་བྱུང་བ་དེ་ཧ་ཅང་ཐབས་སྐྱོ་བོ་རེད།༽ ཅེས་གསུངས་པ་ལྟར་དུ་དེང་སང་དགེ་ལུགས་པའི་ཁྲོད་དུ་སྤྱང་ཀི་ལུགས་པགས་ཅན་མང་པོ་ཡོད་པ་ནི་བཤད་མ་དགོས་པ་རེད། དེ་ལ་བསྟེན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་། གདན་ས་ཁག་ལ་ཕེབས་པའི་སྐབས་སུ་གློ་ཕྱིར་གཏན་བྲོད་ནང་གཏན་ཅན་ཞེས་ཟུར་ཟའི་ཚིག་མང་པོ་ཞིག་གསུངས་དགོས་བྱུང་ཡོད། ཨ་ཁ་དགེ་ལུགས་པའི་བླ་ཆེན་དེ་ཚོ་ལ་ཡིད་ཆེས་མེད་པ་མགོ་དགའ་ལྡན་ཁྲི་པས་དཔེ་བསྟན་པ་རེད། ད་དུང་གདན་ས་ཁག་ཏུ་ཕྱི་ཚུལ་དུ་༧གོང་ས་མཆོག་ལ་དད་པ་ཡོད་མདོག་དང་བོད་གཞུང་ལ་གཙི་བཀུར་ཡོད་མདོག་བསྟན་ནས་ཞུམ་ཞུམ་དུ་འགྲོ་མཁན་དགེ་བཤེས་དང་བླ་མ་མཁན་པོ་སོགས་མང་པོ་ཞིག་དེང་སང་འགྲོ་ས་དང་འགྲོ་ཁུང་བཙལ་ན་མང་པོ་ཞིག་ལ་ཐེ་ཚོམ་མི་ཟ་ཀ་མེད་རེད། ད་ནི་ར་ཚང་ནང་ལ་གཟིག་དང་། སྨན་ཁུག་ནང་གི་དུག་ནང་བཞིན་བོད་པའི་ཞབས་འདྲེན་པ་དེ་ཚོ་གང་དྲག
ད་རིང་པོ་མི་ཐོགས་པ་རྣམ་གྲྭའི་མཁན་ཟུར་ལྡན་མ་བློ་ཆོས་ཡང་འགྲོ་རིན་ཡོད་རྒྱུ་རེད་ད་ དགའ་ལྡན་ཁྲི་ཟུར་དང་ལྡན་མ་བློ་ཆོས་གཉིས་ཐེའུ་ཝན་སྐུ་ཚབ་དོན་གཅོད་གི་འགྲོ་ན་ཡག་པོ་མེད་ཚུལ་ཞུས་ན་ཡང་ ཁོང་རྣམ་གཉིས་ ཐེ་ཝན་ཤུག་ལྡན་ཆོས་ཚོགས་ནང་འགྲོ་དུས་སྔ་ཕྱི་ཁྱད་ཆེན་པོ་མེད་གི ལྡན་མ་བློ་ཆོས་ཡང་ཁ་ནང་བརྟན་དང་གྲོད་པ་ཕྱི་སྟན་མིན་པ་སུའི་བཤད་ཐུབ
ཡ་དྲ་གྲོགས་གཡུ་ལྷ་ལགས། ཁྱེད་རང་ནས་འདན་མ་བློ་ཆོས་ལ་དོགས་པ་ཟ་བ་ལ་ཁག་གཏན་ནས་མེད། ངས་བསམ་ན་བློ་ཆོས་རིན་པོ་ཆེ་རང་ལ་ཤུགས་དྲི་བྲོ་ཨི་ཡོད་ན་བསམ་གི ཡིན་ནའང་བློ་ཆོས་རིན་པོ་ཆེའི་སློབ་མ་ཡིན་ཟེར་མཁན་བླ་མ་དགེ་བཤེས་མང་པོ་ཞིག་ལ་ང་ཡིད་ཆེས་གཏན་ནས་མེད། གང་ལྟར་དགེ་ལུགས་པའི་བླ་མ་བསྟེན་སྟངས་དང་སྲུང་མ་བསྟེན་སྟངས་གཉིས་མགོ་མཇུག་ལོགས་པ་རེད། ཨ་ཁ་མི་ཚེ་གང་པོར་ཐ་སྙད་མུ་བཞི་བརྩི་གཏང་ཞིག་ལ་མགོ་བོ་འཁོར་ཞིང་ཚེ་སྨད་སྨོན་ལམ་ལོག་པའི་དམ་སྲི་ཞིག་དང་། བཀའ་དྲིན་སུམ་ལྡན་གྱི་རང་གི་རྩ་བའི་བླ་མ་གཉིས་གསེར་དང་བོང་བའི་གདམས་ག་ནོར་ཞིང་། ཤི་མ་ཐག་པ་ནས་ཐུགས་དམ་ལ་བཞུགས་རྒྱུ་ཕར་ཞོག་དགེ་སེམས་སྐད་གཅིག་ཙམ་ཡང་སྐྱེ་ལོང་མེད་པར་དབུགས་ཀྱི་ངར་སྒྲ་དང་སུག་བཞིའི་གཡབ་མོ་བྱེད་ནས་དམ་སྲི་དེ་ཡི་འཁོར་ལ་སྐྱེ་བ་འདི་ཚོ་སྙིང་རེ་རྗེ།
བོད་རྒྱ་ཞི་མོལ་སྐོར་རྒྱ་གཞུང་གིས་བཤད་ན་ག་དུས་ཡིན་ཡང་སྒོ་ཕྱེ་བཞག་ཡོད་ཟེར་གི་ཡོད་པ་རེད། ང་ཚོས་བཤད་ན་ག་དུས་ཡིན་ཡང་སྒོ་བརྒྱབ་བཞག་ཟེར་གི་ཡོད་པ་རེད། དོན་ངོ་མས་བོད་རྒྱ་ཞི་མོལ་གྱི་ལམ་ཁ་ནི་རྒྱ་གཞུང་ལ་རག་ལས་པ་ཞིག་ཡིན་མིན་ཡང་བཤད་དཀའ། བོད་རྒྱ་ཞི་མོལ་ལ་འགལ་རྐྱེན་རི་ལྟར་འཛིངས་ཤིང་མཐུན་རྐྱེན་ཧ་ཅང་ཉུང་གི། པཎ་ཆེན་བླ་མ་དང་དགའ་ལྡན་ཁྲི་བ་དེ་ཚོ་བོད་རྒྱ་ཞི་མོལ་གྱི་མཐུན་པའི་རྐྱེན་ལ་འགྲོ་རྒྱུ་ན་ད་རུང་རེ་བ་རྒྱག་ས་ཞིག་འདུག །ཡིན་ན་ཡང་ཁོང་ཚོ་ཁག་པོ་རེད། གང་ཡིན་ཟེར་ན། ཁོང་ཚོས་རྒྱ་ནག་གི་འདོད་བློ་དང་བསྟུན་ནས་བྱེད་དགོས་པ་རེད། གོ་ཐོས་ལ་དགའ་ལྡན་ཁྲི་བ་དེས་རིང་མིན་ཁམས་ཕྱོགས་སུ་དུས་འཁོར་དབང་ཆེན་གནང་འཆར་ཡོད་འདུག་ཟེར། བདེན་མིན་མི་ཤེས།
ངས་བལྟས་ན་ཚང་མ་ཧང་སངས་དགོས་དོན་མི་འདུག རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་གཞུང་གི་རྩ་ཁྲིམས་འོག་ཏུ་འགྲོ་སྟངས་འདི་ལས་ལྷག་ཡོད་པ་མ་རེད། དེ་བས། མ་འགྲིག་པ་བྱུང་གི་ཡོད་ན། འགོ་ནས་ལས་སྟངས་མ་འགྲིག་པ་རེད་མ་གཏོགས་གཞན་ཡོད་པ་མ་རེད།
ད་དེ་ཟེར་དུས། ལྷ་སྡེ་གནམ་ལོ་ཡག་གིས་མགོ་༧ཏཱ་ལའི་བླ་མ་མཆོག་ནས་འགྲིག་མི་འདུག་ཟེར་གྱི་ཡོད་པ་རེད་པཱ།
