སྐྱོ་བྲག་དགའ་དབང་།
ཁྲུང་ཁྲུང་ནི། ཁྱོ་ཤུག་བརྩེ་བ་ཟབ་ལ་ཐག་རིང་དུ་བགྲོད་པའི་བྱ་རིགས་ཤིག་སྟེ། དཔྱིད་དུས་ལྷོ་ནས་བྱང་ཐང་གྲང་བའི་ཡུལ་དུ་བགྲོད་དེ་དབྱར་དུས་སྐྱེལ་བ་དང་། སྟོན་དུས་བྱང་ནས་ལྷོ་རུ་བགྲོད་དེ་དགུན་དུས་སྐྱེལ་ཞིང་། ཕར་ཚུར་བགྲོད་པ་ན་རི་བོ་ཧི་མ་ལ་ཡ་བརྒལ་བ་ལ་སོགས་པའི་དཀའ་ཁག་མང་པོ་ཞིག་འགྲིམ་དགོས་ཕྱིར། འགྲོ་ཁར་སོ་སོའི་སྡེ་ཤོག་ཚང་མ་འཕུར་ཐུབ་མིན་བལྟ་ཆེད། ཡར་འཕུར་མར་འབབས། གཡས་འགྱུར་གཡོན་འགྱུར་སོགས་བྱེད་སྐབས། རྒས་པ་དང་ན་བ་རྣམས་ཐག་རིང་དུ་བགྲོད་མི་ནུས་པ་ཤེས་ནའང་། ད་རུང་རང་གི་སྡེ་ཤོག་དེས་སེམས་འཕྲེང་བའི་རྣམ་འགྱུར་གྱིས་ཉིན་གྲངས་དུ་མར་མཁའ་དབྱིངས་ནས་ཡུན་རིང་སྐོར་འཕུར་བྱས་ཏེ། ཡར་འཕུར་མར་འབབས་ཀྱིས་བསྒུགས་བསྒུགས་ནས་སེམས་ཐག་ཆོད་པ་ན་འགྲོ་ཕྱོགས་སུ་ཤར་བསྐྱོད་བྱེད་ཀྱི་ཡོད། བཟའ་ཟླ་དེས་གཅིག་ཤོས་བསྲུངས་ནས་བསྡད་དེ། གང་འཕུར་མི་ནུས་པ་དེ་ནི་དེ་ལོར་ཤི་ངེས་པས་ནམ་ཞིག་ཤི་བ་ན་རང་གི་སྲོག་གཏོང་བ་སྟེ། དཔེར་ན། དཔྱིད་དུས་ལྷོ་ནས་བྱང་དུ་བགྲོད་སྐབས་བཟའ་ཟླ་ཤི་ཟིན་རྗེས་ཐད་ཀར་ཚ་བའི་ཡུལ་དུ་འཕུར་བ་ན་ཚ་བ་མི་ཐུབ་པའི་བྱ་རིགས་ཡིན་ཕྱིར་གང་མགྱོགས་ཤི་བར་གྲག །འོན་ཏེ་ཧ་ཅང་ཚ་བའི་ཡུལ་ཞིག་དགོས་པ་འདྲ་སྟེ། དྷ་རམ་སཱ་ལའི་གཞུང་རྒྱུད་འདི་དགུན་དུས་གྲོ་དང་དབྱར་དུས་འབྲས་སྐྱེ་བའི་ཚ་ཡུལ་ཞིག་ཡིན་ནའང་། ཁྲུང་ཁྲུང་བཟའ་ཚོ་ཞིག་རྒྱུན་པར་དཔྱིད་དུས་འོང་། དབྱར་ཚེ་བསྡད། སྟོན་དུས་གཞན་ཞིག་ཏུ་འཕུར་འགྲོ་བ་མངོན་སུམ་པ་འདི་རེད།
སྐྱོ་དགའ་སོགས་ལ།
