རྨེ་རུ།
ཉི་མ་ནུབ་སོང་།།
ཁྲུང་ཁྲུང་འཕུར་སོང་།།
ཨ་མ་དྲན་བྱུང་།།
སེམས་པ་འཁྱགས་བྱུང་།།
ནུབ་རླུང་གདང་བྱུང་།།
མུན་པ་སླེབས་བྱུང་།།
སྐར་ཚོགས་ཤར་སོང་།།
རྩམ་ཐུག་དྲན་ཐལ།།
གློག་འོད་ཤར་བྱུང་།།
འགྲུལ་མི་བྲེལ་སོང་།།
འཁྱམས་པོ་སྐྱོ་བྱུང་།།
ཕ་ཡུལ་དྲན་ཐལ།།
ཕ་ཡུལ་མེད་ན།།
སེམས་པ་གྲང་བ།།
ས་མཐའི་ལུང་པར།།
སེམས་པ་གནས་སམ།།
འགྲོ་ན་འདོད་སོང་།།
ཨ་མའི་ཕྱོགས་སུ།།
འཕུར་ན་བསམ་བྱུང་།
ཨ་མའི་པང་དུ།།
ཁྱིམ་གཞི་དྲན་བྱུང་།།
ཁྱིམ་མི་དྲན་སོང་།།
ལྷན་འཛོམས་ཆེད་དུ།།
ལམ་ལ་ཆས་འགྲོ།།
2013/4/8 དགོང་མོ་བྲིས།
ཁྲུང་ཁྲུང་འཕུར་དུས། །
གཤོག་སྒྲོག་མི་འདུག །
ཨ་མ་དྲན་དུས། །
རང་དབང་མི་འདུག །