དབང་རྒྱལ་ཤར་པ།
འཛིན་སྐྱོང་བཀའ་ཤག་ནི། རང་གི་རྒྱ་ཆེའི་མང་ཚོགས་ཆིག་སྒྲིལ་གྱི་ཕྱོགས་སུ་འཁྲིད་མཁན་ཡིན་དགོས་པ་ལས། ཆིག་སྒྲིལ་གོང་བུའི་ནུས་པ་གཏོར་བཤིག་གཏོང་མཁན་ཡིན་མི་རུང་། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༦ ལ་ཨ་རིའི་དོན་གཅོད་དོན་གཅོད་ལས་མཚམས་འཇོག་བཅུག་པ་ནི་བཀའ་ཤག་གི་སྐུ་དབང་ཆགས་ཡོད། ཡིན་ནའང་། ཐག་གཅོད་དེའི་རྗེས་ལ་འགྲེལ་བཤད་རིང་ཐུང་སྣ་ཚོགས་དང་། དོན་ཚན་བཅུ་ཟེར་བ་བཟོས་ཤིང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་རིམ་བསྟུད་བྱས་པ་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཆིག་སྒྲིལ་ལ་གས་ཆག་ཤོར།
དཔལ་ལྡན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། སྤྱི་ཚོགས་ནང་མི་ཉུང་ཤོས་ཀྱིས་འདོད་པ་མ་ཁེངས་པ་བྱེད་ཀྱི་འདུག་སོགས་གསུང་ནས། དྲང་བདེན་རེད་འདུག་རེད་མི་འདུག་གསལ་པོ་བཟོ་དགོས་ན་ཁྲིམས་གཏུགས་གནང་དགོས་གསུང་། དེ་མཚུངས་ཁྲིོམས་གཏུགས་བྱས་པ་དང་། ཞུ་སྦྱོར་བ་དང་རྩོད་ལན་པ་ཕྱོགས་གཉིས་ཀས་རང་རང་གི་བདེན་པ་བདར་བའི་རིམ་པ་ཐར་ཆགས་སུ་བཀོད་པའི་བཅད་ཁྲ་ཤོག་ངོས་ཆིག་སྟོང་བརྒལ་བ་དེ་ནི་བདེན་རྒྱལ་སྟངས་དང་རྫུན་པ་འགྱེལ་སྟངས་དེ་རེད། གང་ལྟར། ཕྱོགས་གཉིས་ཀས་བཅད་ཁྲ་ཚུལ་བཞིན་ཉམས་ལེན་བྱེད་ཀྱི་ཡིན་པའི་ཁས་ལེན་ས་རྟགས་བཀོད་ཡོད་བརྟེན། མང་ཚོགས་ཀྱིས་ད་ནི་བཀའ་ཤག་གིས་སྤྱི་ཚོགས་ལྷིང་འཇགས་ཡོང་བའི་འགན་ཞིག་ངེས་པར་བསྣམས་པའི་རེ་བ་བྱས་དང་བྱེད་བཞིན་ཡོད། ཡིན་ནའང་། བཀའ་ཤག་གིས་དེ་ལས་ལྡོག་སྟེ་ཡང་སྐྱར་སྤྱི་ཚོགས་འཁྲུག་ཐེབས་པའི་སྣེ་ཁྲིད་བྱེད་ཀྱིན་གདའ།
བཀའ་ཤག་གིས་ཕྱི་ལོ་ ༢༠༡༩ ཟླ་ ༡༡ ཚེས་ ༡ ཉིན་སྤེལ་བའི་གསལ་བསྒྲགས་ནང་། “བཅད་ཁྲ་གསལ་བསྒྲགས་གནང་བ་དེ་བཞིན་འདོད་བློ་ཁེངས་པ་ཞིག་མ་བྱུང་བ་དང་། མི་མང་ཁྲོད་དུའང་ཐག་གཅོད་དེ་དྲང་བདེན་མ་བྱུང་བའི་བསམ་ཚུལ་དང་བློ་ཕམ་ཡོང་བཞིན་འདུག་ཀྱང་། སྒྲིག་འཛུགས་སྲ་བརྟན་དང་སྤྱི་ཚོགས་ནང་རྡོག་རྩ་གཅིག་བསྒྲིལ་དགོས་རྒྱུ་གལ་གནད་ཆེ་བས། གོང་གསལ་བཅད་ཁྲར་བརྩི་འཇོག་ཞུས་པ་དང་། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་རྒྱུན་གནས་ཡོང་སླད་ཚང་མས་ཐུགས་སྣང་འགན་འཁུར་གཟབ་ནན་དགོས་པའི་འབོད་བསྐུལ་ཞུ་རྒྱུ།” ཞེས་གསལ། སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་ཡོང་བའི་འབོད་སྐུལ་དེ་ནི་རྩ་ཆེན་པོ་ཡིན་ཡང་། མང་ཚོགས་ནང་ལ་བསམ་ཚུལ་བཟོ་ཐབས་བྱས་ཏེ་སྤྱི་ཚོགས་ལྷིང་འཇགས་སུ་མི་གནས་པའི་ཐབས་དང་། འདོད་བློ་ཁེངས་མ་སོང་ཞེས་དེའི་འགན་ཡོངས་རྫོགས་ཁྲིམས་ཞིབ་ཁང་ལ་གཡོགས་སྟངས་འདི་ཏག་ཏག་ཅིག་མ་རེད།
མི་གྲངས་སུམ་བརྒྱ་བཞི་བརྒྱ་ཞིག་གིས་ཁ་མཆུ་ཨང་ ༢༠ པའི་བཅད་ཁྲ་དྲང་བདེན་བྱུང་མ་སོང་ཟེར་བའི་སྙན་ཞུ་ཞིག་ཕུལ་ཡོད་པ་ཡོངས་གྲགས་རེད། དངོས་གནས་བྱས་ན། དེ་སྔ་མི་གྲངས་སྟོང་ཕྲག་བདུན་བརྒྱད་ཀྱིས་བདེན་པ་ལ་རྒྱབ་སྐྱོར་གྱི་སྙན་ཞུ་ཕུལ་དུས། དཔལ་ལྡན་སྲིད་སྐྱོང་མཆོག་གིོས། དེ་ནི་མི་ཉུང་ཤོས་ཤིག་རེད་ཅེས་ཨུ་ཚུགས་དང་བདག་མེད་དུ་སྐྱུར་ཐབས་ལ་འབད་བརྩོན་བྱས་ཡོད་པ་དང་། ད་ཆ་ཁྲིམས་ཁང་རང་ནས་བདེན་རྫུན་གཏུགས་བཤེར་གྱི་རྩོད་གླེང་རིམ་པ་བྱས་པའི་མཇུག་སྡོམ་དུ་སྲིས་སྐྱོང་གིས་སྣེ་ཁྲིད་པའི་ད་ལྟའི་བཀའ་ཤག་ཤོར་ཏེ། “སྤེན་པ་ཚེ་རིང་གི་ལྷག་བསམ་དང་། འཇོན་ཐང་། བཟང་སྤྱོད་བཅས་པར་མ་ཉེས་ཁག་གཡོགས་ཤོར་བ་དང་། སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་བྱས་འདུག”ཅེས་བཅད་ཁྲ་བཏང་བ་ལ་མ་འདོད་པ་བྱེད་མཁན་ཡོང་མི་ཆོག་པ་མ་རེད་ལ། དགོངས་སེལ་ཞུ་ཡིག་སྤེལ་བའི་སྤོབས་པ་ཞུམ་འགྲོ་བ་དེ་འདྲ་ཡོད་ཆོག་ཀྱང་། བཀའ་ཤག་གིས་མི་གྲངས་བརྒྱ་སྐོར་དེ་ངོམ་སོ་ལྟ་བུ་བྱས་ནས་དབྱིན་ཡིག་གི་གསལ་བསྒྲགས་ནང་ལ་ཉུང་ངུ་དེར་ (large number) མང་པོ་ཞེས་བཀོད་འདུག་པ་ནི་བདེན་པ་རྩ་བ་ནས་མ་རེད། བོད་ཡིག་དང་དབྱིན་ཡིག་གི་ནང་ལ་ཁྱད་པར་བཟོ་དོན་ལ་དམིོགས་ཡུལ་ཞིག་ཡོད་ངེས།