བོད་མི་རིགས་འདི་བཞིན་རེ་ཆུང་ཐབས་ཟད་ཀྱི་གནས་སུ་ཟགས་ཡོད་ཀྱང་ད་དུང་ཨ་མའི་བུ་རྒོད་ཚོས་བྱས་རྗེས་ག་ཚོད་དང་རྒྱལ་ཁ་ཡོད་མེད་ལ་མ་ལྟོས་པར་མནར་གཅོད་ཡོད་ཚད་དང་དུ་བླངས། ཚེ་སྲོག་བློས་བཏང་སྟེ་རང་སྡུག་རང་གིས་ཉོས་ནས་བོད་སྤྱི་དོན་སྲུང་ཅི་ཐུབ་བྱེད་བཞིན་པའི་དཀའ་སྡུག་གི་དུས་འདིར། ས་ཡ་དྲུག་གི་རེ་ལྟོས་བྱེད་ས་དང་དད་པ་བྱེད་ཡུལ་དུ་གྱུར་ཀརྨ་པའི་མཚན་གནས་ཁྱེད་ཚོས་མི་ངན་ཀརྨ་ཆོས་འཕེལ་ལྟ་བུ་སྲུང་སྐྱོབ་ཆེད་ཆུད་ཟོས་དང་ནང་ཁུལ་དམ་ཚིག་རྙོགས་བྱེད་ལ་བྱེད་སྤྱོད་མི་གཏོང་བའི་རེ་བ་ཞུ་གི་ཡོད། བོད་སྤྱི་པའི་ཡིད་བཞིན་ཀྱི་ནོར་བུ་ཀརྨ་པ་ནང་ཁུལ་གྱི་མགོ་གཅོག་བྱེད་ཐོ་བ་མི་བྱེད་པའི་གསོལ་འདེབས་ཞུ་གི་ཡོད། ཀརྨ་པའི་གཡས་གཡོན་དང་རྒྱལ་མདུན་གྱི་སྐྱ་སེར་ཁོག་པར་དུག་སྦྲུལ་གྱི་རྣམ་ཤེས་ཅན་ཚོར་རེ་བ་ཆུང་ཆུང་འདི་ཞུས་པ་ཡིན།
འདབ་ཆགས་བྱ་རིགས་ཞིག་ཡིན་ཡང་རང་རིགས་ནང་ལ་སེམས་ཁུལ་དང་དམ་ཚིག་ཆིག་སྒྲིལ་ག་ཚོད་ཡོད་པ་གཟིགས་འདུག་པས། བྱ་རིགས་དེ་ལ་དམིགས་དཔེ་ཡར་ལྟ་བྱེད་པའི་དྲན་ཡང་ཞུ་གི་ཡོད།
སྟག་སྨྱོན་ལགས། ཁྱེད་རང་སྒེར་ངོས་ནས་ཀརྨ་ཆོས་འཕེལ་ལ་འཁོན་འགྲས་ཇི་ཙམ་ཡོད་ན་ཁོ་རང་དང་ལྷན་དུ་ཁ་ཐུག་བཀའ་མོལ་གནང་ན་ལེགས་པ་ལས། དེའི་རྐྱེན་གྱིས་༧རྒྱལ་བ་ཀརྨ་པ་དང་དེའི་ཞབས་གྲས་མར་དྲུད་དགོས་པའི་རྒྱུ་མཚན་མ་མཐོང་སྟེ།
བཙན་བྱོལ་གཞུང་དམངས་གཙོའི་ལམ་བུའིསྟེང་སྐྱོད་བཞིན་པ་ཡིན་པས། གཏམ་བརྗོད་རང་དབང་ཡིན་པ་མ་དགོངས་སམ།
སྟག་སྨྱོན་ནས་བསླབ་བྱ་བྱས་པ་ཁག་ཅིག་ལ་མོས་མཐུན་ཡོད་། མགོ་སྔས་ས་ནས་རྐེ་བཅད་ཡོང་ན་དེ་ལས་རུལ་བ་ཅི་ཟིག་ཡོད་། ཡིན་ན་ཡང་ཀར་མ་ཆོས་འཕེལ་ལ་དེ་ཙམ་དམོད་དོན་གང་ཡིན་ནམ་། གཏམ་དཔེར་ ཁྱི་རྒན་ཀུ་ཅོའདོན་པ་ལ་། རྒྱུ་མཚན་མེད་པར་གཞན་དག་རྒྱུག་། ཅེས་པ་ལྟར་མ་སོང་བ་གལ་ཆེ་།
