གནས་ཚུལ་གཏོང་མཁན། སྒྲོལ་མ་སྐྱབས།
བཀུར་འོས་མཁྱེན་ཡངས་ཁ་བརྡ་ནང་གི་དྲ་གྲོགས་ལྷན་རྒྱས་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྲིམས་གླེང་དྲ་ཚིགས་ཤར་གཏོང་བྱས་ཡོད་པས་ཁྱེད་རྣམ་པ་ངེད་ཚང་ལ་ཕེབས་པར་ལྷག་བསམ་རྣམ་དག་ངང་དགའ་བསུ་ཞུ། ད་ལྟ་བོད་ན་ལག་བསྟར་བྱེད་བཞིན་ཁྲིམས་ལུགས་དང་རང་སྐྱོང་ས་ཁུལ་སོ་སོའི་ཡུལ་ཁྲིམས་དང་ཁྲིམས་སྲོལ་སོགས་མཚམས་སྦྱོར་དང་བགྲོ་གླེང་བྱེད་པའི་ཆེད་དུ་དྲ་ཚིགས་འདི་བཙུགས་པ་ཡིན།
བོད་ལ་དེང་རབས་ཅན་གྱི་ཁྲིམས་རིག་པ་དར་ནས་ལོ་མང་བོ་འགོར་མེད་པས་དེའི་ཐད་ཀྱི་བརྡ་ཆད་དང་ཐ་སྙད་ཤིན་ཏུ་ཉུང་ཞིང་། ཁྲིམས་རིག་པ་དང་འབྲེལ་བ་བ་དམ་ཟབ་ཡོད་པའི་ཤེར་རྟོགས་རིག་པ་དང་དཔལ་འབྱོར་རིག་པ་སོགས་ཀྱི་རྨང་གཞིའི་ཤེས་བྱའང་དེ་འདྲ་ཁྱབ་བརྡལ་དུ་སོང་མེད་ལ། ཐ་སྙད་དང་བསམ་བློ་གཏོང་སྟངས་སོགས་ཀྱི་དབང་གིས་ཁྲིམས་ལུགས་མཚམས་སྦྱོར་བྱེད་པར་དཀའ་ངལ་གང་འཚམས་ཞིག་འཕྲད་ཡོང་གིན་འདུག
དེར་གདོང་ལེན་བྱེད་པར་ང་ཚོ་ཤེས་ཡོན་པའི་སྡེ་ཐམས་ཅད་འཕྱར་གྲུ་མཉམ་འདེགས་ངང་གཅིག་ཕན་གཅིག་གྲོགས་བྱེད་དགོས་པས། ཁྱེད་རྣམ་པས་རིན་ཆེན་གསེར་ལས་དཀོན་པའི་བསམ་ཚུལ་དང་ཐབས་ཤེས་སོགས་དྲ་ཚིགས་འདི་བརྒྱུད་ནས་མཁོ་སྤྲོད་གནང་བར་མཁྱེན་མཁྱེན།
མཐར་དྲ་ཚིགས་འདི་བདེ་བླག་ངང་ཤར་གཏོང་བྱེད་ཐུབ་པར་མཐུན་རྐྱེན་དང་རོགས་རམ་ལྷད་མེད་གནང་བའི་ཚོགས་པ་དང་གང་ཟག་རྣམས་ལ་ཕྲན་གྱིས་འདི་ནས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།
ཁ་བརྡ་ནས་རྒྱབ་སྐྱོར་གནང་བ་ལ་བཀའ་དྲིན་ཆེ།
ཁྲིམས་གླེང་དྲ་ཚིགས་གསར་གཏོད་གནང་བ་བཀྲིན་ཆེ་གཅིག་ནས་རྒྱ་ཡིག་མ་ཤེས་པ་གཉིས་ནས་རྒྱ་མིའི་ཁྲིམས་ལ་རྩི་སྲུང་མི་བྱེད་པ་སོགས་ལ་དཔྱད་ཚེ་ཁྲིམས་གླེང་དྲ་ཚིགས་ནང་འཛུལ་ནས་བོད་ཀྱི་ཆབ་སྲིད་རྩོན་པ་ལ་ཕན་ནུས་ཐུབ་པའི་རོགས་པ་ཐུབ་རྒྱུ་མ་མཐོང་ཡང་གལ་ཆེ་ཤེས་བོད་ཕྱི་ནང་གཉིས་སུ་ཁྲིམས་རྩོད་རིག་པའི་སློབ་སྦྱོང་ཐོན་པའི་ཕོ་རྒོད་ང་ཡིན་ཟེར་མཁན་མང་པོ་འདུག་པ་དེ་ཚོ་ནས་བོད་མི་རྩོན་པ་ཚོའི་ཆེད་རྒྱ་ནག་ལ་ཁ་ཆུ་རྒྱག་དགོས་པ་དེ་གདུང་ཕྲུག་འོ་མས་གསོས་པ་དེ་དགྲ་ཆུ་སྲིན་ཐུག་ན་རྒྱག་རྒྱུ་རེད་ཟེར་བའི་དཔེ་ལྟར་དོན་ལ་གནས་དགོས་པ་མ་རེད་།
ཁྲིམས་གླེང་དྲ་ཚིགས་ལེགས་འགྲུབ་བྱུང་བར་དགའ་ནས་ཡོད།
http://www.trimleng.com/terminology-of-law-in-tibetan/
འདི།
ཨིན་བོད་ གཉིས་སྦྱར་ཞིག་ ཡོད་དམ། མེད། ཡོད་ན་ གང་དུ་ ཡོད། ལགས།