སྨྱུག་རྩེ།
༼དགེ་བཅུའི་ཁྲིམས་ལ་བརྟེན་ནས་བོད་རིགས་གང་འཚམ་ཞིག་མི་མང་མདུན་སར་ཁྲིམས་གཅོད་དང་མཚང་འབྲུ་བྱེད་པའི་སྐོར་གྱི་སྐད་ཆ།༽
༡༽ དགེ་བཅུའི་ཁྲིམས་ལ་བརྟེན་ནས་བོད་རིགས་གང་འཚམ་ཞིག་མི་མང་མདུན་སར་ཁྲིམས་གཅོད་དང་མཚང་འབྲུ་བྱེད་པ་སྐོར་ལ་སྐད་ཆ་ཅུང་ཙམ་བཤད་འདོད་བྱུང་། ཁ་ཤས་ཞིག་གིས་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་དགག་པ་རྒྱག་མཁན་ཚང་མ་མཁན་པོ་ཁོང་ལ་ཕྲག་དོག་གི་སྐད་ཆ་རེད་ཟེར་ནས་གཡག་སྣ་ཁུ་ཚུར་གྱི་དཔེ་ལྟར་གནང་གི་འདུག འོ་ན་མཁན་པོ་ལ་དགག་པ་རྒྱག་མཁན་ཚང་མ་ཕྲག་དོག་གི་སྐྱོན་ཡིན་ན། རྒྱག་སྐྱོར་གནང་མཁན་ཚང་མ་ཡང་ཞེན་ཁོག་གི་སྐད་ཆ་ཡིན་པ་དོན་གྱི་ཡིན་པས་གཉི་ག་ལ་བདེན་པ་མེད།
གང་ལྟར་འདི་སྐོར་ལ་སྤྱི་ཚོགས་ནང་ལབ་གླེང་ཤུགས་ཆེར་བྱེད་བཞིན་པ་གསལ་བོ་རེད། དེར་བརྟེན་དེ་འདྲའི་ལབ་གླེང་ཤུགས་ཆེན་པོ་ག་རེ་བྱས་ནས་བྱེད་དགོས་པ་དང་མ་འགྲིག་པ་ག་རེ་ཡིན་པ་རྩད་གཅོད་ཡག་པོ་བྱེད་དགོས་སྙམ། དགག་པ་དང་སྐྱོན་བརྗོད་གནང་ས་གཙོ་བོ་ནི་སྐེ་ལ་ཤོག་བྱང་བཏགས་ནས་སྐུན་མ་དང་ཇག་པ་སོགས་ཀྱི་མིང་བྲིས་ནས་མི་མང་མདུན་སར་མཚང་འབྲུ་དང་དམའ་འབེབས་བྱེད་པ་དེ་རེད། དེར་བརྟེན་མཁན་པོ་ཁོང་གིས་ཀྱང་དེ་རིགས་མཐོང་ཐོས་ཡོད་པ་ཐེ་ཚོམ་མི་དགོས། མཐོང་ཐོས་ཡོད་བཞིན་དུ་ཁུ་སིམ་བཞུགས་པ་ལ་དགག་རྒྱག་གནང་བཞིན་པ་ཡང་གསལ་བོ་རེད།
དགེ་བཅུའི་ཁྲིམས་བཅུ་མ་གཏོགས་བརྒྱ་སྟོང་ཡང་བཟོ་ཆོག དཔེར་ན་མི་ཚེ་དོན་ལྡན་དང་ཡ་རབས་དགོས་པ། དོན་མེད་ཀྱི་སྐད་ཆ་མི་བཤད་པ་སོགས་ཧ་ཅང་མང་པོ་བཟོ་ཆོག། འོན་ཀྱང་དེ་ལ་བརྟེན་ནས་མི་མང་ཐོག་ཁ་ཆེ་ལུང་བ་ཨེ་རག་སོགས་ལྟ་བུའི་ཁྲིམས་གཅོད་དེ་མི་འགྲིག་ལ་ངོས་ལེན་རྩ་བ་ནས་བྱེད་མི་ཐུབ། རྒྱལ་བོ་སྲོང་བཙན་གྱིས་མི་ཆོས་དང་ལྷ་ཆོས་ཀྱི་ཁྲིམས་བཅོས་ནས་ཁྲིམས་གཅོད་བྱེད་པ་ནི་རྒྱལ་ཁྲིམས་རེད། ཁྱེད་ཚོ་མི་སྒེར་ཁ་ཤས་ཀྱིས་གང་བྱུང་ཁྲིམས་བཅོས་ནས་ཁྲིམས་གཅོད་བྱེད་པ་ཆོས་སྲིད་གང་ཐད་ནས་ཐོབ་ཐང་སྤུ་རྩེ་ཙམ་ཡང་ཡོད་པ་མ་རེད།
དེར་བརྟེན་ང་ཚོ་འདི་ནས་འགྲིག་མི་འགྲིག་བཤད་པ་ནི་ཁྲིམས་གཅོད་བྱེད་པ་དེ་འགྲིག་གི་མི་འདུག་ཟེར་བ་རེད། སློབ་གསོ་མི་མང་ལ་གང་མང་མང་གནང་དགོས་ལ་དེ་ལ་དགའ་བསུ་ཡོད། སློབ་གསོ་གནང་ནས་ཁ་ལ་ཉན་སོང་ན་ཁྱེད་རང་གི་གྲུབ་འབྲས་རེད། ཁ་ལ་མ་ཉན་མཁན་ལ་ཁྲིམས་གཅོད་བྱེད་ན་དེ་ནི་ཁྱེད་རང་གི་སྐྱོན་མཚང་རེད་ལ་མ་འགྲིག་པ་རེད། གང་ལྟར་མི་ཚང་ཞིག་གིས་འགྲོ་སོང་དང་དཀའ་ལས་མང་པོ་བརྒྱབ་ནས་ཕག་གསོ་བ་ནི་ཕག་པའི་ཤའི་ཆེད་དུ་ཡིན་པ་རྒྱུ་མཚན་བཤད་མི་དགོས། ཕག་པ་དེ་གསོད་ཆོག་གི་མ་རེད་གསད་ན་ཆད་པ་ཉེས་པ་འདི་འདྲ་གཏོང་གི་ཡིན་ཟེར་ན་འཛམ་གླིང་འདིའི་ཐོག་ཁས་ལེན་ཐུབ་མཁན་གཅིག་ཀྱང་རྙེད་མི་སྲིད། འོན་ཀྱང་འདི་ཕྱི་གཉི་གར་སྲོག་གཅོད་ཀྱི་ཉེས་དམིགས་དང་སློབ་གསོ་གཏོང་ཐུབ་མཁན་ཚོས་སློབ་གསོ་གཏོང་ན་འགྲིག
དེ་བཞིན་བོད་ཀྱི་འབྲོག་པ་མང་ཚོགས་ཚོས་ཀྱང་དབྱར་དགུན་སྟོན་དཔྱིད་ལ་རྐང་བ་དང་ལག་པ་སེར་ཀ་གས་རག་བར་དཀའ་ལས་བརྒྱབ་ནས་ཟོག་ལུག་འཚོ་སྐྱོང་གནང་བ་ནི་དེ་ལ་བརྟེན་ནས་རང་གི་ལྟོ་གོས་ཆེད་དུ་ཡིན་པ་བཤད་མི་དགོས། སྒོར་མོ་སྐར་མ་གཅིག་ཀྱང་གཞན་ནས་ཡོང་ས་མེད་པའི་རོང་འབྲོག་མང་ཚོགས་ཚོས་ཟོག་ལུག་བཙོང་ནས་དེའི་སྒོར་མོས་རང་གི་ཁྱིམ་གྱི་འགྲོ་སོང་དཔེར་ན་ཇ་དང་ཚྭ་ཁུ། བྱིས་པ་ཚོར་གོན་པ་སོགས་ཉོ་དགོས། དེ་ཡང་ཟོག་ལུག་གསོད་མཁན་ལ་མ་བཙོང་ན་ཟོག་ལུག་མཆོད་བཤམས་ནང་སྒྲིག་མཁན་ཞིག་ལ་བཙོང་ས་ས་ཐོག་འདིར་རྙེད་མི་སྲིད།
དེས་ན་རང་གི་དཀའ་ལས་བརྒྱབ་ནས་འཚོ་བའི་ཟོག་ལུག་མ་བཙོང་ན་འཚོ་བ་ཁུངས་འཁྱོལ་མི་ཐུབ་པ་དགེ་འདུན་པས་ཕལ་ཆེར་ཤེས་ཀྱི་མ་རེད། མཚམས་ཁང་དང་དགོན་པ་སོགས་ནང་བཞུགས་ནས་ཉིན་མཚན་ཀུན་ཏུ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་སྒོམ་མཁན་ཚོས་ཀྱང་བཙོན་ཁང་ནང་གི་དཀའ་སྡུག་འདྲ་མིན་མི་ཤེས་པ་དང་། དེ་བཞིན་སྨན་ཁང་གི་ནད་རིགས་འདྲ་མིན་ཐོག་མི་མང་ས་ཡ་མང་པོ་སྡུག་བསྔལ་མྱོང་བཞིན་པ་ཕལ་ཆེར་ཡིད་ལ་ཤར་མྱོང་ཡང་མེད་ཟེར་ན་འགྲིག་གི་རེད་སྙམ།
ལྷག་པར་དུ་བུད་མེད་ས་ཡ་མང་པོས་བྱིས་པ་སྐྱེ་བ་དང་གོག་པ། གསོད་པ། གཤེགས་བཅོས་བྱས་ནས་གོག་སྐྱེ་གསོད་གསུམ་དང་། དེ་ཡང་བཙན་དབང་དང་། དབང་མེད་སོགས་རྣམས་གྲངས་མང་བོའི་སྡུག་བསྔལ་ཤིན་ཏུ་མྱོང་བཞིན་པ་དགེ་འདུན་པ་ཚོས་ཕལ་ཆེར་བསམ་ཡང་མྱོང་ཡོད་ཀྱི་མ་རེད། དེ་བཞིན་རོང་འབྲོག་མང་ཚོགས་ཚོའི་དཀའ་སྡུག་སྣ་མང་ཁྱོན་ནས་མཁྱེན་མ་རེད། དེར་བརྟེན་གོང་གི་སྐྱོན་དེ་དག་འབྱུང་གི་ཡོད་པ་རེད་སྙམ། མདོར་ན་སློབ་གསོ་གཏོང་མཁན་སྐྱ་སེར་ཚང་མས་ཕྱོགས་ཚང་མ་མཁྱེན་པ་གནང་ཐོག་གནས་ལུགས་རྒྱུ་མཚན་གཙོར་འདོན་གནང་ནས་སློབ་གསོ་གནང་རྒྱུ་གལ་ཆེ་ཡིན་པ་དགོངས་འཇགས་གནང་རོགས་ཞུ།
༢༽ ས་སྟོང་ལུང་སྟོང་ལ་འཚོ་བ་སྐྱེལ་མཁན་འབྲོག་པ་ཚོས་གྲི་དང་མེ་མདའ་ཉར་ཚགས་བྱེད་པ་ནི་ཟོག་ལུག་གསོད་མཁན་གྱི་སྤྱང་ཀི་འགོག་ཆེད་ཡིན་པ་གནའ་སྔ་མོ་ནས་ད་བར་ཡོངས་གྲགས་རེད་མོད། ཡང་སློབ་གསོ་གནང་མཁན་ཁག་ཅིག་ནས་དེ་ཚོ་སྤུན་ཟླ་ནང་དམེ་བྱེད་སྤྱད་རེད་ཟེར་ནས་ཚང་མ་བསྡུས་རུབ་བྱས་པར་བརྟེན་ས་གནས་ཁག་ཅིག་ནང་ཟོག་ལུག་ནང་སྤྱང་ཀི་རྒྱུགས་ནས་འབྲོག་པའི་མི་མང་གི་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་ཕོག་འདུག་ཟེར། དེ་ཡང་འབྲོག་པའི་གནས་སྟངས་ངོ་མ་མ་ཤེས་ནས་གྲི་དང་མི་མདའ་བསྡུས་པའི་སྐྱོན་རེད།།