དབུས་གཙང་མི་མང་ནས། སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་རེ་འདུན་བཏོན་ཞིང་བདག་པོ་མ་བརྒྱབ་པའི་མི་ཞིག་ལ། བཀའ་བརྒྱུད་ཀྱིས་སྤྱི་འཐུས་སུ་འདེམས་ཡོང་བ་དེ་མ་མཐའ་ཡང་། སྤུན་ཟླར་གྱུར་པའི་ཆོལ་གསུམ་ཆོས་བརྒྱུད་བར་ལ་དེ་འདྲའི་དམ་ཚིག་གཙང་མ་ཞིག་ཞེ་དྲག་མ་རེད།
ད་རེས་བཀའ་བརྒྱུད་པའི་རྗེས་འཇུག་པ་ཚོའི་བྱེད་སྟངསདེ་དབུས་གཙང་མི་དམངས་ལ་བཅགས་བཅགས་བྱས་པ་འདྲ་བོ་ཞིག་ཆགས་སོང་།
ཇོ་ལགས་ཀྱིས་འབྲེལ་མཚམས་རྦད་དེ་བཞག་པའི་མི་ཞིག་ལ། ནུ་བོས་ལྷག་བསམ་རྣམ་དག་གིས་ཞབས་ཞུ་སྣེ་ལེན་བྱེད་པ་དེ་ཡག་པོ་ཞེ་དྲག་མ་རེད།
རང་གིས་བདག་པོ་མ་བརྒྱབས་མི་ལ་བདག་པོ་བརྒྱབ་མི་ཆོག་ལབ་ན་། རྒྱ་གུང་བྲན་གི་བྱེད་སྟངས་དང་གཅིག་པ་མ་རེད་པས་། ང་ཚོར་ཉམས་མྱོང་ཙམ་རག་ཡོད་ཚོད་མིན་ནམ།
སྤྱི་མིའི་ཆ་རྐྱེན་མ་ཚང་བས་དབུས་གཙང་བས་གཡུགས་པ་རེད། སྤྱི་མིའི་ཆ་རྐྱེན་མ་ཚང་ཡང་བཀའ་བརྒྱུད་པས་འདེམས་པ་རེད། དེ་ཡག་པོ་ཅང་མ་རེད། ངན་པ་ཡིན་མིན་མི་ཤེས། བལྟ་རྒྱུ་རེད།
ཡང་འདི་ན་ཀརྨ་ཆོས་འཕེལ་གྱི་སྐོར་ལ་ཁྲིམས་ཤིག་ཐུག་འདུག་ཁྲིམས་དཔོན་མེད་པའི་ཁྲིམས་བཏུག་རང་རེད།
མ་གཞི་ནས་བོད་མིང་འདོགས་སྟངས་ལ་དགོས་པ་རྒྱུ་མཚན་མང་པོ་ཞིག་ཡོད།
སྐྱ་བོ་ཕལ་ཆེ་བའི་མིང་རྣམས་རང་གི་ཨ་མྱེས་ཡང་མྱེས་ལས་སོགས་ཀྱི་མིང་གི་ཟུར་ཅིག་འདོགས་སྲོལ་དང།
གྲྭ་བཙུན་མང་ཆེ་བའི་མིང་ནི་ཆོས་རྒྱུད་ཆོས་ལུགས་རང་རང་གི་བླ་མ་གཙོ་ཆེ་བའམ་བསྟན་པའི་གཞི་བཏིངས་པ་པོ་ཡི་མཚན་གྱི་ཟུར་ནས་འདོགས་པ་དང།ཡང་ན་རང་ཉིད་ལ་མིང་འདོགས་པ་པོ་བླ་མའམ་དགེ་འདུན་པ་དེ་ཉིད་ཀྱི་མཚན་གྱི་ཟུར་གཅིག་གམ་དེ་དང་འབྲེལ་བའི་མིང་འདོགས་སྲོལ་དང།