དྲ་གྲོགས་རྣམས་ཀྱི་རྒྱལ་གཅེས་ཀྱི་བསམ་བློའི་ལངས་ཕྱོགས་དང་ལྟ་བ་ལ་གུས་པས་ཡི་རངས་དང་བསྔགས་བརྗོད་ཞུ་རྒྱུ་ཡིན།ད་དུང་ང་ཚོས་དགའ་ཁྲི་ཟུར་པ་ཁོ་རྐུན་མ་རེད།ཇགས་པ་རེད།གདོན་འདྲེ་རེད།བླ་ཚོང་རེད་ཅེས་པ་ཙམ་མ་ཡིན་པར་ཁོ་པའི་རྒྱབ་ལྗོངས་ཀྱི་གནས་ཚུལ་ངོ་མ་རྔོག་འདོན་མང་ཙམ་བྱ་རྒྱུ་གལ་ཆེན་ནང་གི་དོན་ཆེན་རེད།དཔེར་ན།
༡༽ཁོ་པའི་འདས་པའི་ལོ་རྒྱུས་ནང་དེ་མིན་རྒྱ་གཞུང་དང་འབྲེལ་བ་གང་འདྲ་བྱུང་མེད་དང་།
༢༽ཁོ་པ་རྒྱ་ནག་ལ་དུས་ནམ་ཞིག་སོང་ཚུལ།
༣༽ས་ཆ་གང་གང་དུ་ཕྱིན་པ་དང་མི་སྣ་སུ་སུ་ཐུག་འཕྲད་བྱས་ཚུལ།
༤༽དེ་བསྟུན་བོད་ནང་ཕྱིན་ཡོད་མེད་དང་ཕྱིན་ན་དེ་ཁུལ་བྱ་སྤྱོད་དང་གཏམ་བརྗོད་ཇི་སྤེལ།
༥༽རོགས་ཟླ་སུ་སུ་ཡོད་མེད།
༦༽འགྲོ་སྐབས་བོད་གཞུང་དང་འབྲེལ་ཡོད་གདན་སའི་མཁན་བླར་འབྲེལ་བ་ཡོད་མེད།
༧༽རྒྱ་ནག་ཏུ་དུས་ཇི་ཙམ་བསྡད་ཡོད་མེད་དང་དེ་ཁུལ་ཆོས་སྲིད་ཀྱི་བྱ་བ་ཇི་ལྟར་བྱས་ཚུལ།
༨༽རྒྱུན་གཏན་ནས་ཁོ་པའི་ཆོས་ཚོགས་དང་རྒྱ་གཞུང་དོན་གཅོད་བར་འབྲེལ་ལམ་ཇི་འདྲ་ཡོད་མེད།
༩༽ཁོ་པས་རྒྱུན་གཏན་ནས་བོད་གཞུང་དང་༧གོང་ས་མཆོག་ལ་བརྩི་མཐོང་ཇི་ཙམ་བྱེད་ཀྱི་ཡོད་མེད།
༡༠༽རྒྱ་ནག་ཏུ་རྒྱ་གཞུང་གིས་སྣེ་ལེན་དང་མཐུན་རྐྱེན་ཇི་ལྟར་སྦྱོར་ཚུལ།
༡༡༽ཁོ་པས་པཎ་ཆེན་བརྫུན་མ་དང་ཐུག་འཕྲད་བྱས་པ་དེས་བོད་ཀྱི་ལོ་རྒྱུས་དང་།ཆབ་སྲིད།ཆོས།མི་རིགས་ཀྱི་ལ་ཞེན་བཅས་ཀྱི་ཐད་ནས་གླེང་ན་ངོ་བོ་གང་འདྲ་ཞིག་ཡིན་མིན་བཅས་ཀྱི་གནད་དོན་ཐོག་མང་ཙམ་གླེང་ན་ཁོ་བླ་ཚོང་རེད།སྨྱོན་པ་རེད།གདོན་འདྲེ་རེད་ཅེས་སོགས་བརྒྱ་ཕྲག་བརྗོད་པ་ལས་ལྷག་པ་ཡོད།
༡༢༽དྲ་གྲོགས་ yum ཞེས་པས་ཁྲི་ཟུར་ལུང་རྣམ་ལ་དག་འབུད་བྱས་ཁུལ་གྱི་མགོ་མཇུག་མེད་པའི་མཆན་དམ་དུམ་རེ་བྲིས་འདུག་པས་གལ་ཏེ་ཁྱོད་ལ་དག་འབུད་བྱ་རྒྱུའི་གནས་ལུགས་དང་རྒྱུ་མཚན་ཡོད་ན་རྒྱས་ཙམ་བྲིས་དང་།ད་ནི་འབྲི་རྒྱུ་ཡོད་ན་འབྲི་རན་རེད།མེད་ན་དགུན་གྱི་ཁུ་བྱུག་བཞི་ཁ་རོགས་བསྡད་ན་ལེགས།
༡༣༽དེ་མིན་ཁྲི་ཟུར་ལུང་རྣམས་ཕྱོགས་ཀྱི་མི་སྣས་གནས་ལུགས་རྒྱུ་མཚན་བརྗོད་རྒྱུ་ཡོད་ན་བརྗོད་རན་རེད།
༡༤༽བེ་རེ་འཇིགས་མེད་དབང་རྒྱལ་སོགས་ཁྲི་ཟུར་ལུང་རྣམ་གྱི་ལོ་རྒྱུས་བྲིས་མྱོང་མཁན་རྣམས་ཀྱིས་དེང་དྲ་རྒྱའི་ནང་གླེང་སློང་ཆེ་ཤོས་སུ་གྱུར་བའི་གནད་དོན་འདིར་མ་གོ་མ་ཐོས་པའི་ངང་ཚུལ་དུ་མ་བསྡད་པར་གནས་ཚུལ་འདིར་གསལ་བཤད་དམ་ཐེ་བྱུས་བྱེད་པའི་འོས་བབ་ཡོད།
དྲ་གྲོགས་ལྷ་སྡེ་གནམ་ལོ་ཡག་ལགས།
ཉིད་ཀྱིས་(དེ་བས། མ་འགྲིག་པ་བྱུང་གི་ཡོད་ན། འགོ་ནས་ལས་སྟངས་མ་འགྲིག་པ་རེད་མ་གཏོགས་གཞན་ཡོད་པ་མ་རེད་)ཅེས་གོ་རྒྱུ་དང་ཟུར་ས་ཅན་གྱི་ཚིག་དུམ་ཞིག་བྲིས་པའི་༼འགོ་༽ཞེས་པའི་འགོ་དེ་གང་ཟག་སུ་ལ་ཟེར་རམ་གསལ་ཙམ་བརྗོད་དང་།འབྲི་སྤོབས་ཡོད་ན་རྒྱས་ཙམ་བྲིས་དང་།
ཀྱེ་མ་ཀྱེ་ཧུད། ལྷོ་སྤྲིན་བྱང་ལ་མ་སོང་ན། །གངས་ཐན་འབབ་དོན་ཅི་ལ་ཡོད། །རྒྱ་པན་ཐུག་འཕྲད་མ་བྱས་ན། །དགེ་ལྡན་ཁྲི་བ་དམོད་དོན་མེད། །དེས་ན་མཁས་དབང་ལྷ་གནམ་དང་། །བེ་འཇིགས་དགེ་མཐོང་དགེ་བཤེས་སོགས། །གསུང་ཞིག་གནང་ན་མི་ལེགས་སམ། །དགེ་ལུགས་སྡིག་ལུགས་ཤན་འབྱེད་དེ། །བདེན་དྲང་ལམ་ནས་གསུང་བར་མཁྱེན། །བཀའ་གདམས་རྒྱལ་བའི་བསྟན་པ་ལ། །ཁ་མིན་སྙིང་རྩ་དཀར་པོའི་བུ། །དགྱེས་པ་རྡོ་རྗེས་དེ་སྐད་ཐལ། །མ་གོ་མ་རིག་མ་གསུངས་ལེགས། ། ཤྲྰིས་སོ།
གནས་ལུགས་དང་རྒྱུ་མཚན་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ཤར་རྩེ་ནོར་གླིང་གྲྭ་ཚང་དྲ་རྒྱ་ཡོད།