༣༽ ཡང་ཁག་ཅིག་གིས་མཐོ་སྒང་གི་འབྲི་གཡག་ཁྲོམ་རར་སྐྱེལ་བ་ནི་འབྲི་གཡག་རྩ་སྟོང་དུ་འགྲོ་རྒྱུའི་གོམས་སྟབས་མགྱོགས་ཤོས་དེ་ཡིན་ཟེར། སྙིང་རྗེ་བསམ་པས་འབྲི་གཡག་ཁྲོམ་རར་བསྐྱེལ་ན་འབྲི་གཡག་མང་བོ་གསོད་ཀྱི་རེད་བསམ་ནས་བཤད་ཀྱི་ཡོད་ན་བསམ་ཆར་མེད་མོད། ངོས་གནས་སྒྲ་ཇི་བཞིན་པ་བསམ་གྱི་ཡོད་ན་དེ་ནི་ནོར་བ་རེད། ས་ཐོག་འདིའི་ཐོག་བྱ་དང་ཕག་སོགས་ཁྲོམ་རར་བསྐྱེལ་བ་ནས་བཟུང་མང་རུ་འགྲོ་རྒྱུའི་དཀལ་ལས་ཉུང་དུ་འགྲོ་རྒྱུའི་དཀའ་ངལ་བྱུང་མེད།
༤༽ ཕྱི་རྒྱལ་ཡུལ་གྲུ་ཁག་ན་ཁྲིམས་འགལ་གྱི་ནག་ཉེས་བྱུང་ནས་ཁྲིམས་གཅོད་དང་། གསར་འགྱུར། བརྙན་འཕྲིན་ཐོག་གནས་ཚུལ་བཀོད་སྐབས་ནག་ཉེས་བསགས་མཁན་དོ་བདག་གི་ངོ་གདོང་བཀབ་ནས་མི་མང་གིས་ཁོ་སུ་ཡིན་མིན་མི་ཤེས་པ་བྱེད་ཀྱི་འདུག། དེ་ནི་རྗེས་ས་ཁོ་སྤྱི་ཚོགས་ནང་ལས་ཀ་བཙལ་བ་དང་སྤྱི་ཚོགས་ནང་འཚོ་དུས་གནོན་ཤུགས་ཀྱི་དཀའ་ངལ་མི་འཕྲད་པའི་ཆེད་ཡིན་པ་གདོན་མི་ཟ།
ང་ཚོས་མི་མང་ཁྲི་ཕྲག་མདུན་སར་རྐུན་མ་དང་ཇག་པའི་མིང་བཏགས་ནས་སྐེ་ལ་ཤོག་བྱང་བཏགས་ན་ཁོང་ཚོ་རྗེས་མ་སྤྱི་ཚོགས་ནང་ག་འདྲ་སེ་འཚོ་བ་རོལ་དགོས་སམ། ལས་ཀ་ག་འདྲ་སེ་འཚོལ་དགོས་སམ། ཁོང་ཚོའི་མི་ཚེ་ལ་བསམ་བློ་གཏོང་དགོས་སམ་མི་དགོས་རང་རེའི་སྤུན་ཟླ་ཚང་མས་དགོངས་བཞེས་ཡག་པོ་གནང་རོགས་ཞུ།།
སྨྱུག་རྩེ་ལགས། ཁྱེད་ཀྱིས་སྨྱུག་རྩལ་ལ་ང་ཡིད་སྨོན་འཆོར་གི བསམ་ཚུལ་ལ་ང་སུན་སྣང་སྐྱེས་ཀྱིན་མེད། གང་ལྟར་གཅིག་ཆད་སོང་། དེ་ནི་འབྲོག་ལས་ལ་སྙིང་བརྗེ་ཁུལ་གྱི་གཅེན་པོ་རྐུན་མ་དང་རྒྱན་འཇོག་པའི་པར་བཤམ་པ་དེ་རེད། འབྲོག་པ་མང་ཚོགས་ཚོས་ཀྱང་དབྱར་དགུན་སྟོན་དཔྱིད་ལ་རྐང་བ་དང་ལག་པ་སེར་ཀ་གས་རག་བར་དཀའ་ལས་བརྒྱབ་ནས་ཟོག་ལུག་འཚོ་སྐྱོང་གནང་བ་ནི་གཅེན་པོ་རྐུན་མ་དང་རྒྱན་འཇོག་པས་སྐར་ཆ་ཁ་ཤས་ནང་མེད་བཀླག་དུ་བཏང་ན་འགྲིག་གམ།
སྐུ་ཉིད་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ།
འགྲིག་མིན་དང་གཞན་གྱིས་ཁས་ལེན་མིན་ལ་མ་ལྟོས་པར་ངེས་པར་བཤད་དགོས། བཤད་ནས་མ་གོ་ན་བྱ་ཐབས་བྲལ་བ་རེད། འཐད་པ་དང་མི་འཐད་པའི་ཕྱོགས་གང་ཡིན་ཡང་མུ་མཐུད་ནས་ཤོད། བཤད་བཤད་པའི་མཐའ་མར་བདེན་པ་སུ་ཡིན་ལྷང་ལ་འབུད་ངེས་རེད། དེ་ཡང་རིག་པ་དང་བསྟུར་ནས་དཔྱད་དགོས་པ་ལས་ཕ་ཡུལ་གཅིག་པ་དང་ལུང་ཚན་དང་ཆོས་བརྒྱུག་ཡིན་མིན་ལ་ལྟ་རྒྱུ་མེད། དེ་སང་སྐད་ཆ་བཤད་མཁན་དང་རྩོམ་འབྲི་མཁན་ཕལ་ཆེར་གྱི་ཀུན་སློང་ནི་རང་ཕྱོགས་ལ་མཆོག་ཏུ་ལྟ་བ་དང་གཞན་ཕྱོགས་པ་དམའ་ཕབ་རྒྱུ་དེ་རེད།
དེ་འདྲའི་བསམ་བློ་དང་ཀུན་སློང་འཁྱེར་ནས་སྐད་ཆ་བཤད་པ་དང་ཡི་གེ་ཚིག་གཅིག་བྲིས་ན་ཡང་ནོར་བ་རེད། གང་ཡིན་ཟེར་ན་རང་གི་ནང་རྟགས་ཕྱི་ལ་བསྟན་ཟིན་པས་སོ། དེས་ཕྱིར་མི་ཚོས་ཁ་ནས་ཅང་མ་བཤད་ན་ཡང་རྒྱབ་ནས་གད་མོ་ཤོར་ངེས་རེད།
བདེན་མིན་དང་འགྲིག་མིན་ལ་མ་ལྟོས་པར་རང་གི་བསམ་ཚུལ་དྲང་མོར་གསུངས་རོགས་གནང་།
བླ་གྲྭ་འདི་ཚོ་ལ་ལས་རྒྱུ་འདུག་གི་ཨ། རྒྱས་བླ་གྲྭའི་སྐེ་ལ་ཉེས་ཤིང་བསྐོན། བླ་གྲྭས་བོད་མིའི་སྐེ་ལ་ཉེས་ཤིང་བསྐོན། ཨ་ཁ་ཁ། ཁྲ་བྱིའུ་ཐུབ། བྱིའུ་འབུ་ཐུབ། ལས་འདི་མོ་ཟིག་གི་སྨོན་ལམ་ཅི་ལྟར་ཕོག་པ་ཡིན་ནི་ཨ། ཧ་ཧ་ཧེཧེ་ཧོ་ཧོ།
སྨྱུག་རྩེ་ལགས་ཀྱིས་གནས་ལུགས་རྒྱུ་མཚན་ལྡན་པའི་སྐད་ཆ་འགའ་བཤད་འདུག་པ་ཐུགས་རྗེ་ཆེ་ཞུ། དེ་ནས་གྲོགས་ཁ་ཤས་ཀྱིས་དཀའ་ལས་རྒྱབ་ནས་བསགས་པའི་རྒྱུ་དངོས་རྐུ་བ་དང་ཤོ་བརྒྱབ་ནས་བརླག་ན་འགྲིག་གམ་ཞེས་དྲིས་འདུག་པ་ལ། དེ་ནི་རྩ་བ་ནས་མི་འགྲིག་འོན་ཀྱང་ཁྱིམ་ཚང་ནང་ལོག་གི་དོན་དག་ཡིན་ན་ཁྱིམ་ཚང་རང་ནས་ཐག་གཅོད་གནང་གི་རེད་ལ་ཕྱི་ནས་ཡིན་ན་རྒྱལ་ཁབ་རང་གི་ཁྲིམས་ཀྱིས་གནང་གི་རེད། ང་ཚོའི་ཤེས་ཡོན་ཅན་གྱི་སྐྱ་སེར་ཚོས་སློབ་གསོ་རང་གཏོང་རྒྱུ་ལས་ཁྲིམས་གཅོད་སོགས་གནང་ན་རྩ་བ་ནས་ནོར་གྱི་ཡོད་པ་ཤེས་དགོས་རན་རེད།
རྟེན་འབྱུང་ལགས། ང་ཚོའི་ལུང་པར་རྒྱ་ལག་ཏུ་འཇོག་བགྱོ་ཟེར་ན་དམོད་ཚིག་སྡིག་ཤས་གཅིག་ལ་བརྩི་གནང་གི་རེད་ལགས།
ཆོ་མེད་ཀྱི་སྐད་ཆ་རང་རེད། སྐེ་ལ་ཤོག་བྱང་བཏགས་པ་འདི་དགེ་བཅུའི་ཁྲིམས་དང་འགལ་བའི་ཉེས་ཆད་ཡིན་པའི་ཁུང་སྐྱེལ་མེད་བཞིན་དུ། པར་འདི་ཡང་བཀོད་བསྐྱར་བཀོད་ཀྱིས་དགེ་བཅུའི་ཁྲིམས་ལ་རྒོལ་བ་ནི་གཟུགས་མེད་གྲིབ་བཟོ་རང་རེད། ཁྲིམས་བཅོད་པའི་ཐོབ་ཐང་མེད་ཅེས་རྩོད་ཐུབ་ན་རྒྱ་གཞུང་ལ་རྩོད་དང་། ཁོང་ཚོད་བོད་ས་བཙན་བཟུང་བྱས་པ་མ་ཚད་བོད་མི་ཉེས་མེད་མང་པོ་ལ་དྲང་བདེན་མིན་པའི་ཁྲིམས་བཅོད་བཏང་དང་གཏོང་བཞིན་པ་རེད། ཕྱི་ལ་ཨ་བྲའི་སོ་ཙམ་སྟོན་རྒྱུ་མེད་པ་ནང་ལ་གླ་ཕོའི་མཆེ་བ་ཙམ་ཞེས་པ་དེ་འདི་འདྲ་ལ་ཟེར་བ་རེད། ཕག་དང་ནོར་ལུག་གཉིས་ཁ་ཁ་སོ་སོ་རེད། ཕག་ལ་ཤ་མ་གཏོགས་ལྟ་ས་གང་ཡང་མེད་པ་རེད། ནོར་ལུག་ལ་འོ་མ་དང་ཕྱུར་བ་བལ་སོགས་ལྟ་ས་མང་པོ་ཡོད་རེད། མ་གཞི་དགེ་བཅུའི་ཁྲིམས་ནང་ལ་བཤས་ཚོང་