དེ་རིང་སྔ་དྲོ་བོད་ནང་གི་ཆུ་ཚོདབརྒྱད་དང་ཕྱེད་ཀ་ནས་རྨ་ལྷོ་སོག་རྫོང་གཞུང་ལམ་དུ་གཙང་དགོན་པའི་དགེ་འདུན་པ་བཅུ་བདུན་དང་མི་སྐྱ་གཉིས་བཅས་ལྷན་འཛོམས་ཀྱིས་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས ང་ཚོར་རང་དབང་དགོས་ཞེས་སྐད་འབོད་བྱས་འདུག དེ་ནས་སྤྱི་བདེ་མི་སྣ་མང་པོ་ཐོན་ནས་འཛིན་བཟུང་གིས་ཚང་མ་ཁྲིམས་ཁང་དུ་ཁྲིད་པ་དང་མི་མང་ཉིས་སྟོང་ལྷག་ཅིག་རིམ་འདུས་ཀྱིས་རྒྱལ་བ་རིན་པོ་ཁྲི་ལོར་ཤོག་སོགས་སྐད་འབོད་ཀྱིས་ཁྲིམས་ཁང་དུ་འཛུལ་ནས་རྒྱ་སྒོ་གཏོར་འདུག དེ་ནས་ཚང་མ་མི་གློད་ཐབས་མེད་ཆགས་འདུག ཾམི་དམངས་ཀྱི་སྐད་འབོད་མཚམས་བཞག་དུས་ཕྱི་དྲོའི་ཆུ་ཚོད་ལྔ་པར་སླེབས་འདུག་ཟེར།
མཁོ་སྤྲོད་པ་ཆབ་བྲག་ལྷ་མོ་སྐྱབས།
ཕྱི་དྲོ་སྐད་འབོད་བྱས་པའི་རྗེས་སུ་དམག་མིའི་རླངས་འཁོར་མང་པོ་་ས་གནས་འདིར་ཡོང་བཞིན་པའི་གནས་ཚུལ་ཐོན་འདུག།
བོད་རྒྱལ་ལོ།རྒྱལ་གཅེས་དཔའ་བོ་རྣམས་རྒྱལ་ལོ།
ཐུགས་རྗེ་ཆེ། བོད་ཀྱི་དཔའ་རྒོད་རྣམ་པ། གཅིག་རྒྱབ་གཅིག་གིས་ལངས་རྒྱུ་ནི་གནད་དུ་ཁུམས་ལ། མ་ལངས་ན་རྒྱ་འདི་བོད་མི་མཐོང་ཆུང་གིས་ཚེ་སྲོག་རྩེད་བྱེད་བྱ་ངེས་རེད། གང་འདོད་དུ་བྱ་ངེས་རེད། རྣམ་དཔྱོད་ལྡན་པའི་ལས་འགུལ་སྤེལ་བཏང་རེད། མུ་མཐུད་དུ་ཤུགས་རྒྱབ། རང་དབང་མ་ཐོབ་བར་དུ་ཤུགས་རྒྱབ།
གཡག་རོག་ཞོན་པའི་སྲོང་བཙན་གདུང་བརྒྱུད་དང་། །
རྟ་མཆོག་བཅིབས་པའི་ཇིང་གུར་ཚ་བརྒྱུད་གཉིས། །
གཡུ་སྦྲ་སྨུག་པོའི་ནང་ནས་ཕྱིར་ཐོན་ཏེ། །
རྒྱ་ནག་ཁྲིམས་རྫོང་ཕབ་པའི་རྟོགས་བརྗོད་བྲིས། །
རང་ཅག་བོད་མིའི་སྙིང་སྟོབས་ལ་འགྲན་ཟླ་མེད། འོན་ཀྱང་རིན་ཆེན་ལུས་སྲོག་ས་ཁུག་འགར་སྙིང་སྟོབས་ཀྱིས་མེར་སྒྲོན་པ་ནི་ལྟ་ན་མིག་གིས་མི་བཟོད་ཅིང་བསམ་ན་སེམས་ཀྱིས་མི་བཟོད་པ་ཞིག་རེད། མ་ཚད་མི་གཅིག་གི་ཚེ་སྲོག་ཀྱང་རིན་ཐང་གཞལ་དུ་མེད་པ་ཞིག་ཡིན་པས་མི་སོ་བཅུ་ལ་ཉེ་བའི་ཚེ་སྲོག་མེ་བསྲེགས་