His Holiness the 101st Gaden Trisur, Jetsun Lungrik Namgyal
http://www.gadenshartse.net/Gurus%20%5BTeachers%5D.html
དཔལ་དགྱེས་པ་རྡོ་རྗེ་ལགས། མི་ལ་བཤད་ཡ་དང་པོ་མཚམས་བཞག་ནས་རང་ངོས་མེ་ལོང་མདུན་དུ་བཞག་ནས། ༧གོང་ས་སྐྱབས་མགོན་རིན་པོ་ཆེས་བཀའ་མོལ་དེ་གཅིག་གཟིགས།
“ ཉེ་ཆར་ངོས་རང་ཕྱི་རྒྱལ་དུ་སྐྱོད་སྐབས་བོད་པའི་གྲྭ་ཆས་གྱོན་མཁན་ཕྱི་རྒྱལ་ཁྱོ་ག་ཞིག་དང་སྐྱེས་དམན་ཞིག་འདུག གོ་ཐོས་ལྟར་ན། ཁོང་གཉིས་བཟའ་ཚང་རེད་ཟེར་གྱི་འདུག ཁྱོ་ག་དང་སྐྱེས་དམན་གཉིས་ཀྱིས་གྲྭ་ཆས་གྱོན་བསྡད་ན་ཡག་པོ་མི་འདུག དེ་བཞིན། ཟླ་ཤས་གོང་ངོས་ཀྱིས་གསར་འབྱོར་བ་ཁག་ཅིག་ལ་ཐུག་འཕྲད་བྱས་སྐབས། ཕོ་གསར་ཞིག་གིས་སྐྲ་རིང་པོ་བཞག་སྟེ་གྲྭ་ཆས་གྱོན་འདུག་ལ། སྟོད་འགག་ཀྱང་སེར་པོ་ཞིག་གྱོན་འདུག ངས་ཁྱེད་རང་གྲྭ་བ་ཡིན་ནམ་མི་སྐྱ་ཡིན་ཞེས་དྲིས་པ་ཡིན། ཁྱེད་རང་མི་སྐྱ་ཡིན་ན་གྲྭ་ཆས་འཕུད་དགོས་པ་རེད། སྔགས་འཆང་ཡིན་ན་གོས་དཀར་ལྕང་ལོའི་སྡེ་ལྟར་འགྲོ་དགོས་པ་རེད། གྲྭ་བ་ཡིན་ན་སྐྲ་གཅོད་དགོས་པ་རེད་ཅེས་བཤད་པ་ཡིན། ”
གཞིས་ནས་སྐད་ཆ་་འགོ་འཛུགས་ན་འགྲིགས་ས་རེད།
དྲ་གྲོགས་རྣམས་ཁ་བྱང་འདི་ལ་གཟིགས་དཔར་མང་པོ་འདུགwww.nagbausa.org
འགོ་ལ་སྡོད་མཁན་ཚོས་གསུངས་པའི་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་འགྲོ་སྟངས་དེ། བླ་རྒན་འདིས་རྒྱ་ནག་ལ་ཁ་གཏོད་དང་འདྲ་ཡི་ཡོད་ཟེར་མཁན་འདི་ཚོས་བསམ་བློ་བཏང་ནས་སྐད་ཆ་བཤད་ན་ཡག་པོ་འདུག
ཟུར་དང་སུལ་ཡོད་ཚད་ནས། ༸རྒྱལ་བ་རིན་པོ་ཆེར་ངན་སྨོད་བྱེད་རྒྱུ་འདི་ཡག་པོ་མ་རེད།
ད་དུང་སུད་སི་དང་བལ་ཡུལ་སོགས་ན་རྒྱ་ནག་གཞུང་ཚབས་ཀྱི་གསོལ་བསྟོན་ལ་འགྲོ་མཁན་དང་རྒྱ་གཞུང་ལ་འབྲེལ་བ་ཉེ་པོ་ཅན་མང་དག་ཅིག་ཡོད་པས་ཁོ་ཚོ་ལ་ངེས་པར་དུ་རྒོལ་གཏམ་ཚ་ནན་གཏོང་དགོས།
ཡ་ད་ཡིན་ན་ཞར་དང་ཞོར་ལ་ལྟས་མོ་ཇེ་ཆེ་རེད། ཁ་བའི་རྡུལ་བརྩེགས་ནས་དགྱེས་རྡོར་ལ་གཟེར་མིག་སྟེང་དུ་མེ་བཙའ་ཞིག་བཞག་སོང་ད། ལར་ནི་མཇན་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་གསུངས་དེ་ཅིས་མི་བདེན།
རང་སྐྱོན་རི་བོ་ཙམ་ཡང་ཁོངས་སུ་སྦས།
གཞན་སྐྱོན་ཏིལ་འབྲུ་ཙམ་ཡང་བསྒྲོགས་ཤིང་སྨོད།
གསུངས་པ་ལྟར་དགྱེས་རྡོར་ཁོ་རང་འདས་པའི་ལོ་ཤས་རིང་རྒྱ་གར་བལ་ཡུལ་མ་ལེ་ཤ་སེངྒ་པུར་དེ་ནས་རིམ་བཞིན་ཨ་རི་སོགས་སོང་རྗེས་ལ་བལྟས་ན་དེང་སང་ཞབས་འདྲེན་པ་དགའ་ལྡན་ཁྲི་ཟུར་འདི་ཡི་ཁྲི་ཚབས་ཕལ་ཆེར་བྱས་ཡོད་རྒྱུ་རེད་ད།
ལགས་སོ། ཁ་རྡུལ་དང་ཀརྨ་ཡེ་ཤེས་ལགས། ཡག་པོ་གསུངས་སོང་། ཀརྨས་གོ་སྐབས་ཡག་པོ་འཚོ་ཡོད་སྙམ་སོང་ངམ། ༧གོང་ས་མཆོག་གི་གསུངས་ས་དེ་སུ་ཞིག་ལ་ཕོག་གམ་ཀརྨ་པ་ལའམ་དགེ་ཁྲི་ལ་ཡིན་ནམ། གཙོ་བོས་ཆད་པར་གཉིས་ལོག་ཟེར་བ་ནང་བཞིན་ས་སྐྱ་སང་གི་སྐྲ་བཅད། དགེ་ཁྲི་སོང་གི་གོས་ཕུད། ཀརྨ་སང་གི་ནག་སྐྱིན་སོབས་། རྫུན་གཏམ་དེ་ཚོ་བར་མཚམས་འཇོག་པར་གྱིས་དང་། བོད་རིགས་གཞན་དག་ཚོས་ཀྱང་དེ་ལུགས་གནང་གི་རེད། ང་ཚོ་བོད་བརྒྱུད་ནང་བསྟན་ལ་འཛིན་སྐྱོང་སྤེལ་བའི་དམངས་གཙོ་ཡིན་པའི་ཕྱིར། ཉམ་ཆུང་ང་ཡིས་རྟགས་ཙམ་གང་དུ་བསྒྱུར་ཀྱང་ལས་ཤིན་ཏུ་སླའོ། །དེ་མིན་གཞི་མེད་ཀྱི་སྒྲོ་འདོགས་ཚོ་ནི་བསམ་ནག་ལས་ངན་རང་ལ་འཁོར་བར་འགྱུར་བས་མི་འགྱིང་བར་འཛམ་གླིང་ལས་ཀྱི་ས་བ་ཡིན་པས་བག་ཡོད་པར་མཛོད་ཅིག །ངས་བཤད་པ་འདི་དག་ལྷག་བསམ་རྣམ་དག་གིས་ཁྱེད་ཚོ་ལ་ཕན་སེམས་གྱི་ཁ་ཏ་ལས་ཞེ་འཁོན་ངན་པའི་བབ་ཅོལ་མིན་པར་སྔོན་དངོས་རྗེས་ལ་བརྟག་པར་མཛོད་ཅིག ། ཨོ་ཞུ་དགོས་པ་གཅིག་ལ་དགྱེས་རྡོར་ཟེར་བ་ཞིག་གིས་ཉེས་པ་ངོས་འཐུང་བྱས་ཁུལ་གྱི་མཚར་གཏམ་མམ་ཀླད་ཆུང་དབང་རྩ་ལ་སྐྱོན་ཤོར་བ་དག་ནི་བདག་མིན་པར་ཁ་བརྡ་དྲ་བས་ཀྱང་ངེས་པར་ཤེས་པས་བདེན་དང་ལུང་བ་ཕུ་ཐག་རིང་ཟེར་དེ་ཡིན་ནོ། ། གཙོ་བོ་སྐྱོན་དེ་ཚང་མ་༧གོང་ས་མཆོག་གི་སྟེང་ལ་མ་གཡོགས་ལོ། ཀརྨའི་མཚན་དང་ཁ་བའི་མིང་ཅན་ཚོ། ༧གོང་ས་མཆོག་སྐུ་ན་མཐོན་པོ་འདི་འདྲར་ཕེབས་ཚར་དུས་ང་ཚོའི་བསམ་པ་ཅི་འདྲ་དང་བསྟན་འགྲོར་ཕན་བདེ་ལ་ཐབས་ཤེས་ཅི་འདྲ་དགོས་ངེས་པར་དུ་ཤོད་དགོས། ཁྱོད་ཚོ་ལ་དགོས་མཁོ་རེ་ཡོད་ན་སྐྱོན་ཚོང་མ་ངའི་མིང་ཐོག་ལ་བཀོད་དང་མི་འགྲིགས་རྒྱུ་མེད། རང་ངོས་ནས་དཀོན་མཆོག་དང་ལས་འབྲས་ཡོད་པའི་མི་བུ་དྲང་སྲོང་ལྷ་ལྟ་བུ་ཞིག་ཡིན་པས་ངོ་ཚ་དགོས་པ་ཅི་ཡང་མེད་པས་ཁྱོད་ཚོས་གང་དགའ་ཤོད་། ཅི་འདོད་སྨོད་དོ། ། དགེ་ཁྲིས་ད་རིས་རང་སྣང་ལོག་ལམ་དུ་སོང་བ་འདི་དག་༧གོང་ས་མཆོག་ལ་དངོས་སུ་རྒྱབ་འགལ་དུ་བྱས་ནས་འབྲེལ་བ་བྱས་པ་རེད། བསྟན་པའི་སྤྱིའི་ཆག་སྒོ་རེད། རེད་ཡ། སྔོན་ཀརྨ་པ་རྒྱ་པན་ལ་ཐུག་མྱོང་ཡོད། མ་ཚད་ཕྱག་ཀྱང་འཚལ་མ་མྱོང་ངམ། ཧ ཧ འབྱུང་འགྱུར་ནང་བརྒྱུད་གྲུབ་མཐའ་འཛིན་པ་ཚོས་རང་ཚུགས་མ་ཐུབ་ན་རང་ཆོས་ཤོར་ནི་རེད་ཡ། མདོར་ན་གངས་ཅན་པའི་བདེ་སྐྱིད་དང་བསྟན་འགྲོ་ལ་ཕན་བདེ་བསམ་པ་ཞིག་ཡིན་ནས་བཟུང་དོལ་འདྲེ་ལ་ངོ་བསྟོད་དང་ལྐོག་དགའ་བྱས་ན་མ་འོངས་གངས་ཅན་པ་ཞེས་པ་མིང་གི་ལྷག་མ་ཙམ་དུ་འགྱུར་བ་ཡིན་པས་བོད་རིགས་ཀུན་གྱིས་གཟབ་ན་མི་ལེགས་སམ། གོང་དུ་ནགས་ཀྱི་སེངྒེའི་ལུང་བསྟན་པ་བཞིན་འགྱུར་ཉེན་ཆེ་བས་རྐྱེན་མ་ཡོང་གོང་གི་བཟློག་པ། ཆུ་མ་ཡོང་གི་ཆུ་རགས་དེ་དགེ་ལྡན་བསྟན་འཛིན་ཡོངས་ཀྱི་ལས་འགན་རེད། དྲང་པོ་བཤད་ན་དགེ་ལྡན་ནང་ཀྱང་༧གོང་ས་མཆོག་ཁེར་རྐྱང་མ་གཏོགས་ཇུས་དོགས་མི་དགོས་པ་ཞིག་གཏན་ནས་མ་རེད། སེ་འབྲས་དགའ་གསུམ་ལགས། ཁྱེད་ཚོས་དྲེགས་པ་རང་རྒྱུད་པའི་འཁོར་དུ་སྐྱེ་བར་འདོད་དམ། དགའ་ལྡན་ཡིད་དགའ་འཛིན་ནམ། རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་གང་སྒྲུབ་འདོད་རང་ལག་མིན་ནམ། ༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོས། ངས་ནི་ཁྱོད་ལ་ཐར་པའི་ཐབས་སྟོན་གྱི། །ཐར་པ་རང་ལ་རེག་ལས་ཤེས་པར་མཛོད། ཅེས་སོ། དེ་ཙམ་ཡིན།
རྒྱལ་མཚན་ནོར་བུ་ལགས་ལ་སེམས་སྟིང་ནས་ཡིད་ཆེས་ཡོད། ཁོང་གི་ང་ཚོ་བོད་མི་དམངས་ཀྱི་
རེ་བ་ཞིག་བསྒྲུབ་ངེས་རེད།
ཤི་ཁའི་བླ་རྒན་དེས་དགའ་ཁྲིའི་མིང་ཁུར་ནས་རྒྱ་དམར་ལས་སློང་མོ་བྱེད་ཀྱི་ཡོད་ཚོད།
དེ་མིན་ཁོང་གི་མིང་འདིར་དགའ་ལྡན་པ་སུ་ཞིག་གིས་དད་པ་བྱེད་སྲིད།
ངོ་མ་མི་ཚེར་སྙིང་པོ་མེད་པ་རེད།
དཔལ་དགྱེས་པ་རྡོ་རྗེའམ་དཔལ་རྡོར་ལགས། སྐུ་ཉིད་ངོ་དེབ་ནང་དུ་khenchen lama ཞེས་ནས་མིང་ཆེན་ཞིག་ཁྱེར། གོས་ངུར་སྨྲིག་ཅིག་གྱོན་ནས་སྐྲ་རིང་བཞག་པ་དེ་༧གོང་ས་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་”དེ་བཞིན། ཟླ་ཤས་གོང་ངོས་ཀྱིས་གསར་འབྱོར་བ་ཁག་ཅིག་ལ་ཐུག་འཕྲད་བྱས་སྐབས། ཕོ་གསར་ཞིག་གིས་སྐྲ་རིང་པོ་བཞག་སྟེ་གྲྭ་ཆས་གྱོན་འདུག་ལ། སྟོད་འགག་ཀྱང་སེར་པོ་ཞིག་གྱོན་འདུག ངས་ཁྱེད་རང་གྲྭ་བ་ཡིན་ནམ་མི་སྐྱ་ཡིན་ཞེས་དྲིས་པ་ཡིན། ཁྱེད་རང་མི་སྐྱ་ཡིན་ན་གྲྭ་ཆས་འཕུད་དགོས་པ་རེད། སྔགས་འཆང་ཡིན་ན་གོས་དཀར་ལྕང་ལོའི་སྡེ་ལྟར་འགྲོ་དགོས་པ་རེད། གྲྭ་བ་ཡིན་ན་སྐྲ་གཅོད་དགོས་པ་རེད་ཅེས་བཤད་པ་ཡིན། ”
ཞེས་པ་གཅིག་མཚུངས་རེད་མི་འདུག་གམ། གཅིག་གཟིགས་རོགས། http://www.facebook.com/profile.php?id=100000455764759&sk=photos