ད་ཆ་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བའི་སྤྱི་ཚོགས་ནང་ལའང་ཁ་མཆུ་ཨང་ཉི་ཤུ་པ་འདི་གླེང་སློང་འགྲོ་བཞིན་འདུག དཔེར་ན། ཧྥ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་གྱིས་རྩོམ་ཡིག་ཅིག་སྤེལ་ཡོད་(དྲ་ཐག་ https://www.tibetsun.com/opinions/2019/09/28/case-no-20-and-the-tibetan-causeའདི་ན་འདུག )པའི་ནང་། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ནི་གཉན་འཕྲང་གི་གནས་སྟངས་ཆགས་ཀྱི་ཡོད་པ་དང་། རྒྱལ་སྤྱིའི་རྒྱབ་སྐྱོར་གནས་སྟངས་ཀྱི་མ་འོངས་པ་ནི་བཤད་ཚོད་མི་ཐིག་པ་ཆགས་ཡོད་སྐོར། བོད་མིའི་ཁྲིོམས་ཞིབ་ཁང་ལ་གཏུགས་པའི་ཁ་མཆུ་ཨང་ཉི་ཤུ་པ་ཡིས་ཁྲིམས་ཀྱི་དབང་བསྒྱུར་ལ་བརྩི་འཇོག་གང་འདྲ་བྱེད་ཀྱིོ་ཡོད་མེད་ཀྱི་གནད་དོན་ལ་ལན་འདེབས་གསལ་པོ་ཆགས་རྒྱུ་ཡིན་པ་དང་། བོད་རིགས་ཀྱི་ངོས་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོར་ཀུན་སྤྱོད་སྤུས་ཚད་གསལ་སྟོན་བྱ་རྒྱུ་ཡིན་པ་སོགས་གསལ་བ་ནི་རྒྱལ་སྤྱིའི་གླེང་སྟངས་ཀྱི་ངོས་རེད། ང་ཚོས་འདི་ཚོ་ཤེས་རྟོགས་དང་། ལས་ཀ་བྱེད་སྟངས་ལ་གཟབ་ནན་བྱེད་པའི་དུས་རེད་མ་གཏོགས། ད་ནི་སྤྱི་ཚོགས་ལྷིང་འཇགས་དཀྲུགས་ནས་སྡོད་པའི་དུས་མ་རེད།
དངོས་འབྲེལ་དོན་འབྲེལ་སྤྱི་ཚོགས་ལྷིང་འཇགས་ཀྱི་དགོངས་པ་བཞེས་ཀྱི་ཡོད་པ་ཡིན་ན། ད་ལྟ་ཕན་ལ་སྤྱི་ཚོགས་ནང་དངོས་བདེན་མ་ཡིན་པའི་གནས་ཚུལ་ཁྱབ་འགྲེམས་ཀྱི་སྤོབས་པ་དང་མགྲིན་པ་གཟེངས་སུ་བཏེགས་མྱོང་བ་ནང་བཞིན། ད་རེས་བཀའ་ཤག་གིས་སྤོབས་པ་ཆེན་པོས་དགོངས་སེལ་ཞུ་ཡིག་སྤེལ་ཐུབ་དགོས་པ་ཞིག་ཆགས་ཡོད།