བཏང་བ་ནི་ཅི་འདྲའི་བློ་ཕམ་པ་ཞིག་མ་རེད་དམ། ཡང་ཕྱོགས་གཞན་ཞིག་ནས་བསམ་ན་དེ་ཚང་མ་ཡང་རྒྱལ་ཁབ་དང་མི་རིགས་ཀྱི་ཆད་དུ་འཛམ་གླིང་རང་དབང་འཐབ་རྩོད་ཀྱི་ཁྲོད་དུ་རང་རེ་བོད་མིའི་གནས་འབབ་དང་སྐྱིད་སྡུག་དམར་ལྗོན་དུ་བསྟན་ཐུབ་པའི་ལས་འགུལ་ཞིག་ཡིན་པས་དོན་མེད་དང་ག་ལ་ཡིན། དེ་ལས་ཀྱང་ས་ཆེན་འདུ་ཚོགས་མང་ས་པན་ཅིང་ཕོ་བྲང་དང་ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་སོགས་སུ་འདི་འདྲ་འགའ་བྱུང་ན་་་་་་་
དཔའ་དང་དཔའ་མོ་རྒྱལ་ལོ། བོད་རྒྱལ་ལོ། །
ས་ཕྱོགས་འདིའི་དཔའ་བོ་ཚོ་ཡར་ལང་ཞིག་བྱས་པ་ཡིན་ན་ལས་སླ་བོ་འཇོག་གི་མ་རེད་ཟེར། ཐམས་ཅད་ལ་རང་དབང་ཐོབ་པར་ཤོག ཆབ་བྲག་ལགས་ལ་ནང་གཏམ་ཞིག་ཞུ་ན། ཨ་མདོ་ཚོའི་ཞལ་ན། བྱི་མོའི་རྫོང་ལ་བྱི་ལི་གཅིག ཟེར་བའི་སྒྲུང་ཞིག་ཡོད་པ་མ་རེད་དམ། གཏམ་དེ་སྣ་བར་འཚེར་ནས་ཡུན་རིང་པོ་ཞིག་བྱུང་ནའང། དེ་རིང་ཉིད་ཀྱིས་རིགས་གཉིས་ཀྱི་སྙིང་ཁྲག་གཅིག་ཏུ་འདུས་པའི་་དཔའ་རྒོད་ཀྱི་དཔུང་བ་གནམ་ལ་ངོམ་པའི་གསར་འགྱུར་དེས། ཡུ་རོབ་ཏུ་འཁྱམ་མཁན་ཁྱོད་དང་། ཁ་ན་ཌར་སྡོད་མཁན་ཕྱག་གཉིས་པ། ཉི་འོག་ཏུ་་ཉུལ་མཁན་ང་ལྟ་བུས་འགྲེལ་བཤད་གནང་བདེ་བ་བྱུང་བས་ཐུགས་རྗེ་ཆེ་ཞུ།
བོད་རྒྱལ་ལོ། །
ཞེ་རྒོད་གཏིང་ནས་འཁྲུགས་པའི་ཁམས་པ་དང།། ལར་རྒྱའི་བྱང་ཁོག་གང་བའི་ཨམ་མདོ་གཉིས།། རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ལམ་སོ་ནས།། རང་བཙན་ཐོབ་ལ་རིང་པོ་མིན་སྐད་ཐོས།།
གདོང་དམར་བོད་པའི་ལོ་རྒྱུས་རིང་བོ་ན།།
མེས་དབོན་རྣམ་གསུམ་བུ་རབས་ཚ་རྒྱུད་ལ།།
སུ་དང་གང་གིས་འཇིག་པར་མི་ནུས་པའི།།
སྤུན་ཟླའི་འདུ་ཤེས་ལྕགས་ཀྱི་རི་བོ་ཡོད།།
རང་དབང་ཐམས་ཅད་བདེ་བ་ཡིན།།གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན།།
གཡོ་རྒྱུའི་ཆུ་ཡིས་ཡ་ཐོད་བུམ་པ་གང་། །
མགོ་བདེ་མེ་ཡིས་རླབས་ཆེན་གང་སར་བགྲེམ། །