ྱངས་བསམ་ཚུལ་ནི་དགའ་ཁྲི་བས་༧གོང་ས་སྐྱབས་མགོན་ཆེན་པོ་དང་མི་རིགས་ཀྱི་ལ་རྒྱ་འགལ་ནས་མི་ངོས་སྲུང་ཀ་འགྲོ་རེད། ཁྱོད་རང་ནི་རང་ཉིད་ལྟོ་གོས་དང་སྙན་གྲགས་ཆེད་དུ་སངས་རྒྱས་ལ་མགོ་བསྐོར་གཏོང་བཞིན་ཡོད་རེད། ད་དུང་ངས་གོ་ཐོས་ལ་སྐུ་ཉིད་ནས་དབྱིན་ཇེ་བུ་མོ་ཞིག་མཁའ་འགྲོ་མ་ལུང་སྟོན་བྱེད་རབས་དང་སྐུ་ཉིད་མཉམ་དུ་ལུས་འབྲེལ་བྱེད་ན་མ་འོངས་པ་སངས་རྒྱས་བསྟན་པ་ཡར་ངོ་ཟླ་བ་བཞིན་འཕེལ་བའི་སྐད་ཆ་་ཧམ་བཤད་འགའ་བྱས་འདུག་པས། དགའ་ལྡན་ཁྲི་བ་དང་སྐུ་ཉིད་ལངས་ཕྱོགས་ཁ་ཁ་ཞིག་རེད་མ་གཏོགས་སེམས་པའི་སྤྱོད་ཚུལ་གཅིག་མཚུངས་རེད་བསམ་འདུག
བཀྲ་ཤིས་བདེ་ལེགས།།
ཁ་བ་གངས་ཅན་པའི་བོད་རིགས་རྣམ་པ་ཁྱོད་ཚོ། ཁྱེད་རྣམ་པས་གཟིགས་དང་།
མཁན་ཆེན་བླ་མ་རིན་པོ་ཆེ་དཔལ་དགྱེས་པ་རྡོ་རྗེའི་མཛད་པའི་ཆ་ཤས་དག་འདི་ན་ཡོད།
http://khenchenlama.blogspot.com/2011/05/happy-birthday-khenchen-lama-rinpoche.html
ཁ་བའི་རྡུལ་བརྩེགས་ཡིན་ན་ཁྱེད་ཚོ་ལ་ངོ་མས་དྲང་བདེན་ཟེར་བ་ཞིག་མི་འདུག མི་ཞིག་ཡིན་ཕྱིན་གཤིས་རྒྱུད་ལ་དྲང་བདེན་གྱི་དྲི་མ་ཙམ་ཞིག་མ་བྲོ་ན་ཕ་མ་ཚུན་ཆད་ཀྱི་རྐང་འདྲེན་རེད། མཁན་ཆེན་བླ་མ་གྲྭ་བ་ཡིན་མིན་དང་། ཁོང་ལ་ཡུམ་ཡོད་མིན་མི་ཤེས། དབུ་སྐྲ་རིང་པོ་ཡོད་པ་དང་མཚམས་ལན་རེ་གྲྭ་ཆས་གྱོན་ཡོད་པ་དངོས་ཡོད་རེད། འོན་ཀྱང་དེ་སྐྱོན་ཡིན་ན་དང་པོ་མཁན་ཆེན་བླ་མ་ལ་ཞུ་རྒྱུ་མ་རེད། སྨིན་གླིང་ཁྲི་ཆེན་ལ་ཞུས། ཏིལ་མགོ་མཁྱེན་བརྩེ་ལ་ཞུས། ས་སྐྱ་ཁྲི་ཆེན་ལ་ཞུས། ཨ་དབྱངས་རིན་པོ་ཆེ་ལ་ཞུས། མགར་ཆེན་རིན་པོ་ཆེ་ལ་ཞུས། འབྲི་གུང་ཆེ་ཚང་ལ་ཞུས། ས་སྐུ་ཕུན་ཚོགས་ཕོ་བྲང་ལ་ཞུས། དེ་ཚོ་ཆོས་བརྒྱུད་རེ་རེའི་དབུ་ཁྲིད་ཡིན་ཟེར་གྱི་འདུག་ག དེ་ཚོས་གྲྭ་ཆས་གྱོན་འདུག གྲྭ་ཆས་ཙམ་མ་ཟད་སྣམ་སྦྱར་ཡང་གྱོན་འདུག རྒན་མོ་ཁྲིད་འདུག མང་ཆེ་བས་ཕྲུ་གུ་བཟོས་འདུག དེ་ཚོ་སྐྱོན་ཡིན་ན་བོད་པ་ཚང་གི་སྔོན་ལས་རེད། དེ་ཚོ་སྐྱོན་མིན་ན་མི་ཞིག་ཡིན་རུང་གཅིག་པ་རེད། ད་དུང་། རབ་བྱུང་ཆས་རྫོགས་ཆོས་གོས་ཧ་རི་དམར།། འཁོར་ལོའི་སྒྱུར་རྒྱལ་ཆས་རྫོགས་ཟབ་བེར་གསོལ།། ཟེར་བ་དེ་འདྲ་ཡང་ཡོད་པས་ཆོས་བརྒྱུད་ཀྱི་སྙིང་ནད་རེ་རྩོད་ཀྱི་ཡོད་ན་མ་གཏོགས་མང་པོ་མ་ལབ་ན་ཡག་གི་རེད། ད་དུང་སྐྱབས་འགྲོའི་བསླབ་བླ་ཙམ་ཡང་མེད་པའི་དགའ་ལྡན་ཁྲི་པ་དེས་ཀྱང་གྲྭ་ཆས་གྱོན་འདུག ཞབས་འདྲེན་ཟེར་ན་ཞབས་འདྲེན་ངོ་མ་འདི་ཚོ་རེད་ཡ། ཁྱོད་ཚོས་ཐོག་མར་མགོ་ཆེ་ས་ནས་མར་གཙང་མ་བཟོ་དགོས་པ་འདྲ།
རྒྱལ་མཚན་ནོར་བུ་པཎ་ཆེན་བླ་མའི་ཁྲི་ཐོག་ཏུ་བཞུགས་ཏེ་བོད་འབངས་ཚོར་བཀའ་ཆོས་གསུང་། དགའ་ལྡན་ཁྲི་ཟུར་རྒྱལ་མཚན་ནོར་བུ་དང་མཇལ་ཁ་མཛད། འོ་ཡ་ད་མི་ཞུ། དོལ་རྒྱལ་དང་དངོས་ཤུགས་རྒྱུད་གསུམ་གྱིས་འབྲེལ་བ་ཡོད་མེད་ལ་བརྟག་ན་རི་བོ་དགེ་ལྡན་པའི་བླ་རྒན་དབུ་དཀར་ཕལ་ཆེར་གྱི་ཡོངས་འཛིན་ཁྲི་འཆང་དང་འབྲེལ་བ་མ་བྱས་པ་དཀོན། དེ་དག་ངོ་མ་སྐྱོ་བོ་འདུག ང་ཚོ་བོད་པ་ཚོ་དེ་དུང་གདོང་འདྲེ་ལ་ཞེ་སྣང་བྱས་ཏེ་བཞུགས་ན་བློ་ཕམ། སོ་སོས་ཐག་གཅོག་དགོས་རྒྱལ་དབང་བཅུ་བཞི་པ་འདྲ་བོ་དགོས་ནི་རེད་དོ། དགའ་ལྡན་ཁྲི་ཟུར་མཆོག་བོད་དུ་ཕེབས་ཏེ་བོད་མི་ཞིག་དང་ཐུག་འཕྲད་གནང་བ་ནི་ཡག་པོ་རེད། ང་ཚོ་རི་བོ་དགེ་ལུགས་པ་དེ་གཙང་མ་ཞིག་དགོས་པ་འདུག