འགའ་ཞིག་བྱིས་པ་མ་འབྱར་དེ་ཉིད་སྐྱེས་པའི་གཟའ་ཚེས་གང་ཡིན་དང་འབྲེལ་བའི་སྟེང་ནས་འདོགས་སྲོལ་ཡོད།
འོན་ཀྱང་འགའ་ཞིག་ཕ་མ་རང་གིས་བཏགས་པ་དང་སྔར་ཕྲུག་གུ་ཚེ་མ་རིང་ཚེ་སྐབས་བབས་ཀྱི་མིང་ངན་པ་མགར་བ་ལས་སོགས་ཀྱི་མིང་གི་ཟུར་བརྒྱན་པ་ལས་སོགས་ཇི་སྙེད་ཅིག་ཡོད་འདུག
འོན་ཀྱང་འདིར་ཀརྨ་ཆོས་འཕེལ་ཞེས་པའི་མིང་ལ་བརྟགས་ན་དེ་ནི་བཀའ་རྒྱུད་པའི་ཆོས་རྒྱུད་ཀྱི་བླ་མ་ཞིག་གིས་བཏགས་པ་དང་མ་ཟད་ཀམ་ཚང་ཀརྨ་པའི་རྒྱུད་པ་ཞིག་གིས་བཏགས་པ་ངེས་གཏན་རེད།
དེས་ན་ཁོང་བཀའ་རྒྱུད་པའི་སྤྱི་འཐུས་སུ་འདེམས་པ་པོ་དང་འདེམས་ཡུལ་གཉིས་ཀས་ནོར་མེད་པ་འདྲ།
ཀརྨ་ཆོས་འཕེལ་ལ་མངའ་རིས་པས་དབུས་གཙང་གི་སྤྱི་འཐུས་ཀྱི་འོས་དམིགས་སུ་བཞུགས་རོགས་ཞུས་ཀྱང་ཞལ་བཞེས་གནང་མི་འདུག
དེས་ན་ཁོང་ལ་དབུས་གཙང་གི་རྒྱབ་སྐྱོར་ཡོད་པ་ཐག་གིས་ཆོད།
རེ་ཟུང་ཞིག་གིས་འདིར་ཁོང་ལ་དམའ་འབེབས་བྱས་ཀྱང་དེ་ཙམ་གྱིས་ནུས་པ་ཐོན་དཀའ་བར་སྣང་ངོ།
ཁོང་ནི་ཆོལ་ཁ་དང་ཆོས་ལུགས་ཀྱི་རུ་ཏྲ་མེད་པའི་སྐྱེ་བུ་ཞིག་ཏུ་མཐོང་ངོ།
རྒྱུ་མཚན་ནི་དགེ་ལུགས་པས་ཀྱང་ཁོང་དགེ་ལུགས་ཀྱི་སྤྱི་འཐུས་སུ་འོས་འཕེན་རྒྱུའི་གྲ་སྒྲིག་བྱས་པ་དང།
དེ་ལྟ་བཀའ་རྒྱུད་པས་གདམས་པ་ལས་སོགས་ཀྱིས་རྒྱུ་མཚན་རེད།
མི་རྣམས་ལ་ཁྲུང་ཁྲུང་ལྟ་བུའི་བརྩེ་བ་ཞིག་ཡོད་ན་ཅི་མ་རུང་། ཁྲུང་ཁྲུང་ཡ་ཁྲུང་ཁྲུང་། ཁྱོད་ཀྱི་ལྷད་མེད་པའི་བརྩེ་བ་དེས། བདག་ལ་བརྗོད་མི་ཤེས་པའི་ཚོར་བ་ཞིག་སྦྱིན་བྱུང་། ཁྲུང་ཁྲུང་ཡ་ཁྲུང་ཁྲུང་། ཁྱོད་ཀྱི་ཕྱི་ཐགས་རིང་བའི་གཤིས་རྒྱུད་དེས། འགྲོ་བ་མིའི་རིགས་ལ་གདོང་བསྟོན་མི་ནུས་པའི་ངོ་ཚ་ཞིག་སྦྱིན་བྱུང་། ཁྲུང་ཁྲུང་ཡ་ཁྲུང་ཁྲུང་། ཁྱོད་ཀྱི་སྤྱི་ལ་སེམས་པའི་ལྷག་བསམས་དེས། ངའི་མི་རིགས་འདི་ལ་དགོས་ངེས་ཀྱི་སླབས་བྱ་ཞིག་སྦྱིན་བྱུང་།