སྙིང་མེད་ཝ་ཡི་རིགས་བརྒྱུད་དབུས་གཙང་བུ། །
ཁམས་དང་ཨ་མདོར་བལྟས་ནས་སྡོད་གི་འམ། །
ཀྱེ་ཀྱེ་གསོན་དང་བོད་རིགས་སྤུན་རྣམས།།
གདོང་དམར་བོད་ཀྱི་མིང་བྱང་གསོན་པོ་འདི།།
ཆོལ་གསུམ་མི་རིགས་སུ་དང་གང་གིས་ཀྱང་།།
དགུང་དུ་འདེགས་པ་ཀུན་གྱི་ལས་འགན་ཡིན།།
རྡོག་རྩ་གཅིག་སྒྲིལ་བོད་མའི་ཆོད་སེམས་ཉིད།།
མི་འགྱུར་བདེན་པའི་འཐབ་རྩོད་གསེར་ལས་ལྷག།
དེ་ཡི་ཆེད་དུ་ཡོད་ཚད་བློས་བཏང་ནས།།
བསུ་མེད་ལོ་རྒྱུས་བྲིས་པ་མིག་གི་དཔྱིད།།
མི་མང་སྡེབས་ལངས་བྱས་ན། རྒྱ་གཞུང་ལ་ངན་གཡོའི་བཙན་འགེལ་དང་། དུག་རྩུབ་བྱ་ཐབས་བྲལ་བས། ཚང་མ་མཉམ་རུབ་ལངས་དགོས་ལ། ལངས་བའི་དུས་ཚོད་ཀྱང་སྨིན་ཡོད། སྒྲུབ་འབྲས་ཐོན་པ་ཡང་ཆོས་ཉིད་རེད་དོ། །
ཞི་བའི་ངོ་རྒོལ་མུ་མཐུད་ནས་བྱ་དགོས་ལ། ཞི་བའི་ངོ་རྒོལ་འཚམས་བཞག་དགོས་པ་དང་། སྤྱི་དོན་ཆ་ཚང་བསྒྲུབས་ཚར་བ་དགོས་པའི་བསམ་བློ་ཕུ་ཐག་ཐུང་ཐུང་མིན་པར། ངོ་རྒཽལ་དུས་ཚོད་ངེས་མེད། ས་ཆ་ངེས་མེད། རང་གཞན་ཚེ་སྲོག་ལ་མ་གནོད་པའི་སྒོ་ནས། ཐབས་ལམ་སྣ་མང་གིས་ངོ་རྒོལ་མཐར་ཕྱིན་པ་བྱེད་དགོས་པའི་དུས་བབ་ཡོད་རེད་དོ། །ཆོལ་གསུམ་བོད་རིགས་ཚོ། །
དམག་དང་འཕྲུལ་ཆས་མེད་ན་ཡང་། །
གཉིས་སྨན་དབུ་མའི་ལམ་དེད་ནས། །
ཞི་བའི་འཐབ་རྩོད་མེ་ལྕེ་ཡིས། །
རྒྱ་ནག་སྲིད་གཞུང་སྲེག་ལ་ཉེར། །
བྱམས་དང་བརྩེ་བའི་མེ་ཤིང་བྱས། །
བདེན་ཚིག་ཚ་སྲེག་མེ་དམར་གྱིས། །
རྒྱ་གཞུང་འཁྲེགས་འཛིན་ཤིང་སྒོ་དེ། །
ཐལ་བར་བརླགས་པ་བདག་ཡིད་འཕྲོག །
ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། །
ཆོལ་གསུམ་བོད་རིགས་དཔའ་དར་རོ། །
རྒྱ་ནག་མི་མང་བཙོན་གྲོལ་ཤོག །
འཛམ་གླིང་ཞི་བདེ་ཡར་དར་རོ། །
འདིར་གསལ་བསྒྲགས་ཤིག་ཀྱང་སྤེལ་ཡོད།
https://www.facebook.com/profile.php?id=100001484395374
དབུས་པ་གཙང་པ་རུས་རྐང་གནའ་ནས་ཡལ།། དེ་ལ་ཡིད་རྟོན་བཅོལ་བ་འཁྲུལ་བ་ཡིན།།