ཚང་མས་ཐུགས་དགོགས་བཞེས་རོགས་ཞུ། མི་ང་ལྟ་བུས་ཡོངས་འཛིན་ཁྲི་འཆང་དཔར་ཙམ་ཡང་ཉར་གི་མེད། ང་རྣམ་རྟོག་ཡོད། རྒྱལ་བའི་ཡོངས་འཛིན་གདོན་འདྲེ་གསོ་མཁན་དེ་འདྲ་ནི་བོན་ནག་ལས་ཀྱང་རྒྱ་འགྱུར་གྱིས་སྡུག་པ་རེད། ད་དུང་ང་སྐྱ་ཚོ་ལ་དོགས་པ་ཆེན་པོ་ཡོད་སྐུ་མཁྱེན་རྒྱལ་བའི་བཀའ་ལ་ཉན་རོགས་ཞུ། ནང་པའི་བསླབ་བྱ་ཤེས་དགོས་པ་གལ་ཆེ། དེང་སང་བོན་པོས་ཀྱང་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་ཀྱི་འདུག་ག ང་ཚོ་ངོ་མ་ངོ་ཚ། བོན་གྱི་སྤྱི་ཚོགས་ཡར་རྒྱས་འགྲོ་ན་ང་ཚོའི་སྤྱི་ཚོགས་་ད་དུང་གདོན་འདྲེ་ལ་སྐྱབས་སུ་བཟུང་ཡོད། ང་ཚོ་ནི་ངོ་ཚ་མེད་མཁན་རང་རེད། ད་དུང་བོན་ལ་མུ་སྟེགས་ཟེར་བཞིན་སྨོད་པ་གཏོང་། ང་ཚོ་འཆམ་མཐུན་བྱེད་དགོས་འདུག་ཞུ།
ནགས་ཁྲོད་གནས་པའི་སེང་གེ་ལགས། །
ཁ་བའི་རྡུལ་བརྩེགས་ཟིན་བྲིས་ཁག །
རྒྱུས་མེད་འཆལ་གཏམ་དགོས་དོན་མེད། །
མུན་ནགས་གནས་པའི་སེང་གེ་ལགས། །
མུན་པའི་འཆལ་གཏམ་ཁྱོད་མ་བརྗོད། །
ཁ་བའི་ཤེལ་གྱི་དྭངས་མའི་ངོས། །
རིག་པ་གསལ་བའི་སྐད་ཆ་་ཡིན། །
ནགས་ལ་གནས་པའི་སེང་གེ་ཁྱོད། །
རིག་ན་ཞེང་ཚད་བཅུ་གྲངས་ཞིག །
དེ་ལས་མ་མཐོང་ཐག་ཆོད་རེད། །
དོན་མེད་དཀྱིལ་ལ་མ་ཞུགས་རོགས། །
མུན་པའི་ལག་སྙེགས་བྱེད་པར་དེ། །
རིག་གསར་མཐོང་ན་འཆལ་བའི་གནས། །
གྲོགས་པོ་བདེ་མོ་བཞུགས་གནང་། །
ནགས་ཁྲོད་གནས་པའི་སེང་གེ་ལགས། །
ཁ་བའི་རྡུལ་བརྩེགས་ཟིན་བྲིས་ཁག །
རྒྱུས་མེད་འཆལ་གཏམ་དགོས་དོན་མེད། །
མུན་ནགས་གནས་པའི་སེང་གེ་ལགས། །
མུན་པའི་འཆལ་གཏམ་ཁྱོད་མ་བརྗོད། །
ཁ་བའི་ཤེལ་གྱི་དྭངས་མའི་ངོས། །
རིག་པ་གསལ་བའི་སྐད་ཆ་་ཡིན། །
ནགས་ལ་གནས་པའི་སེང་གེ་ཁྱོད། །
རིག་ན་ཞེང་ཚད་བཅུ་གྲངས་ཞིག །
དེ་ལས་མ་མཐོང་ཐག་ཆོད་རེད། །
དོན་མེད་དཀྱིལ་ལ་མ་ཞུགས་རོགས། །
མུན་པའི་ལག་སྙེགས་བྱེད་པར་དེ། །
རིག་གསར་མཐོང་ན་འཆལ་བའི་གནས། །
གྲོགས་པོ་བདེ་མོར་བཞུགས་གནང་། །
ཡ་དགྱེས་རྡོར་ལགས། སྤྱིར་གཏང་མཁན་ཆེན་འཇིག་མེད་ཕུན་ཚོགས་རིན་པོ་ཆེ་མཆོག་ནས། ༼རང་ཚུགས་ཟུངས། གཞན་སེམས་མ་དཀྲུགས། ༽ ཞེས་པའི་གསུངས་རྡོར་རྗེའི་ཚིགས་དུམ་གཉིས་པོ་འདིར་ངོས་ཀྱི་སེམས་ལ་ཧ་ཅང་འབྱར་མོ་ཞིག་ཡོད། ཚིག་དུམ་གཉིས་པོ་འདིས་ངོས་ལ་གལ་འགགས་ཀྱི་སྐབས་སུ་བཀག་རྡོ་ཡང་མང་པོ་བྱེད་མྱོང་ཡོད། དེ་རིང་ཚིགས་དུམ་གཉིས་པོའི་བཀག་རྡོ་དེ་གཏོར་ནས་དགྱེས་རྡོར་ལ་གསལ་བཤད་ཚིགས་གསུམ་ཞུ་སྙིང་འདོད། ངས་ཁྱོད་རང་ལ་སྔོན་མ་རྒྱ་གར་དང་བལ་ཡུལ་གཙོར་བྱས་པའི་ཨེ་ཤ་ཡའི་སོགས་སུ་ཁྱོད་རང་ཕེབས་སའི་ཞབས་རྗེས་ནག་པོ་དེ་རྣམས་ཁྱེད་རང་ལ་དྲན་གསོས་མདོར་བསྡུས་བྱས་པ་ལས། འཇིག་རྟེན་འདི་ཡི་སྒང་ལ་ཁོག་པའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་འོས་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ངན་ཞུས་གང་ཡང་བྱས་མེད་པ་ནི་གོང་གི་དྲ་ཚིགས་སུ་ཡོད་པའི་ངོས་ནས་བྲིས་པ་རྣམས་ལ་ཡང་ལྟ་བྱོས་དང་ཆོག ལར་ནི་ངོས་ནས་དྲ་ལམ་ཁག་ལ་ལྟ་ཀློག་བྱེད་པའི་སྐབས་སུ་ཁྱོད་རང་ནས་ཀརྨ་ཀ་ཚང་གི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ལ་མཚན་སྨས་དང་བགྲོ་བཀུར་བྱེད་ལྟངས་ལ་ལྟས་ན་ཁྱོད་རང་ཡང་ཐོས་བསམ་ལོག་ལམ་དུ་ཕྱིན་ཅིང་། ཨ་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་བསླབ་བྱ་མུ་ཐི་ལའི་ཕྲེང་བ་རུ།
ལུང་གི་ཆུ་གཏེར་དབུས་སུ་རྟག་ཉར་ཡང་།
རྟོགས་པའི་ཡོན་ཏན་གཤེར་གྱིས་མ་བརླན་པའི།
ཤེས་རྒྱུད་སྐམ་ཐག་ཆོད་པའི་རྡོ་ཡི་སྤུན།
ཅོལ་ཆུང་ཞིག་གིས་འདི་སྐད་གསོལ་ལ་དགོངས།
