རྣམ་རྒྱལ།
ཁྲིམས་ཀྱི་རྔ་བོ་ཤུགས་ཀྱིས་བདུང་བ་ལས།།
དྲང་བདེན་སྒྲ་དབྱངས་རྫུན་མཁར་སྲེག་པའི་མེ།།
གྱེན་དུ་འཕྱུར་བའི་འོད་ཀྱི་རྦ་རླབས་ཀྱིས།།
འགོང་པོ་བྱེ་མར་འཐག་སོང་ཐུགས་རྗེ་ཆེ།།
གཞུང་དམངས་འགལ་ཟླ་བཟོ་བའི་བྱ་བྱེད་དང་།།
མཐུན་སྒྲིལ་མདུད་པ་གཏོར་བའི་ངན་བྱུས་སོགས།།
བཅོས་མའི་འཛུམ་གྱིས་བཏུམས་པའི་ཕྱི་དང་ནང་།།
དྲང་བདེན་མེ་ཡིས་སྲེག་སོང་ཐུགས་རྗེ་ཆེ།།
ཆེད་དུ་སྤྱི་ཚོགས་དཀྲུགས་ལ་འདམས་འདྲ་བའི།།
སྲིད་སྐྱོང་བཀའ་བློན་གྲོགས་པོ་ནང་ཚག་ཚོའི།།
བསམ་བཏང་དྲན་སྐྱེས་དོན་ཚན་བཅུ་པོ་དེ།།
ཁྲིམས་ཀྱིས་ཕམ་པར་བརྒྱབ་སོང་ཐུགས་རྗེ་ཆེ།།
མི་ལོ་དུ་མར་སྤྱི་ཚོགས་དཀྲུགས་མཁན་གྱི།།
བྱེད་པོ་གཏེ་བོ་སྲིད་སྐྱོང་བློ་སེང་དང་།།
ལས་རོགས་བཀའ་བློན་ལྷན་རྒྱས་རེད་འདུག་ཅེས།།
དམངས་ལ་ས་མཚམས་བསྟན་སོང་ཐུགས་རྗེ་ཆེ།།
ཁྲིམས་ཀྱི་དབང་བསྒྱུར་སྒེར་སྤྱོད་ཧམ་ཤེད་ཀྱིས།།
མོག་པོར་བྱེད་ལ་ཅི་མི་སྙམ་པ་ཡི།།
བདག་མེད་ཁ་དང་ང་རྒྱལ་མང་པོ་ཞིག།
ད་རེས་འགུལ་མེད་བཟོས་སོང་ཐུགས་རྗེ་ཆེ།།
སུ་ཞིག་གཞུང་ལ་ཤ་ཞེན་ཆེ་བ་དང་།།
གང་ཞིག་སྤྱི་བར་སྙིང་ནས་མཛའ་དག་ཀྱེ།།
ད་ནི་རྨོངས་པའི་གཉིད་ལས་ཡར་ལངས་ཏེ།།
འགོང་པོར་གྱེས་ཕྱག་གནང་ན་དགེ་བ་ཡིན།།
ཉམས་དང་རྒུད་པ་སྐྱེས་ཤིང་སྐྱེས་པ་ཡི།།
མི་ལོ་བཅུ་ནི་ལོ་ནག་ཟླ་ནག་སྟེ།།
ད་ནི་གཅིག་དང་ཕྱེད་ཀའི་ལོ་ཡུན་ནང་།།
རྫོགས་པར་འགྱུར་ཉེ་འདི་ཡང་ཧ་ཅང་ལེགས།།
ཉིན་རེ་རྫོགས་ན་དགའ་བ་ཁྲི་ཕྲག་རེ།།
ཞག་རེ་རྫོགས་ན་སྤྲོ་བ་འབུམ་ཕྲག་རེ།།
བཀའ་ཤག་འདི་ཡི་ལོ་དུས་རྫོགས་གྱུར་ན།།
ཉམས་རྒུད་ཆུ་ཡན་བཞུར་མཚམས་ཆད་པ་ཡིན།།
ཐུགས་རྗེ་ཆེ
ང་ཚོ་མི་མང་གི་སྐད་ཆ་འམ་ན་དམངས་ཁྲོད་ཀྱི་བསམ་ཚུལ་ཚིགས་བཅད་ནང་བཀོད་འདུག་པ་དཔེ་ཡག་པོ་བྱུང་འདུག
ཆེད་དུ་སྤྱི་ཚོགས་དཀྲུགས་ལ་འདམས་འདྲ་བའི།།
སྲིད་སྐྱོང་བཀའ་བློན་གྲོགས་པོ་ནང་ཚག་ཚོའི།།
བསམ་བཏང་དྲན་སྐྱེས་དོན་ཚན་བཅུ་པོ་དེ།།
ཁྲིམས་ཀྱིས་ཕམ་པར་བརྒྱབ་སོང་ཐུགས་རྗེ་ཆེ།།
སྐྱེས་ཕོ་རབས་ཕོ་འབྲིང་ཕོ་མཐའ་གསུམསྐྱེས།
ཕོ་རབས་གཏམ་གྱིས་སྤྱི་ཚོགས་བདེ་ལ་བཀོད།
ཕོ་འབྲིང་གཏམ་གྱི་རང་མིང་གྲགས་པ་ཙམ།
ཕོ་མཐའ་མའི་གཏམ་གྱི་སྤྱི་ཚོགས་ནག་པོ་བཟོས།
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་བརྒྱབས་བཞིན་བརྒྱབས་བཞིན་ལྕི་རོ་ལྕི་རོ་་
ཆོས་ཁྲིམས་བལ་ཀྱི་མདུད་པ་བརྒྱབས་བཞིན་བརྒྱབས་བཞིན་ཡང་རོ་ཡང་རོ་
མི་ལོ་དུ་མར་སྤྱི་ཚོགས་དཀྲུགས་མཁན་གྱི།།
བྱེད་པོ་གཏེ་བོ་སྲིད་སྐྱོང་བློ་སེང་དང་།།
ལས་རོགས་བཀའ་བློན་ལྷན་རྒྱས་རེད་འདུག་ཅེས།།
དམངས་ལ་ས་མཚམས་བསྟན་སོང་ཐུགས་རྗེ་ཆེ།།གསུངས་འདུག