རྒྱག་མི་རུང་བ་འཁོད་ཡོད་པ་ལས། སོ་སོས་ཟ་ཡ་བཤའ་མི་རུང་བ་འཁོད་མེད་པ་གསལ་པོ་རེད། རོང་འབྲོག་མང་ཚོགས་ལ་སྒོར་མོ་སྐར་མ་གཅིག་གཞན་ནས་ཡོང་ས་མེད་ཅེས་པ་དེ་ཡང་ཧམ་བཤད་རང་རེད། དེང་སང་བོད་ནང་གི་མི་ཕལ་མོ་ཆེའི་སྒོར་མོའི་ཡོང་ཁུང་ནི་དབྱར་རྩྭ་དགུན་འབུ་ཡིན་པ་ལས་ནོར་ལུག་མ་རེད། དེང་སང་དབྱར་རྩྭ་དགུན་འབུ་མང་སའི་ས་གནས་མང་པོ་ན་འབྲོག་པ་ཚོས་སུས་ཀྱང་སྐུལ་མ་དགོས་པར་རང་འདོད་ཀྱིས་ནོར་ལུག་མེད་པ་བཟོས་ཏེ་གྲོང་ཁྱེར་ལ་སྤོ་འགྲོ་མཁན་མང་པོ་རེད། གྲི་དང་མེ་མདའ་སྤྱང་ཀི་འགོག་བྱེད་རེད་ཟེར་བ་དེ་ཡང་རྫུན་གཏམ་འབའ་ཞིག་རེད། གྲིས་སྤྱང་ཀི་འགོག་པ་ལ་ཕན་ཐོག་གང་ཡང་ཡོད་མ་རེད་ལ། མེ་མདའ་ཁྱེར་ནས་རྫི་བོ་འགྲོ་མཁན་ཞིག་སུ་ཡང་ཡོད་མ་རེད། འདི་དག་རྩྭ་ས་རྩོད་གླེང་སོགས་ཀྱི་སྐབས་སུ་ཕུ་ནུ་ནང་གསོད་གཏོང་བྱེད་འབའ་ཞིག་རེད། བྱ་ཕག་དང་འབྲི་གཡག་གཉིས་རྩ་བ་ནས་འདྲ་ཡི་མ་རེད། བྱ་ཕག་རྣམས་ཀྱིས་ཐེང་རེ་ལ་ཕྲུ་གུ་མང་པོ་བསྐྱེད་སྲིང་བྱེད་ཐུབ་ཀྱི་རེད་ལ་འབྲི་གཡག་གིས་དེ་འདྲ་བྱེད་ཐུབ་ཀྱི་མ་རེད། གང་ལྟར་གནས་ལུགས་མེད་པའི་སྐད་ཆ་མང་པོ་ཞིག་བསྐྱར་བཤད་ཡང་བཤད་ཙམ་ལས་ཅི་ཡང་མི་འདུག
གང་ལྟར་མང་པོ་ག་ཚད་བཤད་ཀྱང་།མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལས་བཀའ་དྲིན་ཆེ་ཞིག་ད་ལྟར་གཞན་སུ་གང་ཡང་མུ་འདུག་
༡༽མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་གཏན་འབེབས་གནང་བའི་དགེ་བཅུའི་ཁྲིམས་ནི་སངས་རྒྱས་ཀྱི་བཀའ་ལས་འགལ་བ་ཞིག་བདག་གི་མ་མཐོང་བས་གུས་བཀུར་ཞུ་བཞིན་ཡོད་།
༢༽དགེ་བཅུའི་ཁྲིམས་དང་འགལ་ན་ཉེས་ཆད་གཅོད་བཏང་འདི་ལ་བདག་གི་མོས་མཐུན་ཞུ་གི་མེད་།
རྐེ་ལ་ཤོག་བྱང་འདོག་སཔ་འདི་ཁྲིམས་གཅོད་བྱེད་སྟངས་ཡག་པོ་ཞིག་མ་རེད། དེ་བཞིན་དུ་འདྲ་པར་དྲ་ངོས་སུ་སྤེལ་སྐབས་དེ་དང་ལྷན་དུ་གནས་ཚུལ་ཞིབ་ཚགས་ཀྱི་ཁུངས་སྐྱེལ་མེད་ན་དེ་ལས་ཀྱང་ཡག་པོ་མ་རེད། འདི་ཡུལ་སྡེ་བ་གང་རེད། དུས་ཚོད་ན་ཞིག་ལ་བྱུང་བ་རེད། དེ་ཡིན་གཅིག་མིན་གཅིག་གསལ་པོ་ཤེས་དགོས་པ་རེད། བཤད་དགོས་པ་རེད། པར་འཁྱམས་ཁ་ཤས་བཀྲམས་ནས་མི་ཞིག་གམ་ལམ་ལུགས་ཤིག་ལ་སྐྱོན་འཛུགས་བྱེད་པ་དེ་ལས་ཀྱང་ཐབས་སྡུག་རེད། ཕལ་ཆེར་ཁྲིམས་ཐོག་ནས་ཀྱང་ནག་ཉེས་ཡིན་པ་རེད།
ངའི་རེ་བ་ལ། འདི་ལ་གསལ་བཤད་ཏག་ཏག་ཅིག་ཡོང་བའི་རེ་བ་ཡོད།
༡ འདི་འདྲ་བྱེད་པའི་ཡུལ་སྡེ་བ་གང་རེད།
༢ དུས་ཚོད་ནམ་ཞིག་ལ་བྱུང་བ་རེད།
ཁྲིམས་གཅོད་བྱེད་སྟངས་འདི་ལ་ང་ཡང་དགའ་མ་སོང་།་ཡིན་ན་ཡང་། རྩོམ་པ་པོ་འདིས་ཡུལ་དུས་གང་ཡིན་སོགས་ཁུངས་སྐྱེལ་གསལ་པོ་མེད་པས་འདྲ་པར་འགྲེམ་སྤེལ་བྱེད་སྟངས་ལ་དེ་བས་ཀྱང་དགའ་མ་སོང་། འདི་རིགས་དེ་མ་གཟབ་ན་ཁྲིམས་ཐོག་ནས་ཀྱང་འགྲིགས་མེད་པ་རེད།
རྩོམ་པ་པོས་འདི་པར་འདི་དག་བྱུང་བའི་ཡུལ་དུས་ལ་ཁུངས་སྐྱེལ་དཔང་རྟགས་ཡོད་པའི་འགྲེལ་བཤད་ཅིག་གནང་རོགས། ངས་ས་ཆ་འདི་ངོ་ཤེས་པ་འདྲ་ཞིག་བྱས་སོང་། ཡིན་ན་ཡང་དེ་ཙམ་ཏག་ཏག་མི་འདུག ད་དུང་ཁྱོད་ཚོའི་སྐད་ཆར་ཉོན་ནས་འདུག་གི་ཡིན།
མཁན་པོ་བླ་མ་སུ་ཡིན་རུང་སྤྱི་ཚོགས་དང་ཆོས་ཚོགས་ཀྱི་ཁྲིམས་འགལ་བ་ཁྲོམ་སྐོར་ལ་ཁྲིད་ནས་བརྙས་བཅོས་བྱེད་མཁན་འིད་སུ་ཡིན་རུང་ཡག་པོ་མ་རེད། ཡིན་ན་ཡང་ཆོས་ཚོགས་ཀྱི་ཚོགས་མིའི་ཁེ་ཕན་མེད་པར་བཟོ་བ་སོགས་ནི་འོས་བབ་ཡོད་པ་ཞིག་རེད།
ངས་འདྲ་པར་འདི་འགྲེམ་སྤེལ་བྱེད་མཁན་གྱིས་འདིའི་ཡུལ་དུས་སོགས་ལ་འགྲེལ་བཤད་སྣ་གཅིག་མེད་པར་འདིར་འགྲེམ་སྤེལ་བྱེད་སྟངས་ལ་བལྟས་ན་ངོ་མ་ཕྲག་ཏོག་སོགས་དམིགས་ཡུལ་གཞན་ཞིག་མེད་དམ་སྙམ་གྱིན་གྱིན་འདུག འདི་གནད་འགག་ཚབ་ཆེན་ཞིག་རེད།
རྩོམ་པ་པོ་ལགས་ཀྱིས་ངེས་པར་དུ་ཡང་འདིའི་ཡུལ་དུས་སོགས་ལ་དཔང་རྟགས་ཁུངས་སྐྱེལ་གནང་རོགས། དེ་མེད་ན་འདྲ་པར་འདི་རིགས་ཕྱིར་བསྡུ་བྱེད་རོགས། མ་གཞི་པར་འདི་རིགས་ལ་པར་བསྐྲུན་བདག་དབང་ཡོད་རིགས་ཡིན་པའི་འབྱུང་ཁུངས་ཀྱི་ཡི་གེ་སོགས་གཤམ་ན་གསལ་འདུག་པས་རྩད་གཅོད་གཏོང་དེ་ཙམ་དཀའ་མོ་ཞིག་མ་རེད་སྙམ།
འདྲ་པར་འདི་ཚོའི་འབྱུང་ཁུངས་ནི་རྒྱ་ཡིག་གི་ཝུའི་པོ་དྲ་བ་རེད་འདུག ཨང་གྲངས་དང་བཅས་པ་གསལ་པོར་བཀོད་འདུག ངས་རྒྱ་ཡིག་མི་ཤེས་པས་དྲ་བ་དེར་ཞུགས་མི་ཤེས། ཁྱེད་ཚོ་ཨུའི་པོ་དྲ་བ་ལ་ཞུགས་ཤེས་ན་གཅིག་ལྟ་རོགས་དང་པར་འདི་གང་དུ་ནམ་ཞིག་ལ་སུས་སྤེལ་བ་ཡིན་སོགས་གནས་ཚུལ་ཅུང་གསལ་པོ་ཤེས་ས་རེད་བསམ། འདི་སུས་བྱས་གསལ་པོར་ཤེས་མ་ཤེས་ན་ཡག་པོ་མི་འདུག
དེང་སང་ང་རྒྱལ་ཐང་ལ་ཡོད། འདི་ཕྱོགས་སུ་ས་འགུལ་རྒྱབ་ཀྱི་འདུག འོན་ཀྱང་སྐྱོན་ཆེན་པོ་མི་འདུག
ཁུང་ལུང་མེད་པའི་སྐད་ཆ་ལུང་པ་གང་། ཁུང་བསྐྱེལ་མེད་པའི་གནས་ཚུལ་ཕྱོགས་རེ་བ།
བདེན་དཔང་མེད་པའི་འདྲ་པར་འཁྱམས་པོ་ཞིག། ཡིད་རྟོན་མེད་པའི་གྲྭ་འཁྱམས་ཞིག་གིས་སྤེལ།
དེ་སྔོན་རྒྱ་མི་གུང་ཁྲན་བོད་ལ་ཐོན་དུས་ཉེས་མིང་འདི་དག་བེད་སྤྱད་ནས་བོད་ཀྱི་རྒྱུ་ནོར་བཤུ་གཞོག་བྱས་ནས་གོ་མིན་ཏང་མེད་པར་བཟོས་པ་རེད། ད་མཁན་པོ་དག་གིས་བོད་མིར་བཤུ་གཞོག་བྱས་བའི་སྒོར་མོ་འདི་དག་བསགས་ནས་དྲག་ཆས་སྒྲིག་ཏེ་འོས་ལངས་དང་གྱེན་ལངས་བྱེད་རྒྱུ་ཡིན་ན་ངས་བརྒྱབ་སྐྱོར་ཡོད། དེ་མིན་ན་བཤུ་གཞོག་བྱས་པའི་སྒོར་མོས་གཟན་ཁྲུ་ཙི་གང་ཉོ་བ་འམ་དགོན་པར་སོ་ཕག་རྐང་གཅིག་ཉོ་བའམ་རྒྱ་བླའི་ལོངས་སྤྱོད་ཀྱི་ཆེད་དུ་བཏང་བ་ཡིན་ན་འདིའི་རིགས་ལ་ངོས་ནས་བརྒྱབ་སྐྱོར་མེད།