ཞེས་གསུངས་པ་ལྟར་དགོས་པའི་ཐོས་བསམ་སྒོམ་གསུམ་བྱས་པའི་ལག་རྗེས་སུ་རང་རྒྱུད་ཉོན་མོངས་དུག་ལྔ་འདུལ་རྒྱུའི་ཚབ་ཏུ་མེ་དཔུང་ལ་མར་ཁུའི་གསོས་གཏབས་པ་བཞིན་དུ་ཉོན་མོངས་ཀྱི་གསོས་སུ་སོང་བ་ཞིག་རེད་འདུག་པས། ཁྱོད་དང་ཁྱོད་འདྲ་བའི་རིགས་ལ་སྙིང་རྗེའི་ཡུལ་དུ་བཞག་ནས་ཕར་ལ་བརྩོད་པ་བྱ་རྒྱུའི་ཚབ་ཏུ་རང་ཉིད་ཁྱོད་རང་ལྟ་བུར་ཟོག་རྫུན་དང་ཆོས་བྲེད་ཞིག་ཏུ་སྐྱེ་བ་ནས་ཚེ་རབས་རྣམས་སུ་མི་གྱུར་བའི་སྨོན་ལམ་ལས་གཞན་གང་ཡང་མེད། ལར་ནི་ང་རང་གཉིས་སྒེར་ལ་ངོ་ཤེས་རྒྱུ་ཕར་ཞོག་ཕན་ཚུན་རྒྱུ་ཕར་ཤོར་དང་ཟས་ཚུར་འཁོན་ཀྱི་རྩོད་རྒྱུ་གང་མེད་ཀྱང་ཁྱོད་རང་ནས་ངོས་ལ་གཞི་མེད་དཀྲོག་གཏམ་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ལ་མཚན་སྨས་ཞུས་ཞེས་ལག་པ་ཕྱི་ཁུལ་བྱས་པ་དེ་ལ་ངས་མ་བཟོད་ནས་ཁྱོད་རང་གིས་རྡོ་ཐང་ནས་བླངས་ནས་རང་མགོར་བཞུས་པའི་ན་ཚའི་སྡུག་གྱོང་དེ་ཁྱོད་རང་ལས་གཞན་གང་ལའང་འགྲོ་ས་མེད་པ་ནི་ལས་ཀྱང་ཡིན་ལ་འབྲས་བུའང་ཡིན་ནོ།
རྒྱལ་མཚན་ནོར་བུ་པཎ་ཆེན་བླ་མའི་ཁྲི་ཐོག་ཏུ་བཞུགས་ཏེ་བོད་འབངས་ཚོར་བཀའ་ཆོས་གསུང་། དགའ་ལྡན་ཁྲི་ཟུར་རྒྱལ་མཚན་ནོར་བུ་དང་མཇལ་ཁ་མཛད། འོ་ཡ་ད་མི་ཞུ། དོལ་རྒྱལ་དང་དངོས་ཤུགས་རྒྱུད་གསུམ་གྱིས་འབྲེལ་བ་ཡོད་མེད་ལ་བརྟག་ན་རི་བོ་དགེ་ལྡན་པའི་བླ་རྒན་དབུ་དཀར་ཕལ་ཆེར་གྱི་ཡོངས་འཛིན་ཁྲི་འཆང་དང་འབྲེལ་བ་མ་བྱས་པ་དཀོན། དེ་དག་ངོ་མ་སྐྱོ་བོ་འདུག ང་ཚོ་བོད་པ་ཚོ་དེ་དུང་གདོང་འདྲེ་ལ་ཞེ་སྣང་བྱས་ཏེ་བཞུགས་ན་བློ་ཕམ། སོ་སོས་ཐག་གཅོག་དགོས་རྒྱལ་དབང་བཅུ་བཞི་པ་འདྲ་བོ་དགོས་ནི་རེད་དོ། དགའ་ལྡན་ཁྲི་ཟུར་མཆོག་བོད་དུ་ཕེབས་ཏེ་བོད་མི་ཞིག་དང་ཐུག་འཕྲད་གནང་བ་ནི་ཡག་པོ་རེད། ང་ཚོ་རི་བོ་དགེ་ལུགས་པ་དེ་གཙང་མ་ཞིག་དགོས་པ་འདུག ཚང་མས་ཐུགས་དགོགས་བཞེས་རོགས་ཞུ། མི་ང་ལྟ་བུས་ཡོངས་འཛིན་ཁྲི་འཆང་དཔར་ཙམ་ཡང་ཉར་གི་མེད། ང་ལ་རྣམ་རྟོག་ཡོད། རྒྱལ་བའི་ཡོངས་འཛིན་གདོན་འདྲེ་གསོལ་མཁན་དེ་འདྲ་ནི་བོན་ནག་ལས་ཀྱང་བརྒྱ་འགྱུར་གྱིས་སྡུག་པ་རེད། ད་དུང་ང་ས་སྐྱ་ཚོ་ལ་དོགས་པ་ཆེན་པོ་ཡོད་སྐུ་མཁྱེན་རྒྱལ་བའི་བཀའ་ལ་ཉན་རོགས་ཞུ། ནང་པའི་བསླབ་བྱ་ཤེས་དགོས་པ་གལ་ཆེ། དེང་སང་བོན་པོས་ཀྱང་སྐྱབས་འགྲོ་དང་སེམས་བསྐྱེད་བྱེད་ཀྱི་འདུག་ག ང་ཚོ་ངོ་མ་ངོ་ཚ། བོན་གྱི་སྤྱི་ཚོགས་ཡར་རྒྱས་འགྲོ་ན་ང་ཚོའི་སྤྱི་ཚོགས་་ད་དུང་གདོན་འདྲེ་ལ་སྐྱབས་སུ་བཟུང་ཡོད། ང་ཚོ་ནི་ངོ་ཚ་མེད་མཁན་རང་རེད། ད་དུང་བོན་ལ་མུ་སྟེགས་ཟེར་བཞིན་སྨོད་པ་གཏོང་། ང་ཚོ་འཆམ་མཐུན་བྱེད་དགོས་འདུག་ཞུ།
ནགས་ཀྱི་སེངྒེས་རྒྱུ་མཚན་ལྡན་པའི་གསུངས་ལ་ཡི་རང་དང་རྒྱབ་སྐྱོར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུའོ།ཀརྨ་ཡེ་ཤེས་ཉིད་ཀྱིས་སྙིང་ཉེ་བའི་གཏམ་ཞིག་ཁ་བརྡའི་མཆན་བུ་བཀོད་སར་བཞག་འདུག་པ་མཐོང་བས་སེམས་འགུལ་ཐེབས་པ་བྱུང་། ངས་ཀྱང་ཟླ་བ་སྒྲོན་མའི་མདོའི་ཚིག མུ་སྟེགས་པ་ལ་ཡིད་སྡང་མི་རུང་བར་གསུངས་པ་དང་། སྔགས་ཀྱི་རྩ་ལྟུང་དྲུག་པའི་འཇུག་ཡུལ་ལ་བསམ་གཞིག་སྔོན་དུ་སོང་ཡོད་པར་རློམ་ཡོད། དེ་ཡང་སྔགས་ཀྱི་རྩ་ལྟུང་དྲུག་པ་འབྱུང་ཡུལ་དེའི་ཐད་ཀྱི་འགྲེལ་བར་ཡང་། སྤྱིར་རྙེད་བཀུར་འདོད་པས་གྲུབ་མཐའ་གཞན་ལ་སྨོད་པ་སྟེ། ཐེག་ཆེན་གྱི་མདོ་སྡེ་ལ་སྨད་ན་སྦོམ་པོ། ཐེག་དམན་ལ་ཉེས་བྱས། ཕྱི་རོལ་སོགས་ལ་ཕྲ་མོའི་ཉེས་བྱས། དེ་དག་གི་སྐབས་སུ་གང་ཟག་རྣམས་འདུལ་བའི་བསམ་པས་སྨད་ན་ཉེས་པ་མེད་པའི་སྟེང་དུ་བསོད་ནམས་ཐོབ་པར་གསུངས་པ་ཡང་འདུག