ཀརྨ་པ་ཆོས་འཕེལ་བཀའ་བརྒྱུད་སྤྱི་འཐུས་སུ་འདེམས་པ་དེར། དོན་མེད་མི་མང་པོ་ཞིག་གིས་འཁང་ར་དང་བཀའ་བརྒྱུད་པ་སྤྱི་ལ་དམའ་འབེབས་བྱས་པ་དེ་རྣམས་རྒྱུ་མཚན་དང་ལྡན་པ་མ་མཐོང་སྟེ། ད་ལྟ་ང་ཚོའི་གཞུང་དེ་གུང་ཁྲན་ཏང་ལྟ་བུ་མ་ཡིན་པར། དམངས་གཙོ་ཡང་དག་པའི་ལམ་བུའི་སྟེང་སྐྱོད་བཞིན་པ་མ་ཟད། ༧གོང་ས་མཆོག་གིས་ཀྱང་སྔར་གྱི་གོ་གནས་ལས་ཕྱི་ཤོལ་གནང་སྟེ་མི་དམངས་ཀྱིས་བསྐོས་པའི་གཞུང་ཞིག་ལ་རྩིས་སྤྲོད་གནང་ཟིན་པས་ན། མི་དམངས་རང་གི་གང་འདེམས་རང་ལ་དབང་བ་ལས་དབུས་གཙང་གི་མིང་ཁུར་རེ་ཟུང་གིས་འདོད་མོས་སྟེང་འགྲོ་དགོས་རྒྱུ་མཚན་མ་མཐོང་།
མཁན་པོ་སྐྱོ་བྲག་ལགས།
བཀའ་བརྒྱུད་པའི་སྤྱི་འཐུས་སུ་ཀརྨ་ཆོས་འཕེལ་ཡོང་ནས་བཟུང་བཀྲ་མ་ཤིས་པ་མང་པོ་ཞིག་གིས་མགོ་བཙུགས་སོང་བསམས་སོང་།བཀའ་བརྒྱུད་པར་མི་རྫོགས་མེད་པའི་ཡིད་ཆེས་ང་ལ་ཡོད།དེར་བརྟེན་ཀརྨ་ཆོས་འཕེལ་ལ་རེ་མི་དགོས་པའི་ཡིད་ཆེས་ཡོད།རྙོག་གཞི་དང་བཀྲ་མ་ཤིས་པའི་མི་ཁོ་ལྟ་བུ་བཀའ་བརྒྱུད་ཀྱི་སྤྱི་འཐུས་ལ་ཡོང་ན་བཀྲ་མ་ཤིས་མང་པོ་ཁྲིད་དེ་ཡོང་གི་རེད།འདི་ཚོའི་སྐོར་ལ་བསམ་བློ་གཏོང་དགོས་པ་རེད།རྒྱལ་བ་ཀརྨ་པ་དང་བཀའ་བརྒྱུད་པའི་ཆོས་བརྒྱུད་འདི་ཡག་པོ་ཆགས་པར་བརྩོན་དགོས་པ་རེད།
ཡང་སྙིང་ཀར་མ་ཆོས་འཕེར་གྱིས་ནག་་ཉེས་གང་ཞིག་བསགས་པ་རེད་། མཛུབ་མོ་ཚུག་དང་། དབུས་པས་མ་འདོད་པ་ཙམ་ཞིག་རེད་དམ། རང་བཙན་བརྩད་པས་རེད་།