༡༥༽ ཨ་ཕྱི་ཆོས་སྒྲོན་ནས།
སྤྱི་ལོ་ ༢༠༡༣ ཟླ་ ༩ ཚེས་ ༣ གི་ཆུ་ཚོད་ ༡༦ སྐར་མ་ ༠༧
དེང་སང་ང་རྒྱལ་ཐང་ལ་ཡོད། འདི་ཕྱོགས་སུ་ས་འགུལ་རྒྱབ་ཀྱི་འདུག འོན་ཀྱང་སྐྱོན་ཆེན་པོ་མི་འདུག་་
ཟེར།
རྫུན་མ་འདིར་ལྟོས།
སྡུག་སྐད་མ་རྒྱག ད་ལྟ་བོད་གཞིས་བྱེས་གཉིས་ན་ཀུན་གྱིས་བཀུར་བའི་བླ་མ་གཉིས་ཡོད་རེད། གཅིག་ནི་རྡ་རམ་ས་ལའི་བསྟན་འཛིན་རྒྱ་མཚོ། གཅིག་ནི་གསེར་རྟའི་ཚུལ་ཁྲིམས་བློ་གྲོས་རེད། དེ་གཉིས་ཀྱི་འགྲིག་གི་མེད་ན་འཛམ་གླིང་ནང་འགྲིག་པའི་བླ་མ་གཞན་སུ་གཅིག་རྙེད་མི་སྲིད།
མ་གཞི་ཁག་མེད། བོད་མི་སྐད་གྲགས་ཅན། བྱས་པ་ཅན་ཐོན་ན་འགའ་ཞིག་ནི་དངུལ་གྱི་ཕྱིར། ཆོལ་ཁའི་ཕྱིར། ཆོས་ལུགས་ཀྱི་ཕྱིར། ཕྲག་དོག་བཅས་ཀྱི་ཕྱིར་ཁ་ཟེར་བ་ནི་བོད་མའི་ཁྱད་ཆོས་རེད
པར་འཁྱམས་འདི་ཚོའི་འབྱུང་ཁུངས་ཡུལ་དུས་གསལ་པོ་ཞིག་བཤད་མ་ཐུབ་ན་དེ་ལས་ཀྱང་ཁྱད་མཚར་ཆགས་པ་རེད། ངས་ངོ་མ་ས་ཆ་འདི་ངོ་ཤེས་པ་འདྲ་བོ་བྱས་སོང་། འདི་དགེ་བཅུའི་ཁྲིམས་དང་འབྲེལ་བ་ཞིག་མ་རེད་དྲན་སོང་། ཡིན་ན་ཡང་ད་དུང་ཁྱེད་རྣམ་པའི་གསལ་བཤད་ལ་ཉན་ནས་འདུག་གི་ཡིན།
པར་འདི་རིགས་ངོ་དེབ་སྟེང་མང་པོ་ཁྱབ་སོང་ལ།ངོ་དེབ་སྟེང་དུ་ཨ་མདོ་རྔ་བར་དགེ་བཅུའི་ཁྲིམས་དང་འགལ་བ་ཚོར་ཁྲིམས་གཅོད་བྱེད་བཞིན་པ་བཀོད་འདུག།ང་རང་གིས་བསམ་ན་འབྲོག་པ་ཚོར་ཁག་འདོགས་དེ་ཙམ་བྱེད་ས་མེད་པ་རེད་དྲན།ང་རང་ལོ་ཉི་ཤུ་བར་འབྲོག་ནང་གིའང་འབྲོག་ས་ལྟེ་བ་ཡོད་ན་མེད་ན་ཅིག་ནས་ཟོག་རྫི་བྱས་ཏེ་མི་ཚེ་བསྐྱལ་བ་ཡིན།ངོ་མ་ཁྲིམས་བཙན་པོ་ཅིག་མེད་ན་རྐུན་ཇག་ཧ་ཅང་རྒོད་པོ་ཡོད་རེད།ལྷག་པར་རྒྱ་ནག་གཞུང་དང་དགེ་བཅུའི་ཁྲིམས་མཉམ་རུབ་བྱས་ཏེ་འབྲོག་པའི་ལག་ནས་མེ་མདའ་འཕྲོག་པར་ངོ་རྒོལ་མཐའ་གཅིག་ཏུ་ཡོད།
མེ་མདའ་མེད་ན་རྐུན་ཇག་གིས་ཉི་མ་དཀར་ཚུན་ཆད་ལ་སྒོ་ཟོག་ཚང་མ་དངོས་སུ་དེད་འགྲོ་གི་རེད།སྤྱང་ཀི་ལྔ་བཅུ་དྲུག་ཅུ་ཁྱུ་ཚོགས་བྱས་ཏེ་མི་ཚུན་ཆད་ཟ་གི་རེད།ཐ་ན་གླག་རྒོད་ཀྱིས་ལུ་གུ་ཚང་འཛེམ་དོག་མེད་པར་ཟོས་འགྲོ་གི་རེད།དེ་བས་ངའི་ཕ་ཡུལ་ཕྱོགས་སུ་རང་ཉིད་དང་རང་གི་སྒོ་ཟོག་སྲུང་སྐྱོབས་ཆེད་ལུག་དང་ཟོག་རྫི་མེ་མདའ་མེད་མཁན་མེད་པ་རེད།འོན་ཀྱང་།དེང་སང་རྒྱ་ནག་གཞུང་གིས་བོད་མིའི་ལག་གི་མེ་མདའ་འཕྲོག་བཅོམ་བྱས་སྟབས།འབྲོག་པ་ཚཽ་དཀའ་ངལ་ཆེན་པོའི་ནང་ཚུད་གདའ།།
པར་འཁྱམས་འདི་ཚོའི་འབྱུང་ཁུངས་ཡུལ་དུས་གསལ་པོ་ཞིག་བཤད་མ་ཐུབ་ན་དེ་ལས་ཀྱང་ཁྱད་མཚར་ཆགས་པ་རེད། ་་་་་ཟེར།
པར་འཁྱམས་འདི་དག་གི་འབྱུང་ཁུངས་འདི་ན་རེད་འདུག
松太加
http://weibo.com/u/3200755782
历史的某种特性在"轮回"中演绎着它的暴力,,
@火中的呼唤
རྔ་བའི་དགེ་བཅུའི་ཁྲིམས་འགལ་བ་ཚོ་དང་ཁྲིམས་དཔོན་གྲྭ་བ་ཚོ།
སྨྱུག་རྩེ་ལགས་ཀྱིས་གནས་ལུགས་རྒྱུ་མཚན་བགྲང་ནས་བཀོད་འདུག་པ་མ་ཟད་པར་ཡང་ཁག་ཁ་ཤས་བཀོད་འདུག་པ་མིག་མཐོང་ལག་ཟིན་ཡིན་བཞིན་དུ་ད་དུང་ཞེན་ཁོག་གི་ལྒང་བུ་ཧ་ཅང་སྦོས་དྲགས་ནས་པར་འཁྱམས་འདི་ཚོ་ལ་ཁུངས་ལུང་མི་འདུག་ཟེར་བ་ལས་དངོས་དོན་ཁས་ལེན་གནང་ན་མི་རྣམ་དཔྱོད་ཅན་དང་ཤེས་ཡོན་ཅན་ཡིན་པའི་རྟགས་རེད། དེ་ལྟར་ཁས་ལེན་པ་དེས་མཁན་པོ་ལ་དད་ལོག་བྱེད་པ་དང་མི་དགའ་བ་གང་ཡང་མ་རེད། ནོར་འཁྲུལ་སུ་ལ་ཡང་ཡོང་ཆོག་གི་རེད། ང་ཡང་མཁན་པོ་ཁོང་ལ་དགའ་མཁན་ཞིག་ཡིན། ཁོང་ནི་གྲྭ་བ་སྤྱིར་བཏང་བ་ཞིག་དང་སློབ་སྦྱོང་གི་ཡོན་ཏན་ཡག་པོ་ཡོད་མཁན་ཞིག་རེད། འོན་ཀྱང་༧་སྤྱི་ནོར་གོང་ས་མཆོག་དང་འདྲ་མཉམ་ལྟ་བུ་བཤད་པ་ནི་ཤིན་ཏུ་ནས་ཀྱང་མི་འོས། གོང་ས་མཆོག་གི་མཛད་རྗེས་ནི་འཛམ་གླིང་གོ་ལ་འདིའི་ཐོག་ཉི་མ་ལྟ་བུ་གྱུར་ཡོད་པ་ཀུན་གསལ་རེད། མཁན་པོ་ཁོང་གི་མཛད་རྗེས་ནི་གསེར་རྟ་སོགས་ཙམ་རེད། ཁྱེད་ཚོས་བསྟོད་མ་ཤེས་བསྟོད་ཁུལ་གྱིས་གོང་ས་མཆོག་འདྲ་མཉམ་ལྟ་བུར་བཤད་ན་མཁན་པོ་ཁོང་གིས་ཀྱང་དངོས་གནས་རེད་བསམ་ནས་ད་དུང་ནོར་འཁྲུལ་དེ་འདྲ་ཡོང་སྲིད་ཀྱི་རེད། མི་རྣམ་དཔྱོད་ཅན་གྱིས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པ་དང། ཆོས་དེ་ཡང་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པ་དང་། དོན་དེ་ཡང་དྲང་དོན་ལ་མི་རྟོན་དངོས་དོན་ལ་རྟོན་པ་དང་། དངོས་དོན་དེ་ཡང་རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་དགོས་པ་ལྟར་གནང་ཐུབ་ན་དགེ་མཚན་ཆེའོ།།
འདི་བདེན་པ་ཡིན་མིན་གང་ཡིན་ཡང་གྲྭ་པའི་སྤྱི་ཚོགས་ཞིག་གིས་མི་དམངས་ལ་ཁྲིམས་གཅོད་འདི་འདྲ་བྱས་ན་འགྲིག་གི་མ་་རེད། དངོས་གནས་འབྱིན་ཐོ་ཅན་གྱི་གྲྭ་པ་ཞིག་ཡིན་ན་ཆོས་དང་འཇིག་རྟེན་གང་གི་ཐད་ནས་སློབ་གསོ་བཏང་སྟེ་སེམས་རྒྱུད་ཆོས་ལ་བཀོད་ནས་ ཁོ་རང་ངེས་ནས་མི་དགེ་བཅུ་ལ་སོགས་པ་སྲུང་ཐུབ་པ་ཞིག་བཟོ་ནུས་ན་དེ་སྤྱི་ཚོགས་ལ་ཕན་ཐོག་རེད་ལ། གྲྭ་པའི་འབྱིན་ཐོ་ཡང་དེ་རེད། འཕྲལ་ཕུགས་གཉིས་ཀ་ལ་ཡང་དེས་ཕན་པ་རེད། ཁྲིམས་བཅད་འདི་འདྲ་ནི་འཕྲལ་ལ་སྐྲག་སྣང་ཙམ་མ་གཏོགས་ཕུག་ལ་ཕན་ཐོག་གང་ཡང་ཡོད་མ་རེད།