དབུས་པ་གཙང་པ་རུས་རྐང་གནའ་ནས་ཡལ།། དེ་ལ་ཡིད་རྟོན་བཅོལ་བ་འཁྲུལ་བ་ཡིན།།
ཞེ་རྒོད་གཏིང་ནས་འཁྲུགས་པའི་ཁམས་པ་དང།། ལར་རྒྱའི་བྱང་ཁོག་གང་བའི་ཨམ་མདོ་གཉིས།། རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ལམ་སོ་ནས།། རང་བཙན་ཐོབ་ལ་རིང་པོ་མིན་སྐད་ཐོས།།
ཞེ་རྒོད་གཏིང་ནས་འཁྲུགས་པའི་ཁམས་པ་དང།། ལར་རྒྱའི་བྱང་ཁོག་གང་བའི་ཨམ་མདོ་གཉིས།། རྡོག་རྩ་གཅིག་ཏུ་བསྒྲིལ་བའི་ལམ་སོ་ནས།། རང་བཙན་ཐོབ་ལ་རིང་པོ་མིན་སྐད་ཐོས།།
ཤུགས་རྒྱག་རོགས། ང་ཚོའི་རེ་འདོད་མྱུར་དུ་འགྲུབ་ངེས་ཡིན། དབུས་གཙང་པ་ཚོར་སྐྱིད་ཉལ་རྒྱག་ཏུ་ཆུགས།
ལས་ལ་རྟག་བརྩོན་དབུས་གཙང་མདུང་་ཤིང་རྩེར། །
དཔའ་ངར་ལྡན་པའི་ཁམས་པའི་མདེའུ་བཏགས། །
རྣམ་པར་དཔྱོད་ལྡན་ཨ་མདོའི་ངར་བཏོད་པའི། །
མདུང་འདིས་རྒྱ་རྒན་བྲང་ཁོག་ཐལ་མར་ཕིགས། །
དབུས་གཙང་པ་རྣམས་མནའ་ནས་དེ་རང་རེད། འོན་ཀྱང་ད་རུང་དེ་རང་མི་བྱེད་པར་གཉིད་སོད་ཅིག མ་གཏོགས་དབུས་སྒྲིག་བཙུགས་ཀྱི་སྐུ་ངོ་ལས་བྱེད་ཕལ་ཆེ་བ་དབུས་གཙང་ཡིན་པ་དེས་འགོག་རྐྱེན་བཟོ་ཡི་འདུག སྒེར་ལ་སྐྱོན་བརྗོད་མིན། ཁ་རེ་ཁར་ཐུག་ཡིན། བདེན་མིན་སོ་སོས་བསམ་བློ་ཐོངས། ཆོལ་ཁ་ཆོས་ལུགས་དཀྲག་ཤིང་མིན། སྨད་ར་འདུན་གཏོང་དང་བསྟོད་པ་རྒྱབ་བཏོང་ཡིན།
མདུན་བཏོང་།
བདེན་རྒྱབ་ལགས། ཁ་རི་ཁ་ཐུག་ཡིན་ཚད་ཡག་པོ་ཡིན་པའི་ངེས་པ་ག་ལ་ཡོད། རྡ་སའི་སྐུ་ངོ་མཐོ་ཤོས་ནི་ཁམས་པ་རེད། དེ་དང་དེ་བཞིན་ལས་གནས་གང་མཐོའི་ནང་མདོ་སྟོད་པ་འདུག ལར་དབུས་གཙང་པའང་བོད་པ་ཡིན་པ་ཡིན་སྟབས་བོད་དོན་ལ་ཕན་བཏགས་མ་ཐུབ་ནའང་གནོད་གང་ནས་བསྐྱལ། ཐུགས་ཕྲལ་མ་གནང་ཨེ་གོ
བོད་པའི་བུ་ཡིས་རང་ལུས་རང་དོན་ཆེད།
གནོང་འགྱོད་མེད་པར་བློ་ཡིས་གཏོང་བའི་ཚེ།
རྒྱ་འདྲེ་འགའ་ཞིག་སྙིང་ལ་གདོན་བཞུགས་ནས།
བོད་པའི་སྤྱི་ཚོགས་ཆོལ་ཁས་དཀྲུགས་ལ་བྲེལ།