དབུས་གཙང་མི་མང་ནས། སྤྱི་འཐུསསུ་འདེམས་འོས་པའི་མི་ཞིག་ལ་སྤྱི་འཐུས་ནས་དགོངས་པ་ཞུ་དགོས་པའི་རེ་འདུན་བཏོན་ཞིང་བདག་པོ་མ་བརྒྱབ་ལ། དེ་ལས་ལྡོག་ཏེ་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་གཅད་ཁྲར་བརྩི་སྲུང་མེད་པའི་མི་སྣ་ཞིག་བསྐྱར་དུ་བདག་པོ་བརྒྱབ་པ་་ནི་སེམས་སྐྱོ་དགོས་པ་ཞིག་རེད
xxxxxxxxxxxxxxxxxxxxxxx
དོན་མེད་ཀླན་ཀ་འཚོལ་བ་དང་དབྱེན་དཀྲུགས་ཁོ་ནར་དམིགས་པའི་མཆན་བུར་ང་ཚོས་དགའ་བསུ་མི་ཞུ།
མཆན་བུ་རྒྱག་མཁན་ཁ་ཤས་ཤིག་ང་ཚོས་འགོག་བཞིན་ཡོད་ལ་ཁ་ཤས་ཤིག་བཀག་ནས་ཡོད་།
དྲ་གྲོགས་བོན་ཟེར་བ་དེའི་ཁྲོད་ཀྱི་གཅིག་ཡིན། དྲ་གྲོགས་བོན་གྱིས་བཏབ་པའི་མཆན་བུའི་ཉེར་ལེན་ལ་བརྟེན་ནས། ང་ཚོས་རྩོམ་གཉིས་ལ་མཆན་སྒོ་རྒྱག་དགོས་འཁེལ་སོང་།
དེ་རིང་ནས། དྲ་གྲོགས་བོན་ཟེར་བ་འདི་ཁ་བརྡས་གཏན་འགོག་ཞུ་གི་ཡིན།
ཁ་བརྡ་རྩོམ་སྒྲིག་པས།
http://www.khabdha.org
khabdha@gmail.com
འདི་ཡང་སྒོ་བརྒྱབས་ཟིན་ནམ་།
ཁ་བརྡ་ཚང་ནས་ཁྲིམས་གཅོད་གནང་བ་དེར་བརྒྱ་ཆ་བརྒྱ་ཐམ་པ་ཡོད།
ཁྱེད་རྣམས་ཀྱིས་ཁ་བརྡའི་བཏངས་བཞག་ལེགས་པར་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡོད།
ཁ་བརྡ་ཚང་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག
ཁ་སང་བཀའ་རྒྱུད་སྨོན་ལམ་ཆེན་མོའི་དྲ་རྒྱ་མཛྷཇལ་སྐབས་། སདྷྔ་ལོ་རིན་པོ་ཆེ་གསུན་ལ་བརྟན་བཞུགས་ཕུལ་བ་དང་། འདི་ལོ་སྐྱབས་རྗེ་རྣམ་པ་གཉིས་ལ་ཕུལ་རྒྱུ་སོགས་དྲན་འཕྲུལ་གྱི་ཁྱབ་བསྒྲགས་ཆེ་ཐག་ཆོག་རེ་བཟོས་འདུག་། ཀྱེ་མ་ ཆོས་ཀྱི་བྱེད་སྒོ་འདི་ཆབ་སྲིད་ལ་བསྒྱུར་སོང་།
ལ་སྟོད་བུ་ལ་སོགས་པས་ གདམ་ངག་གི་མཆོག་མཚང་ཐོག་ཏུ་རྒོལ་བ་ཡིན་། ཞེས་པའི་ཚིགས་འདི་ལ་ཡང་དྲན་གསོ་ཙམ་མཛད་ན་།