རྟེན་འབྱུང་ཡིན་ན་འདིས་སྐད་ཆ་རྫིག་པོ་བཤད་ཁུལ་བྱས་པ་ལས་ཁོ་རང་ཞེན་ཁོག་གིས་རུལ་ཚར་ཡོད་པ་གསལ་པོ་སྟན་འདུག པར་ཁ་ཤས་ཀྱིས་དགེ་བཅུའི་ཁྲིམས་ཀྱི་ཉེས་ཆད་ཡིན་པ་ཇི་ལྟར་དཔང་པོ་བྱེད་དགོས་སམ། དགེ་བཅུའི་ཁྲིམས་དང་འགལ་ན་མ་གཏོགས་གཞན་ཉེས་ཆད་འདི་འདྲ་གཏོང་མི་སྲིད་པ་རེད་དམ། སྤྱིར་དེང་སང་པར་འདྲ་མིན་ག་རེ་བཟོ་བཟོ་རེད།
པར་འཁྱམས་འདི་རིགས་ཁུངས་སྐྱེལ་དགོས་པ་རེད། གཅིག་ནས་འདིའི་སྟེང་ན་དགེ་བཅུའི་ཁྲིམས་དང་འགལ་བ་ཡིན་མིན་གྱི་གསལ་ཁ་མི་འདུག གཉིས་ནས་ས་ཆ་ཆགས་སྟངས་ལ་བལྟས་ན་རྔ་བ་ཀིརྟི་དགོན་པ་འདྲ་བོ་འདུག གསུམ་ནས་འདིའི་ནང་ན་མཐོང་བའི་གྲྭ་བ་ཚའི་གཟན་ཤམ་མནབ་སྟངས་སོགས་དགེ་ལུགས་པ་འདྲ་བོ་འདུག བཞི་ནས་འདྲ་པར་གསལ་པོ་མེད་དུས་འདྲ་པར་རྫུན་བཟོ་ཡིན་ནམ་ཡང་ཤེས་ས་མ་རེད། དེ་འདྲ་ཡིན་སྟབས་ཁུངས་སྐྱེལ་མེད་ན་ཁྲིམས་ཐོག་ནས་ཀྱང་མཐུན་གྱི་མ་རེད་ལ་དྲ་བའི་བཟང་སྤྱོད་ལ་ཡང་མཐུན་གྱི་མ་རེད། ཚུལ་ཁྲིམས་བློ་གྲོས་དང་དགེ་བཅུའི་ཁྲིམས་ཟེར་བའི་དཔང་རྟགས་མེད་མཁན་གྱི་པར་འཁྱམས་དེ་འདྲ་ང་ཤེས་ཡོན་ཅན་ཚོས་ཁས་ལེན་ཁག་པོ་རེད། ངས་ཚུལ་ཁྲིམས་བློ་གྲོས་ཟེར་བ་ངོ་མི་ཤེས། ཡིན་ན་ཡང་བདེན་པ་ཟེར་བ་དེ་ང་ཚོ་ཚང་མ་ལ་དགོས་པའི་ཆ་ནས་ངས་འདི་བཤད་གི་ཡོད།
ངས་པར་འཁྱམས་འདི་ཚོའི་འབྱུང་ཁུངས་གསལ་བཤད་དང་ཁུངས་སྐྱེལ་དགོས་ཟེར་དོན་ནི་རྩོམ་པ་པོ་ཚོས་ཕྱིན་ཆད་ལས་ཀ་གཟབ་ནན་བྱེད་ཤེས་པའི་ཆེད་དུ་བཤད་ཀྱིན་ཡོད། དེ་མིན་གྲོང་གསེབ་རྒན་མོ་ཚོའི་བཤད་ཡམ་ཙམ་གྱིས་དོག་འདྲོག་དང་བསྟོད་སྨད་སྔ་མི་རུང་།
གོང་གི་རིན་ཆེན་དར་རྒྱས་ལགས་རྒྱ་ཡིག་གི་ཝུའེ་པོ་དྲ་བ་ལ་འཛུལ་ཤེས་གི་ཡོད་ས་རེད། དེ་ན་གསལ་བཤད་ག་འདྲ་འདུག མི་སུ་ཞིག་གི་བཀྲམ་པ་རེད་འདུག དུས་ཚོད་ནམ་ཞག་ལ་ཐོན་པ་སོགས་གསལ་བཤད་འདྲ་འདུག་གམ།
འདི་དགེ་བཅུའི་ཁྲིམས་འགལ་པར་ཆད་པ་གཅོད་པའི་པར་ཡིན་སྲིད་ན། དེ་ཚུལ་ཁྲིམས་བློ་གྲོས་ཀྱི་དགོངས་པ་དང་གཏན་ནས་རྒྱབ་འགལ་ཏུ་གྱུར་བ་རེད། མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྐུལ་སློང་དང་སློབ་གསོའི་སྒོ་ནས་ལེགས་ལམ་དུ་འཇུག་རྒྱུ་ལས། བཙན་གནོད་དང་ཆད་པའི་སྒོ་ནས་དགེ་བཅུ་སྤེལ་ཚུལ་གསུངས་པ་གཏན་ནས་མེད། ཚུལ་ཁྲིམས་བློ་གྲོས་གྲྭ་བ་ཉམས་ཆུང་། ཡོན་ཏན་དང་ལྷག་བསམ་ཆེན་པོ་ཅན་ཡིན་པས་སྤྱི་ཚོགས་ཀྱིས་རང་བཞིན་གྱིས་བཀུར་བ་རེད། ཁོང་ལ་༧གོང་ས་ལྟ་བུའི་ཐོབ་ཐང་ཡང་མེད་ལ། ཀརྨ་པ་ནང་བཞིན་སྐུ་སྲུང་ཡང་མེད། ད་ལྟ་བར་ལྟོ་སྐྱ་གོས་ཧྲུལ་གྱིས་ཆུ་ལེན་མེ་འབུད་ཚུན་ཆད་གནང་ཞིང་། རང་གཡོག་རང་གིས་སྒྲུབ་ནས་ཡོད་པའི་བླ་རུང་གི་བླ་རྒན་སྤྱི་དང་འདྲ། ཁོང་སྐུ་ཚེ་བརྟན་པར་ངས་རྒྱུན་དུ་སྨོན་ལམ་བཏབ་ནས་ཡོད། གོང་གི་པར་དེ་དགེ་བཅུ་སྤེལ་བའི་པར་དངོས་ཡིན་ཚེ། བླ་མ་སུ་ཞིག་དང་ས་གནས་གང་ཞིག་ནས་བྱས་པ་ཡིན་ཀྱང་དེ་ལ་ངོ་རྒོལ་དགོས། །
ལུང་རྟོགས་ཟེར་བ་འདི་ཚུལ་བློའི་རྒྱུག་ཁྱི་ཡིན་པར་ཐག་གི་ཆོད།
རྒྱ་ནག་གིས་ལྕགས་ཀྱི་བྱང་ལེབ་མ་བཏགས་སྔོན་ལ་བོད་པར་འདོགས་རྒྱུ་ཅིག་ཡོད་ན་བཟང་ང། སློབ་གསོས་འདོགས་མ་དགོས་པ་བྱུང་ན་དེ་ལས་གྱང་བཟང་ང། འོན་གྱང་བོད་ཀྱི་རྐུན་མ་རྒྱ་ལག་ཏུ་འཇོག་རྒྱུ་འཚེར་སྣང་མེད་པ་ནི་བོད་མི་རིགས་ཀྱི་རིག་གནས་ལ་བྱིངས་མི་དགའ་བ་དེ་དག་མིན་པར་སྨོན། བོད་ཀྱི་རྐུན་མ་རྒྱ་ལག་ཏུ་མི་འགྲོ་བའི་ཐབས་དང་ཇུས་གདོན་པ་པོ། སྐྱ་བོ་རེ་བྱུང་ན་ང་ཧ་ཅང་དགའ།
ཆགས་སྡང་གི་རྩོམ་སྤེལ་བ་ལས་གཞན། བོད་ཀྱི་རྐུན་མ་རྒྱ་ལག་ཏུ་འཇོག་པར་འདོད་པ་དག་མ་གཏོགས་པ་རྣམ་པ་ཚོས།
སྤུན་མཆེད་རྐུན་མ་དང་སྤུན་མཆེད་རྒྱན་འཇོག་པར་ཉེས་ཆད་ཇི་ལྟར་གཏོང་དགོས་མིན་གྱི་ཐད།
བསམ་ཚུལ་གསུངས་མཁན་ཡོད་ན།
གུས་པས་གུས་ཚོར་ཆེན་པོས་སྒུག་ངེས་ཡིན།
ཁྱེད་ཅག་ཚང་མ་མི་གསད་ནས་ཁྲིམས་ཆད་འཁུར་མི་འདོད་པའི་དོལ་རྒྱལ་བ་ལྟ་བུ་མིན་པར།
ཁྲིམས་ཆད་འཁུར་ཐུབ་མཁན་དང་།
དེ་ཡང་རང་གིས་ཡིད་ཆེས་ཆོག་པའི་མིའི་ཁྲིམས་ལྟར་དངས་ལེན་གནང་ཐུབ་མཁན་རེ་ཡིན་པར་སྨོན།
ཚུལ་བློ་ནི་མི་རྣམ་དཔྱོད་ཅན་ཞིག་ཡིན་པ་ལ་ང་ཡིད་སྨོན་འཆོར་མྱོང། འོན་ཀྱང་ཁོ་ཡི་སྤྱོད་ཚུལ་དགའ་ཞིག་ལ་ལྟས་ན་སྤྱི་སེམས་ཅན་ཞིག་གི་རྣམ་པ་ཞིག་ཡོད་རེད། ང་ཚོ་དེར་ནམ་ཡང་མགོ་འཁོར་མི་ཉན་དེ་ནི་ཁོའི་ཕྱིའི་རྣམ་འགྱུར་ཞིག་རེད་རྩ་བའི་སེམས་སྟིང་དེར་ནམ་ཡང་སྤྱི་སེམས་ཅན་ཞིག་མིན་པ་ཁོའི་གཏམ་བཤད་ཁག་ལ་ཉན་དང་ཧ་གོ་ཡོང་
རང་གི་བཤད་པ་དེ་བདེན་པ་དང་ཡང་དག་པ་ཡིན་དེ་མིན་ཐམས་ཅད་ལ་ཡིད་ཆེས་མི་རུང་བ་དང་རང་གི་ལྟ་བ་དེ་ཡང་དག་པ་དང་དེ་མིན་གྱི་ལྟ་བ་མཐའ་དག་ལོག་པ་ཡིན་པ་དངཁོ་རང་གི་ལྟ་བ་དེ་ལ་མ་རྟེན་ན་སངས་རྒྱས་ཀི་གོ་འཕང་ཕར་ཞོག་གནས་སྐབས་ཀྱི་བདེ་བ་ཙམ་ཡང་མི་ཐོབ་ཚུལ་རྒྱུན་དུ་ཤོད་བཞིན་པ་རེད། བོད་གངས་ཅན་ལྗོངས་སུ་ཡོད་པའི་ཆོས་བརྒྱུད་གཞན་གསུམ་གྱི་ལྟ་བ་ནི་ལོག་པ་འབའ་ཞིག་རེད་ཅེས་གོ་སྐབས་ནམ་བྱུང་ལ་བཤད་བཞིན་པ་རེད་
དེ་འདྲའི་རང་ལྟ་ཕྱོགས་་འཛིན་གྱི་བློ་ངན་དེའི་དབང་གི་རང་གི་འདོད་པ་ཞིག་འཁྲིམས་གཟོས་དེ་ནས་འཁྲིམས་དེ་དང་འགལ་ན་གང་ཡང་བྱེད་སྲིད་པ་ཞིག་རེད་མཐའ་ན་སྲོག་འཁྲིམས་ཡང་སྤྱོད་སྲིད་པ་རེད་
