གཞུང་པ་ཚེ་དབང་བསོད་ནམས།
མང་གཙོའི་རྒྱལ་ཁབ། ༼ Democracy Nation ༽ ག་འདྲ་ཞིག་ཡིན་ཀྱང་མི་མང་གིས་འཚོ་བ་ལ་འགན་འཁུར་མཁན་གྱིས་སྒྲིག་འཛུགས་གསུམ།༼ Three Organ of Democracy Government ༽ སྒྲིག་འཛུགས་ཀྱི་འགན་འཛིན། ༼ Executive ༽ དང་། ཁྲིམས་བཟོའི་དབང་འཛིན། ༼ Legislative ༽ དང་། ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ བཅས་སྡེ་ཚན་གསུམ་དེ་འགན་དབང་འདྲ་མཉམ་ཐ་དད། ༼ Check and Balance System ༽ དུ་གནས་དགོས་པ་དང་། གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་། ལན་རྒྱག་དགོས་པ། རྩིས་རྒྱག་པ་དགོས་པ། ༼ Responsible, Answerable and Accountable ༽ ནས་སྡེ་ཚན་གསུམ་དེ་ལ་མང་གཙོའི་གཞུང་སྐྱོང་མཁན་གྱིས་མང་གཙོའི་ཀ་བ་གསུམ། ༼ Three Pillar of Democracy Government ༽ ཟེར་བ་དང་། སྡེ་ཚན་འདི་གསུམ་གྱི་ནང་ནས་མཐའ་མའི་དབང་ཆ་དེ་ཁྲིམས་ལུགས་དབང་འཛིན། ༼ Judiciary ༽ ལ་ཡོད་པ་ནི། ༼ བཅའ་ཁྲིམས་དོན་ཚན་ལྔ་པ། བཅའ་ཁྲིམས་ཀྱི་ཚད་འཛིན། ༡ ཁྲིམས་ལུགས་དང་། ཆབ་སྲིད་དབང་འཛིན་གྱི་བཀའ། སྒྲིག་གཞི། བཅས་གང་ཡང་བཅའ་ཁྲིམས་འདིའི་དོན་ཚན་གང་རུང་དང་འགལ་ཚེ་འགལ་བའི་ཆ་དེ་རྩ་འཛིན་མེད་པ་བྱ་རྒྱུ། ༢ གོང་གསལ་རྣམས་ཀྱི་དོན་གནད་བཅའ་ཁྲིམས་འདིའི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཐག་གཅོད་བྱ་རྒྱུ། ༽ ཅེས་གསལ་བ་ནས་ཁྲིམས་ལུགས་དབང་འཛིན་དེ་གལ་ཆེ་ཆུང་ག་འདྲ་ཡིན་མིན་འདི་ནས་ཤེས་ཐུབ་པ་དང་། བཅའ་ཁྲིིམས་ཀྱི་དོན་ཚན་ཁག་འགལ་མིན་རྩོད་གླེང་བྱུང་ཚེ་ཐག་གཅོད་མཁན་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ཡིན་པ་ནས་མང་གཙོའི་ཀ་བ་གསུམ་གྱི་ནང་ནས་ཁྲིིམས་ལུགས་དབང་འཛིན་དེ་གོང་ན་མེད་པ་དང་བླ་ན་མེད་པ་དེ་ཡིན་པ་བཅའ་ཁྲིམས་ནས་ངོ་སྤྲོད་གནང་ཡོད། སྤྱི་འཐུས་སྐབས་བཅུ་དྲུག་དང་། བཀའ་ཤག་སྐབས་བཅོ་ལྔ་གཉིས་ནས་སྡིག་པ་མིག་རྩུམ་གྱིས་ཁྲིམས་འགལ་གྱིས་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་སྒོ་རྒྱབ་པ་དང་། སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་ ༼ བཅའ་ཁྲིམས་སྐྱར་ཞིབ་འཆར་ཟིན་ཚོགས་ཆུང༽
ལ་མི་མང་གཅིག་སྟོང་ལྷག་ཙམ་ནས་བསམ་ཤོག་ཕུལ་བ་ནས་མི་མང་གིས་བསམ་ཤོག་གཅིག་ཀྱང་བཅའ་ཁྲིམས་བསྐྱར་ཞིབ་འཆར་ཟིན་ཚོགས་ཆུང་གིས་སྙན་མཐོའི་ནང་མ་ཁྱེར་བ་ནས་བཀའ་སྤྱི་གཉིས་དང་། རང་དབང་ཅན་གྱི་སྡེ་ཚན་གསུམ་གྱིས་འགན་འཛིན་རྣམ་པ་བཅས་ཀྱིས་ལས་འཁུར་དམ་འབུལ་ཞུ་ས་བཟོས་པ་དང་། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་གཞན་གཅིག་བཅས་མ་བསྐོ་བ་ནས་མི་མང་གི་བདེ་སྡུག་ཞུ་གཏུགས་བྱ་ས་མེད་པ་བཟོས་པ་ནས་ང་ཚོའི་མང་གཙོ་དེ་དམངས་གཙོ་གཅིག་བསྡུས་གྲལ་རིམ་དམངས་གཙོ། ༼ Proletarian ༽ ལ་ཁ་ཕྱོགས་པ་མ་རེད་དམ། གལ་སྲིད་སྤྱི་ཚོགས་ནང་རྩོད་གླེང་བྱུང་ན་ཞུ་གཏུགས་ག་པར་བྱེད་དགོས་པ་རེད་དེ་ཡང་གསལ་ཁ་མེད་པ་དང་། ད་ལྟའི་སྤྱི་འཐུས་གྲོས་ཚོགས་སྐབས་བཅུ་བདུན་པ་འདི་ཁོ་རང་ཚོའི་སྐུབ་ཀྱག་མ་ཤོར་བའི་ཆེད་ཁྲིམས་ལུགས་གཏན་འབེབས་ཐུབ་ཙམ་ལས་ཞི་བའི་མི་མང་གིས་མངོན་འདོད་དང་འཚོ་བའི་ལས་གཞི་དང་འབྲེལ་བའི་མང་གཙོའི་ལྟ་གྲུབ་དང་མཐུན་པ་མི་མང་གིས་དཀའ་ངལ་སེལ་ཐུབ་པའི་ཁྲིམས་ལུགས་བཟོ་མི་ཐུབ་པ་དང་བཟོ་མི་ཤེས་པ་ནི་ལོང་བས་ལྟས་ཀྱང་ཁམས་སུམ་དང་འོན་པས་ཉན་ཡང་རྒྱལ་ཁམས་ཀྱི་སྒྲ་ལྟར་མ་རེད་དམ།
བཅའ་ཁྲིམས་དོན་ཚན་རེ་དྲུག་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་དབང་ཚད།
༡ ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཙན་བྱོལ་བོད་མི་སྤྱི་སྒེར་ཡོངས་ཀྱི་མཐར་ཐུག་གི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཞིབ་ཁང་དང་། བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་འཛིན་གོང་ན་མེད་པ་དེ་ཡིན། ཅེས་གསལ་བ་ནས་དབང་པོ་ནུས་མེད་ཞིག་མིན་ན་དེ་ནས་གསལ་པོ་ཤེས་ཐུབ་པ་དང་།
མང་གཙོའི་གཞུང་སྐྱོང་མཁན་གྱི་ཀ་བ་གསུམ། ༼ Three Pillar of Democracy Government ༽ སྒྲིག་འཛུགས་ཀྱི་འགན་འཛིན། ༼ Executive ༽ འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན། Removal of Kalons དེ་བཅའ་ཁྲིམས་དོན་ཚན་ཉེར་དགུ་པ། བཀའ་ཤག་གི་འགན་འཁུར་དང་། འཕོ་འགྱུར། ཟེར་བའི་ནང་གསལ་ཡོད་པ་དང་། ཁྲིམས་ལུགས་དབང་འཛིན། ༼Judiciary ༽ འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན། Removal of Chief Justice Commissioner དེ་བཅའ་ཁྲིམས་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ། ཟེར་བའི་ནང་གསལ་ཡོད་པ་དང་། ཁྲིམས་བཟོའི་དབང་འཛིན། ༼ Legislative ༽ འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན། Dissolution of Assembly and Removal of a Members དེ་བཅའ་ཁྲིམས་དོན་ཚན་ང་བདུན་པ། སྤྱི་འཐུས་ལྷན་ཚོགས་དང་། སྤྱི་འཐུས་བྱེ་བྲག་པ་འཕོ་འགྱུར་གཏོང་བ། ཟེར་བའི་ནང་གསལ་ཡོད་ན་ཡང་། བཅའ་ཁྲིམས་བསྐྱར་བཅོས་བདུན་པའི་སྐབས། ༼ སྤྱི་འཐུས་ལྷན་ཚོགས་ ༽ དེ་ཕྱིར་བསྡུ་གནང་ནས། ༼ སྤྱི་འཐུས་བྱེ་བྲག་པ་འཕོ་འཕོ་འགྱུར། ཟེར་བ་དེ་བཞག་འདུག་ན་མང་གཙོའི་ཀ་བ་གསུམ་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་གཅིག་མཚུངས་དགོས་པ་འཛམ་གླིང་གི་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གིས་རྩ་ཁྲིམས་ལ་ཐུགས་ཞིབ་དང་རྒྱུས་ལོན་གནང་མཁན་ཡོད་ན་དེ་ནས་གསལ་པོ་མཁྱེན་ཐུབ་པ་དང་ཤེས་ཐུབ་པ་ནས་སྤྱི་འཐུས་ལྷན་ཚོགས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་དེ་བཅའ་ཁྲིམས་ནས་ཕྱིར་བསྡུ་གནང་བ་དེ་དམངས་གཙོ་གཅིག་བསྡུས་གྲལ་རིམ་དམངས་གཙོ། ༼ Proletarian ༽ ལ་ཁ་ཕྱོགས་པ་མ་རེད་དམ།
དམངས་གཙོ་མ་རེད། གཅིག་བསྡུས་རེད། དགའ་ལྡན་ཕོ་བྲང་འོག་ལ་རེད།