ད་ཡིན་ན་རེ་བ་ཆེན་པོ་འདུག་མདུན་བསྐྱོད་པ་བཅུ་བདུན་བཙོན་དུ་མ་ཚུད་པའི་ཆེད། ས་གནས་བོད་མི་རྣམས་ཀྱིས་ཁོང་ཚོར་སྲུངས་སྐྱོབས་ནན་པོ་གནང་རོགས་ཞུ་བཞིན་མཆིས་ལགས།། །།
ཕྱི་ལོ་1987ནས་2008བར་དབུས་གཙང་ཁུལ་དུ་བཙན་རྒོལ་རྒྱ་སྐྱོབས་ཀྱི་ལས་འགུལ་རྒྱུན་ཆད་མེད་ལ། རིག་གསར་གྱི་རྗེས་ཐོག་མའི་ལས་བསྐུལ་སྤེལ་ཡུལ་ཡང་དབུས་གཙང་ཁུལ་དུ་ཡིན་་་ཐུབ་པ་མིང་ཅན་འོན་པ་མིན་ན་གོ་ཚོད་རེད། ད་ལྟའི་སྐབས་རྒྱ་དམར་གཞུང་ལ་རྒྱབ་སྐྱོར་དུ་འགྲོ་གཞི་ཆོལ་ཁ་གསུམ་དཀྲུགས་པ་སོགས་བྱ་ངན་རིགས་མ་སྤེལ་རོགས་ཞེས་རེ་བ་ནན་ཆེ་ཞུ་བཞིན་ཡོད།། །།
བཀའ་ཁྲིར་ཚིག་གཅིག་འགྲོ་ས་མེད། །
འོག་གི་གཞུང་ཞབས་ཕྱོགས་ཞེན་ཆེ། །
མི་མང་ལ་རྒྱ་སེམས་ཤུགས་ཆུང་། །
མངོན་འདོད་འགྲུབ་རྒྱུ་དཀའ་ཚོད་རེད། །
སློབ་དེབ་ཕལ་ཆེར་དབྱིན་ཡིག་རེད། །
སློབ་དགེ་ཕལ་ཆེར་མིང་ཙམ་རེད། །
སློབ་ཆེན་ཕལ་ཆེར་དུད་འཐེན་རེད། །
བོད་ཡིག་གསོན་རྒྱུ་དཀའ་ཚོད་རེད། །
ཡུལ་གྱར་བོད་མིའི་སྤྱི་ཚོགས་ནང་། །
སྐད་རིགས་བསྲེས་མ་ཁ་ལ་འབྱར། །
གསར་རྙིང་གོ་བརྡ་མི་འཕྲོད་པས། །
བོད་སྐད་གསོན་རྒྱུ་དཀའ་ཚོད་རེད། །
ཁྱི་སྤྱང་རྒྱ་དམར་ཤ་དགའ་ལ། །དབུས་པས་ཝ་མོ་ཤི་ཁ་ཆས། ཨ་མདོས་བྱ་རོག་ཏོག་ཁ་གྱིས། །ཁམས་རྒོད་དཔུང་ཁས་གསོད་དང་ཤེས། །ཆོལ་གསུམ་ཁ་ཕོ་ཆིག་སྒྲིལ་བྱོས། །
https://www.facebook.com/photo.php?v=153293801459343
http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/
དཔོན་མཐོ་ཞན་གྱི་སྐད་ཆ་མིན། ཆོལ་ཁ་དཀྲུག་བྱེད་མིན། ང་རང་ཡག་པོ་ཁོ་ན་ཡིན་དགོས་པའི་ཁྱབ་པའང་མེད། དེས་ན་དེ་ཙམ་གྱིས་ངའི་བསམ་ཚུལ་ཁྱོད་ཅག་གིས་རྟོགས་པའི་རེ་བ་ཡོད། དངོས་སྨྲ་བ་བདེན་རྒྱབ་ནས།
སྐབས་འདིའི་དངོས་སྨྲ་བ་ནི་དངོས་པོ་གཙོ་སྨྲ་བ་མིན། དངོས་ཡོད་སྨྲ་བ་ཡིན།
ཁ་སྔོན་ཁམས་དང་ཨ་མདོ་དཀྲུགས།།
དེང་སྐབས་ཨ་མདོ་དབུས་གཙང་གཉིས།།
དཀྲུག་བྱེད་རྒྱ་དམར་རྒྱུག་ཁྱི་རྣམས།།
རྩམ་གཟན་ཚང་མས་རྒྱ་ལྟར་འཛིན།།