སྤོབས་མཐའ་ལགས། པར་དེ་དག་སྤྱི་ཟླ་༨ཚེས་༢༦ཉིན་བཞག་པ་ཞིག་རེད། འཇོག་མཁན火中的呼唤 http://weibo.com/u/3193635391
མེ་ལྕེའི་ཁྲོད་ཀྱི་བདེན་པའི་འཐབ་རྩོད། ཅེས་པ་དེ་རེད། པར་དེ་དག་གི་ཁ་བྱང་ལ། རྔ་བའི་དགེ་བཅུའི་ཁྲིམས་འགལ་བ་ཚོ་དང་ཁྲིམས་དཔོན་གྲྭ་བ་ཚོ།ཞེས་བྲིས་འདུག
གཞན། ༼སྤྱི་ཟླ་༨ཚེས་༢༩ཉིན་ཤར་ཟིང་ཆུའི་ཡུལ་གྱི་བྱང་བྱ་དུར་དགའ་མལ་དགོན་ཆེན་དུ་ཐེངས་དང་པོའི་གཡུང་དྲུང་བོན་གྱི་གཡས་རུའི་འཆད་རྩོད་ཆེན་མོ་འཚོགས་པ།༽ཞེས་པའི་པར་མང་པོ་བཀོད་འདུག
བོད་ཀྱི་བུ་སྐྱག་རྫུན་རྐྱང་རྐྱང་ལབ་ནས་ཅི་ཕན་ཀི་རེད། ཁྱོད་ཀྱིས་བཤད་པ་སུའི་བདེན་དུ་འཛིན།
བོད་ཀྱི་བུ་སྐྱག་རྫུན་རྐྱང་རྐྱང་ལབ་ནས་ཅི་ཕན་ཀི་རེད།
བཀྲ་ཡེ་ཚང་། རྒྱུག་ཁྱི་སུ་ཡིན་དུས་རྒྱུན་དུ་དྲ་རྒྱའི་ནང་ལ་གསལ་གསལ་ཐིང་ཐིང་རེད། གང་ལྟར་ང་ནི་མཁན་པོ་ཚུལ་བློ་དང་ཕ་ཡུལ་གཅིག་པ་མིན་ལ་ཆོས་རྒྱུད་ཅིག་པ་ཡང་མིན། ངས་མཁན་པོ་ཚུལ་བློའི་སྐུ་པར་ཙམ་ལས་དངོས་སུ་མཇལ་ཡང་མ་མྱོང་། འོན་ཀྱང་ཁོང་གི་བཀའ་སློབ་ཀྱི་འོད་སྡེར་མང་པོ་ཉན་མྱོང་ལ། དཔེ་དེབ་མང་པོ་ཀླག་མྱོང་། དེ་དག་རྒྱུད་ནས་ཁོང་མི་གང་འདྲ་ཞིག་ཡིན་པ་ཡང་ཕྱོགས་ཙམ་ཤེས། དེས་ན་ཁོང་ལ་གཞི་མེད་སྐྱོན་བརྗོད་བྱེད་མཁན་གྱི་དྲ་འབུ་འདི་དག་གི་སྐྱུག་བྲོ་བའི་བྱ་སྤྱོད་འདི་དག་ལ་དྲང་པོའི་ལམ་ནས་དགག་བཞག་བྱེད་ཀྱི་ཡོད།
ངས་བཤད་པ་དེ་ལྟས་ངན་རིན་ཆེན་དར་རྒྱས་ཡིད་ཆེས་རྒྱུའི་ཆེད་དུ་མིན་པ་ཤེས་པར་གྱིས་
མིན་ན་མིན་པའི་གནས་ལུགས་རྒྱུ་མཚན་བཤད་དགོས་པ་མ་གཏོག་ཁྱོད་ཀྱི་བཤད་པ་བདེན་པ་མ་རེད་ཅེས་པ་ཙམ་དང་ཚིག་ངན་ལབ་པ་ཙམ་གྱིས་ཕན་ཐོག་མེད་
རང་གི་བཤད་པ་དེ་བདེན་པ་རེད་དེ་མིན་ཐམས་ཅད་རྫུན་རེད་ངས་བཤད་པ་ལ་མ་ཉན་ན་དབྱུག་པས་འདུང་གི་ཡིན་མཐའ་ན་སྲོག་བཅད་གི་ཡིན་ཟེར་བ་དེ་ཁྱོད་ཚོ་དང་རྦིན་ལ་རྡེན་སོགས་ཁ་ཆེའི་ལྟ་བ་འཕྲེག་འཛིན་པ་ཚོའི་ལུགས་སྲོལ་ངན་པ་ཞིག་རེད་
“རང་གི་བཤད་པ་དེ་བདེན་པ་དང་ཡང་དག་པ་ཡིན་དེ་མིན་ཐམས་ཅད་ལ་ཡིད་ཆེས་མི་རུང་བ་དང་རང་གི་ལྟ་བ་དེ་ཡང་དག་པ་དང་དེ་མིན་གྱི་ལྟ་བ་མཐའ་དག་ལོག་པ་ཡིན་པ་དངཁོ་རང་གི་ལྟ་བ་དེ་ལ་མ་རྟེན་ན་སངས་རྒྱས་ཀི་གོ་འཕང་ཕར་ཞོག་གནས་སྐབས་ཀྱི་བདེ་བ་ཙམ་ཡང་མི་ཐོབ་ཚུལ་རྒྱུན་དུ་ཤོད་བཞིན་པ་རེད། བོད་གངས་ཅན་ལྗོངས་སུ་ཡོད་པའི་ཆོས་བརྒྱུད་གཞན་གསུམ་གྱི་ལྟ་བ་ནི་ལོག་པ་འབའ་ཞིག་རེད་ཅེས་གོ་སྐབས་ནམ་བྱུང་ལ་བཤད་བཞིན་པ་རེད་”
བོད་ཀྱི་བུའི་མིང་ཅན་ལགས། གོང་གསལ་འདི་ནི་ཁྱེད་རང་གིས་བཤད་པའི་སྐད་ཆ་རེད། མཁན་པོ་ཚུལ་བློས་འདི་འདྲ་ཞིག་གང་དུ་གསུང་འདུག དེབ་འདི་དང་ཡང་ན་འོད་སྡེར་འདིའི་ནང་ལ་གསུང་འདུག་ཅེས་གསལ་པོ་བཟོ་རོགས། དེ་ལྟར་སྟན་རྒྱུ་མེད་ན་ཁྱེད་རང་ཡང་ཕྱོགས་རིས་དང་ཆགས་སྡང་གིས་མྱོས་པའི་མི་བུ་ཐ་ཤལ་ཞིག་ལ་ངོས་འཛིན་བྱེད་རྒྱུ་ལས་ལྷག་ཡོད་པ་མ་རེད།
བོད་མི་རིགས་ཀྱི་ཆོས་རིག་དང་ཡུལ་སྲོལ་ལ་ཞེ་ནག་པ་དང་། དགེ་བཅུའི་ལུགས་སྲོལ་ལ་རྒོལ་མཁན་ཚོ། ཁྱོད་ཚོའི་རོ་རྣ་ཁྲག་གི་གང་མེད་ན། མཁན་པོ་ཚུལ་ཁྲིམས་བློ་གྲོས་མཆོག་གི་གསུང་བཤད་ལ་གཅིག་ཉོན་ད། མིག་ལོང་ཐོག་དགུ་ཡིས་མདན་མེད་ན། ཁོང་གི་གསུང་རྩོམ་ལ་ལྟོས་དང་། ཤ་ཟ་མི་ཆོག།བཤས་བཤའ་མི་ཆོག་ཟེར་བ་ཞིག་གང་ན་གསུང་འདུག། གང་དུས་གསུང་སོང། ཧིན། ད་དུང་མི་ཁ་ཤས་ཀྱི་དགེ་བཅུའི་ལུགས་སྲོལ་ལ་། གོང་ས་མཆོག་ཐུགས་འདོད་མེད་མདོག་མདོག་གི། ཁོང་གིས་རྡོ་རྗེ་གདན་གྱི་བཀའ་སློབ་གཅིག་ལོག་འགྲེལ་གྱིས། གོང་ས་༧མཆོག་དང་མཁན་ཚུལ་ཁྲིམས་བློ་གྲོས་གཉིས་ལ་དབྱེན་དཀྲུག་བྱེད་ཨེ་ཐུབ་གི་རེ་ངན་བྱེད་མཁན་ཚོ། མཁན་ཚུལ་ཁྲིམས་བློ་གྲོས་ཀྱི་རང་གི་སློབ་མ་རྣམས་ལ་སྐུལ་བས་དགེ་བཅུའི་ནང་ནས་། གོང་ས་མཆོག་གིས་ག་རེ་ཡག་པོ་མི་འདུག་གསུང་སོང། དགེ་བཅུའི་ཁྲིམས་ཀྱིས་དམངས་ཚོགས་ཀྱི་འཚོ་བ་ལ་ག་རེ་གནོད་གྱི་འདུག་ཤོད་དང།ཁྱེད་རང་ཚོས་ལབ་ཡ་གི་དམངས་ཚོགས་ཟེར་བ་དེ། རྐུ་མ་ཁྲམ་པ། ཆང་མཐུང་དུད་འཐེན། ཤོ་རྒྱག་རྒྱན་འཇོག་བྱེད་མཁན་ཚོ་རེ་པས། དེ་མིན་གྱི་མི་མང་དམངས་ཚོགས་ལ་ནི་དགེ་བཅུའི་ཁྲིམས་དང་འགལ་དོན་མེད་ལ། ཉེས་པ་ཞིག་ཕོག་དོན་ཡང་གཏན་ནས་མེད། སྐད་ཕྲན་དང་དྲ་ངོས་ཀྱི་པར་འཁྱམས་དེ་ཚོ་ཡང། དགེ་བཅུའི་ཉེས་ཁྲིམས་ཕོག་པའི་རྐུན་ཇག་ཚོའི་ཡིན་ན་ཡང། རྒྱལ་ཁབ་ལ་རྩ་ཁྲིམས་དང། ལུང་པ་ལ་ཡུལ་ཁྲིམས་རེ་ཡོད་པ་ཁྱེད་ཚོའི་ལོས་ཤེས། སུ་ཞིག་དེ་དང་འགལ་ན་ཉེས་པ་རེ་ལོས་ཡོད། ཁོང་ཚོ་ལ་ཚད་ལས་དགལ་བའི་ཉེས་ཆད། ཆོས་འཇིག་རྟེན་གང་ལ་མི་མཐུན་པ་ཅི་ཞིག་གཏང་འདུག། དབང་བོ་བཀོག་སོང་རེད་དང། ཡན་ལག་བཅད་སོང་རེད། ཨ་ཡ་མཚན། ཁྱེད་རང་ཚོ་ལྟར་ན་ང་ཚོས་ཟོག་ལུག་ཚང་མ་བཤས་ར་ལ་བཙོང་ནས། རྐུ་དང་ནང་དམེ། ཆང་མཐུང་རྒྱན་འཇོག་བྱས་ནས་འཚོ་བ་རོལ་དགོས་རེད་པས། ད་ཁྱེད་རང་ཚོའི་སྤྱི་བཤད་ཙམ་མ་ཡིན་པར། དགེ་བཅུའི་ལུགས་སྲོལ་འདི་དང་དེ་ཞེས་བགྲངས་ནས་སྤྱི་ཚོགས་གི་འཚོ་བ་གནོད་སྟངས་ཞིག་ཤོད་དང། འོ་བཤད་མ་ཐུབ་ན། སྡིག་ཁ་དེ་དང་སྡིག་ལག་དེ་འདུག་རོགས།
སྐད་ཆ་འདི་ངས་ཁོང་གི་སྐད་ཆ་མང་པོ་བཤད་པ་ལས་སྡོམ་རྒྱབ་ན་འདི་འདྲ་ཡང་ཡང་ཡོད་པ་རེད་ཅེས་ཞུ་བ་ཡིན་དེ་ཁྱེད་ཀྱི་ཞིབ་འཇུག་བྱེད་དང་ག་ལེར་ཤེས་འོང།