སྤྱིར་ན་ང་ཚོའི་བར་གྱི་རྩོད་པ་དེ་ལྟ་གྲུབ་དང་རིགས་ལམ་གྱི་རྩོད་པ་ཞིག་མ་རེད། ཁྱོད་ཚོས་རང་ལུགས་ཀྱི་ལྟ་གྲུབ་མ་ཤེས་པ་རེད་མ་གཏོགས་ཀཾ་ཚང་དང་འབྲི་གུང་བོན་པོ་དེ་གང་ཐད་ནས་སྔ་འགྱུར་ཆོས་ལས་བྱུང་བས་ང་ཚོ་དང་མི་འདྲ་བ་ཞིག་མིན་སྟབས་དེ་ལ་རྩོད་པ་བྱས་ན་དུས་ཚོད་གྲོན་རོགས་རེད། རྩོད་པ་བྱ་གཞི་ངོ་མ་དེ་འབྱུང་ཁུངས་ཀྱི་རྩོད་པ་རེད། ཁྱོད་ཚོ་འགའ་ཞིག་གིས་མཁན་སློབ་ཆོས་གསུམ་དགྲ་རུ་བལྟས་པ་ཙམ་གྱིས་ངས་ཁྱོད་ཚོར་རྒོལ་གྱིན་གཏན་ནས་མེད། རྒྱལ་དབང་ལྔ་པ་དང་ཐུའུ་བཀན་བདུད་འཇོམས་རིན་པོ་ཆེ་སོགས་མདོ་སྔགས་པ་རྣམས་ལ་སྨད་པས་དེ་བས་ཀྱང་རྒོལ་གྱིན་མེད། ང་རང་ཉིད་ཀྱིས་རྒྱལ་ཕྱི་ནང་ཀུན་ཏུ་ཞིབ་སྐོར་དང་། དམ་པའི་ཆོས་ལ་ཐོས་བསམ་ཞིབ་འཇུག་ཅུང་ཟད་རེ་བྱས་མྱོང་ལ། ཁྱོད་ཚོས་ལས་སྟངས་དེའི་སྐོར་ལ་བསམ་བློ་མི་ཉུང་བ་ཞིག་གཏོང་མྱོང་། མདོར་ན་ཁྱེད་ནི་ང་དང་ནང་མཆེད་པའི་སྤུན་མཆེད་ཞིག་ཡིན་འདོགས་འདྲ་བསྟན་འདུག་ཀྱང་ཆོས་རྗེ་བཀའ་དྲིན་ཅན་གྱི་གསུངས་དང་ལུང་ཚན་ཐོར་བུ་དེ་དགའ་ལྡན་ཁྲི་བ་བཤད་པའི་སྐབས་སུ་ཁ་ཤར་དང་གླུད་ནུབ་དུ་གཡུགས་འདུག་པས་རྨོངས་དད་ཕྱུགས་པོ་རྐུབ་སྟེགས་ལ་འགྱིང་མཁན་ཞིག་ཡིན་པར་གདོན་མི་ཟའོ། ང་ཚོ་བོད་དོན་ནང་ཆོས་ཕྱོགས་ལ་སློབ་སྟོན་གང་ཚད་བྱས་ཀྱང་། དམ་པའི་ཆོས་ལ་ངེས་ཤེས་མེད་པ་ཁྱོད་ཚོས་སློབ་སྦྱོང་ག་ཚོད་བྱས་པ་དེ་ཙམ་གྱིས་དོག་གཞི་ཆེ་རུ་འགྲོ་བ་དང་བསམ་ཞིབ་ག་ཚོད་བྱས་པ་དེ་ཙམ་གྱིས་ཡིད་ཐང་དེ་ཙམ་ཆད་སོང་ངོ་། ང་ནི་ཁ་སྙན་པོ་དང་ཁོག་ནག་པོ་སྐྱོན་ཚང་མ་མི་གཅིག་ཁོ་ན་འདིས་སྐྱོན་རེད་ཟེར་ནས་རྒྱ་མིས་ཏྰ་ལས་ཏྰ་ལས་ཟེར་ནང་བཞིན་ཞུ་ཤེས་ཀྱིན་མིན་པར། མི་སུ་ཞིག་གིས་མ་ཐོན་ཐད་ཀར་དྲ་ཐོག་བཀོད་མཁན་ཞིག་ཡིན་པས་ཡིད་མ་ཆེས་ན་ཨེ་མ་ཧོའི་རིག་མཛོད་ཆེ་ཆུང་ནང་ལ་གཟིགས་ཤིག ། སླར་དོན་ཆོས་རྗེ་དམ་པའི་འདས་ཆེམས་ཀྱི་གསུངས་དང་ལུང་མཚན་དེ་ཀྲམ་ཁྱེད་ལ་མ་མཁོ་ནས་བདག་ལ་གནང་བར་བཀའ་དྲིན་ཆེའོ། །
ད་ཡིན་ན་རྒྱ་པན་དོལ་སྒྲུབ་ལ་ཀརྨ་པས་ཕྱག་འཚལ། དགེ་ཁྲིས་ཁ་སྐྱལ། ཁྱེད་ཚོས་ངོས་འཛིན་པའི་རྡོ་རྗེ་སྐུ་ཕྲེང་གསུམ་པས་བླ་མ་བསྐུར་བ་སོགས་བྱས་ནས་བདག་དཔལ་དགྱེས་པ་རྡོ་རྗེ་གསང་བ་འདུས་པ་དུས་ཀྱི་འཁོར་ལོ་དགྲ་རུ་བཟུང་ཡང་རང་སེམས་དག་པའི་མི་ལ་འགྱོད་པ་མེད་ཅེས་པ་ཐུགས་ལ་ཞོགས་ཤིག །
http://amahonet.blogspot.com/2011/09/blog-post_25.html
ཟིན་མཆན་འདི་ཀརྨ་ཡེ་ཤེས་ལ་གཏམ་གྱི་ཐ་མ་ཡིན་ནོ།
འདྲེ་མགོ་རྡོ་ལགས། ཐུགས་རྗེ་ཆེ་ད་དུང་མུ་མཐུད་ནས་མ་འོངས་པར་དྲ་རྒྱའི་ནང་རྒྱ་ཡིག་ཐོག་འཁོད་པའི་གནས་ཚུལ་དག་ཤེས་ཆེད་དེ་ལྟར་ལམ་སྟོན་གནང་ཐུབ་ན་རྒྱ་ཡིག་མི་ཤེས་མཁན་བཙན་བྱོལ་ནང་ཡོད་པའི་བོད་རིགས་གཞོན་སྐྱེས་ཚོར་ཕན་ཐོགས་ཡོང་ངེས་སོ།
གོང་དུ་དྲ་གྲོགས་མང་པོ་ཞིག་གིས་ནང་ཁུལ་གྱི་ཞེ་འཁོན་ནད་རོ་བསླངས་ཀྱི་མ་སྡོད་ཀྱི་འདུག
ང་ཚོས་རྩ་བ་བོར་ནས་ཡལ་ཁར་འཐམས་ནས་མ་བསྡད་པར་སྐབས་དོན་གཞིའི་ཐོག་ལ་བབ་སྟེ་མཆན་འགོད་ཐུབ་ན་དགེ་མཚན་ཆེན་པོ་ཡོད་ལ།ཁ་བརྡ་ཚང་ནས་སྐབས་བབ་རྩོམ་ཡིག་དེ་ཡང་སྒོ་མ་བརྒྱབ་པར་ཡུན་རིང་ཙམ་གནས་ཀྱི་རེད་སྙམ།དེ་མིན་མཆན་འགོད་པ་གང་ཟག་སྒེར་ནད་རོ་ལངས་ཀྱིན་བསྡད་ན་རྩོམ་ཡིག་འདིའི་མཆན་སྒོ་བརྒྱབ་ངེས་རེད།
དེ་དོན་ཐུགས་ལ་འཇགས་རོགས།
ཁྲི་ཟུར་༡༠༡ལ་མཆན་བུ་༡༠༡པ་དེ་བྲིས་ན། ལུང་རིག་རྣམ་རྒྱལ་ལགས་ཀྱིས། རྒྱལ་མཚན་ནོར་བུ་ལགས་དང་མཇལ་ཕྲད་གནང་པ་འདི་ནང་པ་ཙམ་མ་ཟད་ཕྱི་པ་དང་། ཆོས་མེད་ཤེས་ཡོན་པ་ཚོས་ཀྱང་བགད་མོ་ཤོར་བའི་གནས་རེད།
དགེ་ལུགས་གི་གྲྭ་སར་ཡོདམཁན་མང་པོ་ཞིག་གིཁོ་ལས་དབང་སྐུར་ལུང་ནོད་འདྲ་བྱེད་གི་ཡོད་པ་མ་ཡིན་ནམ།དེ་ཚོའི་ཐུགས་གཟབ་གང་མང་མང་གནངས་རོགས་ཞུ་གི་ཡོད་མ་ེད་ཡ་ཐགིཀ