བཅད་ཁྲ་ཉམས་ལེན་ཏག་ཏག་མི་བྱེད་པའི་ད་ལྟའི་གནང་སྟངས་འདི། བཀའ་ཤག་གི་གཟི་བརྗིད་སྲུང་སྐྱོབ་བྱེད་སྟངས་ཤིག་རྩ་བ་ནས་མ་རེད། འདི་ནི་ཁྲིམས་ལུགས་དབང་བསྒྱུར་ལ་སྣང་མེད། ཁྲིམས་ལུགས་དབང་འཛིན་ལ་ཁྱད་གསོད། རྒྱ་ཆེའི་མི་མང་ལ་མཐོང་ཆུང་བཅས་ཀྱི་བྱ་སྤྱོད་ཅིག་རེད། འདི་ནི། སྤྱི་ཚོགས་ལྷིང་འཇགས་ཁ་ལ་འཁྱེར་བའི་ཟིང་ཆ་སློང་སྟངས་ཤིག་རེད། རྗེས་སོར་ཁྲིམས་ཞིབ་ཁང་གིས་ཐག་གཅོད་ག་རེ་བྱས་མིན་ལ་ཁྱད་པར་མེད་པ་ཆགས་པའི་ལམ་སྲོལ་ངན་པ་བཏོད་པ་ཞིག་རེད། དེ་བས་ཀྱང་མང་གཙོའི་ཀ་བ་གཅིག་མེད་པར་བཟོ་བའི་བྱེད་སྟངས་ཤིག་རེད།
སྲིད་སྐྱོང་ནས་མི་མང་ལ་བསམ་བློ་མི་གཏོང་ན། མི་མང་གིས་ཁོ་རང་རྒྱལ་ས་ཝ་ཤིན་ཏོན་ལ་ཡོང་དུས་འཁྲེལ་དར་བཟུང་ནས་སྒུག་ནས་སྡོད་ཆོག
བཅད་ཁྲ་ཉམས་ལེན་ཏག་ཏག་མི་བྱེད་པའི་ད་ལྟའི་གནང་སྟངས་འདི། བཀའ་ཤག་གི་གཟི་བརྗིད་སྲུང་སྐྱོབ་བྱེད་སྟངས་ཤིག་རྩ་བ་ནས་མ་རེད། འདི་ནི་ཁྲིམས་ལུགས་དབང་བསྒྱུར་ལ་སྣང་མེད། ཁྲིམས་ལུགས་དབང་འཛིན་ལ་ཁྱད་གསོད། རྒྱ་ཆེའི་མི་མང་ལ་མཐོང་ཆུང་བཅས་ཀྱི་བྱ་སྤྱོད་ཅིག་རེད། འདི་ནི། སྤྱི་ཚོགས་ལྷིང་འཇགས་ཁ་ལ་འཁྱེར་བའི་ཟིང་ཆ་སློང་སྟངས་ཤིག་རེད། རྗེས་སོར་ཁྲིམས་ཞིབ་ཁང་གིས་ཐག་གཅོད་ག་རེ་བྱས་མིན་ལ་ཁྱད་པར་མེད་པ་ཆགས་པའི་ལམ་སྲོལ་ངན་པ་བཏོད་པ་ཞིག་རེད། དེ་བས་ཀྱང་མང་གཙོའི་ཀ་བ་གཅིག་མེད་པར་བཟོ་བའི་བྱེད་སྟངས་ཤིག་རེད།
སེང་གེ་ནི་རྡོ་བཞིན ངོ་ཚ མེད ཧམ་བཤད་ཆེས ཁོའི་སྒང་ལ་བཤད་ནས་ཅི་ཡོང་།
སེང་གེ་ཁོ་ལ་ངོ་ཚ་རྒྱུ་ནི་ཡོད་མ་རེད་ཞེས་ཁོ་རང་གི་དགའ་རོགས་ཟུར་པ་ཕྱི་དྲིལ་བཀའ་ཟུར་བདེ་སྐྱེད་ཆོས་གཡང་ལགས་ནས་ཀྱང་དེ་ལྟར་གསུངས་འདུག ད་ཁོ་པ་ངོ་ཚ་རྒྱུ་མེད་པ་ནི་དངོས་གནས་རེད་འདུག མི་ལ་ངོ་ཚ་དང་མཚེར་སྣང་མེད་ན་མི་དེ་སྤྱི་ཚོགས་ཀྱི་དབུ་འཁྲིད་ད་ག་ལ་ཡོང་། མི་མང་ལ་ངོ་ཚ་འཛེམས་སོན་མེད་ནཡང་༸གོང་ས་མཆོག་ལ་མཚེར་སྣང་ངེས་པར་དུ་དགོས། མི་ཁོས་ལས་རྒྱུ་འབྲས་ནི་ག་ནས་རྩིས། ལས་འབྲས་ལ་མཁས་ལན་ཀྱང་བྱེད་ཀྱི་མེད་གཤའ་རེད། སྤུ་མེད་པ་ཡི་ཕག་པ་འདྲ།
དབང་རྒྱལ་ཤར་པ་ལགས་ནས་གསུངས་པ་བདེན་པ་རེད། ད་ང་ཚོ་ག་རེ་བྱེད་དགོས་རེད། མི་དེ་ལ་ངོ་ཚ་རྒྱུ་དང་སྣོང་ངོས་ལེན་ནི་རྩ་བ་ནས་མི་འདུག