ང་ཡང་མཁན་པོ་ཁོང་གི་བྱ་སྤྱོད་མང་ཙམ་ལ་མོས་པ་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ་རྗེས་སུ་ཡིད་རངས་ཞུ་དགོས་པ་དེ་འདྲ་ཡང་མི་ཉུང་ཙམ་ཡོད། འོན་ཀྱང་ཕྱོགས་དགའ་ཞིག་ལ་མོས་མཐུན་རྩ་བ་ནས་བྱེད་མི་ཐུབ་པ་དེ་འདྲ་ཡང་མི་ཉུང་བ་ཞིག་ཡོད། བྱ་སྤྱོད་ནོར་བ་ཟུར་གཅིག་གིས་ཐམས་ཅད་ནོར་བ་དང་ལེགས་པ་ཟུར་གཅིག་གིས་ཐམས་ཅད་ལེགས་པར་ནམ་ཡང་སྒྲུབ་མི་ཐུབ། འོན་ཀྱང་ཁོང་གོ་བྱ་སྤྱོད་ལེགས་ཉེས་ཡང་ལྕི་རྐྱག་ན་ཉེས་པ་ལྕི་བ་ཞིག་མཐོང་གི་འདུག་
ང་རང་རྒེར་ངོས་ནས་བསམ་ན་མཁན་ཆེན་གསོད་དར་རྒྱས་ཀྱི་མཛད་པ་ལ་མི་ལེགས་པ་ཞིག་ད་ལྟ་བར་ནམ་ཡང་འཇལ་མ་མྱོང་ཁོང་ནི་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་སོགས་ཐམས་ཅད་ཧ་ཅང་དངས་བ་འདྲེན་པ་དང་དགོས་མེད་ཀྱི་བྱ་བྱེད་མི་མང་བ་ཁ་ཞེ་གཉིས་མེད་བདེན་པ་ལ་གཞིན་འཛིན་ཏེ་བོད་པའི་ཆོས་དང་རིགས་གཞུང་ལ་ཤིན་ཏུ་དཀའ་དྲིན་ཆེ་བའི་སྐྱེས་བུ་ཁྱད་པར་ཅན་ཞིག་ལ་མཐོང་གི་འདུག །སྤྱིར་ངས་མཐོང་བ་ཚང་མ་བདེན་པ་ཡིན་ཞུ་གི་མེད་འོན་ཀྱང་ངའི་ངོས་ནས་ཁོང་གཉིས་ལ་ཁྱད་པར་གནམ་ས་ལྟ་བུ་ཞིག་མཐོང་གི་འདུག་
གོང་ནས་བཀྲ་ཤིས་རྒྱལ་མཚན་གྱིས་གསུང་བ་དེ་བདེན་པ་ཡིན་ད་། འབྲོག་པ་ཚོ་སྙིང་མ་རྗེ་།
བོད་ཀྱི་བུ་ལགས། ད་ཁུང་སྐྱེལ་བྱེད་རྒྱུ་མེད་པ་གསལ་པོ་ཆགས་སོང་། འདི་དང་འདི་ཞེས་སྟན་རྒྱུ་མེད་ན་ཕྱོགས་སྡོམ་ཞེས་པ་དེ་འདྲ་ཞིག་ལ་སུས་ཀྱང་བདེན་ཁ་སྟེར་གྱི་མ་རེད། དེས་ན་རྗེས་ཕྱོགས་ནས་མི་གཞི་དང་བཟང་སྤྱོད་ཡོད་པའི་སྐད་ཆ་ཞིག་ཤོད་ཤོག
འདིར་ངས་ཁུང་སྐྱེལ་ཟེར་བ་སོགས་འཁྲིམ་ར་ཚོགས་བཞིན་པ་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་གི་མེད་
སྤྱིར་གཏང་མི་ཞིག་གི་བྱ་སྤྱོད་ལ་རང་གི་མཐོང་སྣང་བརྗོད་པ་དང་སྤྱི་སྡོམ་རྒྱབ་དགོས་པ་གལ་ཆེན་པོ་རེད། མི་གཤིས་ལ་རྟགས་སྐབས་མི་དེའི་བྱ་སྤྱོད་ཡོངས་རྫོགས་སྤྱི་སྡོམ་ཀྱིས་ཐག་བཅོད་རྒྱུ་གལ་ཆེ་བ་རེད་མ་གཏོག་འཁྲིམ་ར་ཚོགས་པ་ལྟ་བུ་ཞིག་ཡོང་ཐབས་མེད་པ་ཁྱེད་ཀྱི་ཨེ་ཤེས་སམ་
མི་མང་ལ་ཁྲིམས་གཅོད་གཏོང་བའི་དབང་ཚད་དེ་སུས་སྤྲད་པ་རས། ང་ཚོས་བཀས་བཀོད་རྒྱུད་འཛིན་དང་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་ཡོད་ཅེས་གསལ་པོ་བཤད་ནས་དམངས་གཙོའི་ཕྱོགས་ལ་ཁ་ཕྱོགས་དུས། སྲིད་དབང་སྒེར་འཛིན་ལག་བསྟར་བྱེད་མཁན་གྱི་མི་ལ་ངོ་རྒོལ་ཡོད། བྱེད་སྟངས་འདི་ཁ་ཆེའི་དྲག་གཅོད་པ་ཚོས་ཁ་ཆེའི་ཆོས་དང་བརྒལ་འདུག་ཅེས་མི་གསོན་པོར་རྡོ་རྒྱབ་ནས་གསོད་པ་དང་རྡོ་དོན་གཅིག་པ་རེད། ཆོས་ལུགས་ལྟ་བ་མཁྲེགས་པོ་འཛིན་མཁན་དེ་ཚོ་གནམ་འོག་ག་པར་་ཡོད་ནའང་། མི་གསོད་པ་དང་། མི་དམངས་ཀྱི་ཁེ་ཕན་ལ་རྡུང་རྡེག་གཏོང་བ། མི་དམངས་ཀྱི་ཐོབ་ཐང་འཕྲོག་པ་ཤ་སྟག་གི་ལས་ཀ་བགྱིས་སྟབས། ནམ་ཞིག་ཡུལ་ལ་སྡུག་བསྔལ་ཆེན་པོ་འདྲེན་པར་བྱེད། བྱེད་སྟངས་འདིས་ངེད་ཚོའི་ཆོས་གོས་གྱོན་པའི་དམག་སྲུང་དེ་ཚོ་མཐོང་དུས། ཁ་ཆེའི་ཡུལ་ལ་བསླེབས་པའི་ཚོར་སྣང་སྦྱིན།
མི་ལ་སྐྱོན་བརྗོད་བྱས་ན་ཕ་རོལ་པོ་ལ་སྐྱོན་དེ་ཡོད་པའི་ཁུང་སྐྱེལ་དགོས་པ་རེད། ཁུང་མེད་ལུང་མེད་ཀྱིས་སྐྱོན་བརྗོད་བྱེད་པ་ནི་བཟང་སྤྱོད་དང་འགལ་བའི་བྱ་ངན་ཞིག་རེད་ལ། ཕྱོགས་རིས་ཆགས་སྡང་གིས་ཀུན་ནས་སློང་ཡོད་པ་ཡང་གསལ་པོ་སྟན་པ་རེད།
འདིའི་ནང་གི་མཆན་འབྲི་མཁན་ཚང་མས་སྨྱུག་རྩེ་ལགས་ཀྱིས་བྲིས་པའི་རྩོམ་ཡིག་གི་བརྗོད་བྱའི་ཐོག་བགྲོ་གླེང་གནང་མཁན་གཅིག་ཀྱང་མཐོང་མ་སོང་། དོན་དག་མེད་པའི་ཕྱོགས་ཞེན་རང་ལས་མི་འདུག།
ཁྱོད་ཀྱི་བསྟོད་ར་གཏང་བ་དེ་ལ་བསྟོད་འོས་པའི་ཁུང་སྐྱེལ་དགོས་རེད། ཁུང་ལུང་མེད་པའི་བསྟོད་ར་བྱེད་པ་ནི་བཟང་སྤྱོད་དང་འགལ་བའི་བྱ་ངན་ཞིག་དང་ཕྱོགས་རིས་ཆགས་སྡང་གིས་དུག་ཆུས་མྱོས་པའི་སྨྱོ་རྟགས་ཡིན་པ་གསལ་པོ་རེད་
བླུན་རྒན་ཁྱོད་ཀྱི་བསྟོད་པ་དེ་ཡང་དག་པ་དང་ངས་བདེན་པའི་གནས་ལུགས་བཤད་པ་དེ་ཁུང་མེད་ཡིན་པར་བཤད་པ་ནི་ཆགས་སྡང་གི་མྱོས་པའི་རྟགས་གསལ་པོ་རེད་
ཁྱོད་ཀྱི་བསྟོད་པར་འོས་པའི་ཁུང་སྐྱེལ་རེ་རེ་ནས་བྲིས་དང་ཡི་ལྟ་ཆོག་
གོང་དུ་མང་པོ་ཞིག་གིས་སོ་སོའི་བསམ་འཆར་གསུང་འདུག་ལ་ཡག་པོ་ཡང་འདུག
སྤྱིར་མི་སུ་དང་སུས་ནག་ཉེས་བཟོས་ན་མི་རིགས་དེ་དང་དེར་ཤ་ཞེན་ཡོད་མཁན་རྣམས་ཀྱིས་སློབ་གསོ་དང་དེ་ལ་སེམས་ཁུར་བྱེད་རྒྱུ་ནི་ངོ་མ་ལྡོག་དུ་མེད་པའི་འགན་འཁྲི་ཞིག་རེད་བསམ་གི
ཡིན་ཡང་སློབ་གསོ་བྱེད་སྟང་གི་ཕྱོགས་ལ་མ་འཛོམ་པ་མང་པོ་ཞིག་དང་། ལྷག་པ་ཡང་མང་པོ་ཞིག་ཡོང་གི་འདུག་
དཔེར་ན་དགེ་བཅུའི་ཁྲིམས་ལྟ་བུ་རེད། དེ་འདྲའི་ཁྲིམས་བྱེད་པོས་ཀུན་སློང་ཡག་པོ་ཞིག་བཟུང་ནས་བྱས་ཀྱང་རུང་གཙོ་བོ་ཡུལ་དུས་ལ་ལྟ་ཤེས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད་བསམ་གི ལྷག་པར་དུ་ཁྲིགས་གཅོད་བྱེད་པ་ནི་ངོ་མ་མ་འོས་བ་ཞིག་ཡིན་པ་མ་ཟད་དགེ་འདུན་པ་རྣམས་ཀྱིས་ཆེས་བཀུར་སའི་བཅོམ་ལྡན་འདས་ཀྱིས་བཀའ་དང་ཡང་ཡོངས་སུ་འགལ་ཡོད་པ་ཁོང་གིས་གསུང་པའི་འདུལ་ཁྲིམས་ལ་གཟིགས་ན་གཞི་ནས་ཤེས་ངེས་རེད།
འདི་ནི་ཕལ་ཆེར་བསྟན་པ་ཉམས་པའི་རྟགས་མཚན་ཡིན་ས་རེད།
ཡང་གོང་དུ་ཕྱིའི་རྒྱལ་ཁབ་ནས་ནག་ཉེས་ཅན་གྱི་གདོང་མི་སྟོན་པ་ནི་རྗེས་ཕྱོགས་ཁོང་སྤྱི་ཚོགས་ནང་དུ་འཚོ་བ་སྐྱལ་བདེའི་ཆེད་རེད་གསུང་འདུག དེ་ལྟར་མ་རེད་དེ་ནི་མི་ཁོ་རང་ལ་རང་ཉིད་ཀྱི་གདོང་སྤྱི་ཚོགས་ལ་སྟོན་དང་མི་སྟོན་གང་ཡིན་ཀྱི་བདག་དབང་གཙང་མ་ཡོད་ཕྱིར་རེད། དེའང་ནག་ལ་ལྟ་རྒྱུ་ཞིག་ཡོད་རེད་དཔེར་ན་སྤྱི་ཚོགས་དང་མི་དམངས་ལ་གནོན་ཤུགས་ཆེན་པོར་བཟོས་ཡོད་ན་་་་ས་ངྷམ་ཧོ་སན་དང་་་་ཨོ་ས་མ་བྷེན་ལ་ཏེན་ལྟ་བུའི་མི་དམངས་ལ་ལྡབ་སུག་གཏོང་མཁན་གྱི་རིགས་ནི་ངེས་པར་དུ་མི་དམངས་ལ་སྟོན་དགོས་ཀྱི་ཡོད་པ་རེད་གཞན་ནག་ཉེས་ཆུང་རིགས་རྣམས་ལ་རང་ཉིད་ལ་དབང་ཆ་ཡོད་པ་རེད།
ཡང་གོང་དུ་འབྲོག་ཕྱོགས་ལ་མཚོན་ཆ་སྡུས་པས་སྦྱང་གིས་གནོད་པ་ཚབ་ཆེན་བྱུང་ཡོད་རབ་བཤད་སོང་།
འོན་ཀྱང་དེ་རང་ཉིད་ཀྱི་ཐབས་ལམ་མ་བཙལ་པ་ལས་ངེས་པར་དུ་སྦྱང་གི་འགོག་ལ་མེ་འདའ་སོགས་དགོས་པའི་ངེས་པ་ཡོད་མ་རེད། དེ་ཙམ་ནི་ཧ་ཅང་གི་དགོས་པ་ཆུང་ཆུང་རེད། ཡིན་ཡང་འབྲོག་པ་རྣམས་ལ་ངེས་པར་ནོར་ལུག་སོགས་འཚོ་བའི་ཆེད་དགོས་ཀྱི་ཡོད་པ་རེད། དེའང་མ་བསད་མ་ཟས་མ་བཙོང་ན་ནི་ཁོང་ཚོའི་འཚོ་བ་ལ་ཇི་ལྟར་ཕན་ཐོག་གི་རེད ཆོས་ཕྱོགས་གཅིག་བུ་བསམ་ན་ནི་བཞོ་ཡང་རུང་གི་མ་རེད་ནོར་ཀྱི་ཕྲུག་གུ་ལ་དབང་བའི་འོ་མ་སོགས་མི་རྣམས་ཀྱི་འཛེམ་ཟོན་མེད་པར་བླངས་བ་ཡིན་ན་ཤིན་ཏུ་མ་རུང་པ་རེད། ཡིན་ཡང་ཐམས་ཅད་དེ་ལྟར་བསམ་བློ་གཏོང་རྒྱུ་ཡོད་པ་མ་རེད་དེ་ནི་སྤྱིར་འཚོ་བའི་ཁྲོད་འགྲོ་ཕྱོགས་ཞིག་རེད། གང་ལྟར་ཀྱང་མི་རིགས་ལ་ཕན་པ་དང་རིག་གཞུང་ལ་ཕན་པ་ཞིག་ཡོད་ན་དེ་ལྟ་བྱེད་རྒྱུ་ནི་དུས་འདིར་ཆེས་གལ་ཆེ་ཤོས་དེ་ཆགས་ཡོད་པ་ལས་ཚེ་ཕྱི་མ་གཅིག་བུ་ལ་བསམ་བློ་བཏང་སྡད་ན་ཐ་མར་གང་མེད་པ་ཡོང་གི་རེད། རྒྱང་ལྟ་བས།
ཆོས་ཀྱི་ཁྲིམས་ཁྱིམ་པའི་ནང་ལ་འདྲེན་མི་ཆོག་པ་འདི་ནུབ་ཕྱོགས་ཡར་འཐོན་རྒྱལ་ཁབ་ཁག་དང་རྒྱལ་བ་རིནཔོཆེ། དེ་བཞིན་ཚན་རིག་པ་ཚོས་མཐའ་གཅིག་ཏུ་ཤུགས་རྒྱག་གི་འདུག རྒྱུ་མཚན་ནི་སྔོན་མ་འདི་ལྟ་བུའི་བྱ་བ་བརྩམས་ནས་མི་གསོད་ཁྲག་སྦྱོར་གྱིས་འཛམ་གླིང་འདིར་སྡུག་སྦྱོང་མང་པོ་བཏང་འཚར་བས་སོ། ང་ཚོ་ལ་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་འོག་ལ་སྡོད་འདོད་མེད་ན། དེ་མཚུངས་ནང་པ་དང་ཆོས་ལུགས་གཞན་སུ་ཞིག་གི་འོག་ལ་ཡང་སྡོད་རྒྱུ་མེད། འཛམ་གླིང་དམག་ཆེན་གཉིས་པ་དེ་ཆོས་ལུགས་ཀྱི་མི་སྣས་བསླངས་པ་རེད། དེ་ཡང་ཡེ་ཤུའི་ཆོས་ལུགས་ཀྱི་ཁྲིམས་སྤྱི་ཚོགས་ཐོག་འགེལ་ཡོང་ནས་དམག་འཁྲུག་ལངས་པ་རེད། དེ་བཞིན་ཨ་རིའི་༩༡༡དེ་ཡང་ཁ་ཆེའི་ཆོས་ལུགས་ཀྱི་ཁྲིམས་དང་འབྲེལ་ཡོད་བྱས་ནས་ལངས་པ་རེད། དེར་བརྟེན་རྒྱལ་བ་རིན་པོ་ཆེས་གནས་ཚུལ་དེ་དག་གཟིགས་ནས་དེ་སང་secular Ethics ཞེས་ཁྱིམ་པའི་ཀུན་སྤྱོད་གསུངས་ཀྱི་འདུག་མ་གཏོགས། ཆོས་ཀྱི་ཁྲིམས་གསུང་གི་མིན་འདུག
ཨ་རིའི་གྲོགས་ཚོགས་དང་གཞུང་གི་ལས་ཁུངས་ནང་ལ་ཡེ་ཤུའི་བཀའ་རྒྱ་བཅུ་ཞེས་པའི་ཡེ་ཤུའི་ཆོས་ཁྲིམས་དེ་འཇོག་ཆོག་གི་མིན་འདུག དེ་བཞིན་དབྱིན་ཇི་དང་རྒྱ་གར་སོགས་ཀྱིས་ཆོས་ལུགས་ཀྱི་ཁྲིམས་རྩ་ཁྲིམས་ནང་ལ་མིན་འདུག
མི་ཆོས་བཅུ་དགོན་པའི་ཕྱི་ལ་ཁྱབ་དགོས་ཟེར་བ་འདི། ཁ་ཆེའི་ཆོས་ཁྲིམས་ཀྱིས་འཛམ་གླིང་བཅུན་དགོས་ཟེར་བ་དང་ཁྱད་པར་མིན་འདུག ཁ་བརྡའི་དྲ་གྲོགས་ཚོས་འདི་ལ་དགོངས་པ་བཞེས་ནས་དཔྱད་པ་མཛོད་ཅིག
ངས་གཞི་མེད་སྐྱོན་བརྗོད་བྱེད་མཁན་ལ་ངོ་རྒོལ་དང་དགག་སྒྲུབ་བྱེད་ཀྱི་ཡོད་པ་ལས། མཁན་པོ་ཚུལ་བློ་ལ་བསྟོད་པ་བྱས་མེད་ལ་བྱེད་དགོས་དོན་ཡང་ཡོད་མ་རེད། ཁོང་ལྟ་བའི་མཁས་དབང་ཞིག་ལ་ང་ལྟ་བུ་ཞིག་གིས་བསྟོད་པས་མཐོ་འགྲོ་རྒྱུ་དང་། ཁྱོད་ལྟ་བུ་ཞིག་གིས་སྨད་པས་དམའ་འགྲོ་རྒྱུ་ཅི་ཡང་མེད་པ་རེད། འོན་ཀྱང་ཁུང་ལུང་མེད་ཅིང་དྲང་བདེན་དང་འགལ་བའི་བྱ་སྤྱོད་འདི་རིགས་ནམ་ཡང་ཡན་པོར་གཏོང་འདོད་མེད།
ངོ་མ་རེད།
པར་འདི་ཚོ་རྔ་བ་ཀིརྟ་དགོན་པ་རུ་ཡིན་འདུག རྔ་བ་ཀིརྟི་དགོན་པ་ཡིན་པ་ནི་ས་ཆ་ལ་བལྟས་ན་ཡང་ཤེས་པ་འདུག དེ་ལུགས་སེང་རྡོར་དྲ་བ་ན་རྩོམ་ཡང་བྲིས་འདུག འབྲེལ་ཐག་འདི་ལ་གཟིགས་རོགས། http://www.sangdhor.com/blog_c.asp?id=12297&a=999
དེ་ཡང་རྩོམ་པོ་དེས་འདི་ལྟར་བྲིས་འདུག “དེ་དང་དེ་མཚུངས་སུ་ཉེ་བའི་དུས་འདིར་དེ་གའི་དབང་འཛིན་པ་རྣམས་ཀྱི་སྒེར་གཅོད་དང་འདོད་རྔམ་ལས་བྱུང་བའི་སྦྱོར་བ་ཕྱིན་ཅི་ལོག་གང་མང་ཞིག་དྲྭ་རྒྱ་ཁག་ཏུ་བསྟུད་མར་ཐོན་འདུག་སྟེ། དཔེར་ན། དགོན་གཞུང་གི་ལས་སྣེ་ཁག་ཅིག་གིས་གཡོ་ཐབས་དང་བཙན་ཤེད་ཀྱིས་མགོན་པོ་སྣ་ར་ཚང་གི་ས་ཆ་སྒོར་ཁྲི་ཉིས་བརྒྱ་ལྷག་རི་བ་ཞིག་འཕྲོག་པས་མགོན་པོའི་བུས་རང་གིས་རང་ལ་གྲིས་བརྒྱབ་སྟེ་དགོན་གཞུང་ལ་ངོ་རྒོལ་བྱས་པ་དང་། ཡང་ཆོ་འཕྲུལ་སྨོན་ལམ་སྐབས་སུ། མི་མང་འདུ་ཚོགས་ཀྱི་དཀྱིལ་ན་རྐུན་མ་དང་རྒྱལ་འཇོག་མཁན་སོགས་ཀྱི་སྐེ་ལ་ཁྲམ་བྱང་བསྐོན་ཞིང་དབྱུག་པས་གཤེ་བརྡུང་དང་། དམོད་ཚིག་སོགས་གང་བྱུང་གིས་དམའ་འབེབ་བྱས་ཏེ། མི་རྣམས་ལ”རིག་གསར”གྱི་གྲལ་རིམ་འཐབ་རྩོད་དྲན་དུ་བཅུག་པས། དོན་ལ་རྐུན་མ་རྔམ་སྟོན་བྱས་པ་མ་ཡིན་པར་དགོན་པ་རང་གི་སྒེར་གཅོད་དང་གདུག་རྩུབ་རྔམ་སྟོན་བྱས་པ་ལྟ་བུ་མང་དུ་བྱུང་ངོ་། །”