སྤོབས་པ་མཐའ་ཡས།
ང་ཕྱི་རོལ་དུ་སོང་ཉིན་ཆར་པས་བརླན།
ངའི་སྲིང་མོས་ཁྱོད་ཀྱིས་ཆར་པ་ཆད་པའི་བར་དུ་མི་སྒུག་ནས་ཅི་བྱེད་ཟེར།
ངའི་སྤུན་ཡས་ཁྱོད་ཀྱིས་ཆར་གདུགས་ཤིག་མི་ཁུར་ནས་ཅི་བྱེད་ཟེར།
ངའི་ཨ་ཕས་ཆར་པའི་ནང་ལ་སོང་ན་ཆམ་པ་ཕོག་གི་རེད་ཟེར།
ཡིན་ན་ཡང་།
ངའི་ཨ་མས་ནི་ཚམ་ཚོམ་མེད་པར་གྱོན་ཆས་སྐམ་པོ་ཁྱེར་ཡོང་། རློན་པ་ཚོ་ཕུད་རོགས་བྱས།
གནམ་གཤིས་བཙོག་པ་དང་ཆར་པ་མ་རབ་འདིས་ངའི་བུ་ཆུང་འཁྱགས་བཅུག་སོང་ཟེར།
དེའི་ཕྱིར་ན། ངའི་ཨ་མ་ནི་ཆེས་ཁྱད་དུ་འཕགས་ཤིང་ངའི་ཆེས་དགའ་ཤོས་དེ་ཡིན།
ངའི་ཨ་མས། ང་ལ་ཁྱོས་མི་འཇོན་རབ་དང་མི་བལ་རབ་བཤད་ནས། ང་ལ་གསོན་ཤུགས་བསྩལ།
ངའི་ཨ་མས། ང་དེ་ལྟར་ཨ་མའི་རེ་འདོད་བཞིན་སྙོར་སྐྱོང་གནང་། ཨ་མ་དགའ་ནས་མོ་ཤི་སོང་ན་ཡང་སེམས་ཁྲུལ་མེད་ཟེར།
ངའི་ཨ་མར། བོད་པ་ཞིག་གི་ཨ་མའི་ཁྱད་ཆས་ལྡན། ཁ་ཁོག་གཉིས་ན་ལམ་སྟོན་གྱི་སྒྲོན་མེ་མ་འདྲ་བ་རེ་ཡོད།
ངའི་ཨ་མར། ངས་ད་དུང་དྲིན་ལན་འཇལ་ཚུལ་ཞིག་མ་རྙེད།
ངའི་ཨ་མས། ང་ཨ་མ་མོ་རང་ནང་བཞིན་བཟོས་ཡོད་པས། དྲིན་ལན་བསྒྲུབས་ཚར་ཡིན་ཟེར།
ངས་ཨ་མ་ལ། བཟའ་ཟླ་སྟག་མོ་འདྲ་ཞིག་ལ་ཐུག་ན་ཡང་། ང་དང་ཨ་མའི་བར་ན་ཐབ་ཀ་མ་གཏོགས་སུ་ཡང་མེད་བཤད།
ངའི་ཨ་མས། ངའི་གཅེ་ཕྲུག་ཚོ། གནམ་གིས་སྲུང་རྒྱུ་རྐྱང་རྐྱང་ཡིན། བུ་ཁྱོད་འདྲ་ཡོད་ན་ཨ་མའི་བསོད་ནམས་རེད་ཟེར།
རབ་དེ་རབས་ལ་བཅོས།
གནམ་ལགས་ཀྱིས་དེ་རང་ཐུགས་མཉམ་མ་བཞག་པར་ཡིག་མང་བོ་ཞིག་ཤོར་འདུག་ག སྤོབས་པ་མཐའ་ཡས་ལགས། རྩོམ་པ་པོ་སུ་ཞིག་གི་བརྩམས་ཆོས་ནི་རྩོམ་པ་རང་ཉིད་ཀྱི་མི་གཞི་དང་བསམ་བློ་ལ་འགྲེལ་བཤད་རྒྱག་བྱེད་དེ་ཡིན་ཟེར་བ་ངོ་མའང་ཡིན་ནི་རེད། ཁྱོད་ཀྱི་རྩོམ་ཡིག་དེ་ལས་ཁྱོད་ཀྱིས་བསམ་བློས་རྒྱང་མི་ཟིན་པའི་ཟུར་ཞིག་མཐོང་སོང། དེའང་འདི་ལྟར། ཨ་མས་ཁྱོད་ལ་གོན་པ་སྐམ་པོ་བྱིན་ཞིང་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱེད་པ་ནི་ཁྱོད་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་བཏགས་པ་རེད་ལ་སྙིང་ནས་བརྩེ་བའང་རེད། ཡིན་ནའང་གཞན་པ་ཚོས་བཤད་པ་ལའང་གནས་ལུགས་ཡོད་པ་མ་ཟད། ཁྱོད་ཀྱིས་ཆར་གདུགས་ཁུར་ཡོད་ན་ཁྱོད་ཀྱི་གོན་པ་མི་བརླན་ལ་ཆར་བ་འབབ་འཚམས་ཆད་པར་བསྒུག་ནའང་དེ་བཞིན་ཡིན། ཆར་བ་འབབ་ཐེངས་རེར་གོན་པ་བརྗེ་བ་ལས་ཆར་གདུགས་ཁུར་ནས་སོང་ན་སྟབས་བདེ་བ་མ་ཡིན་ནམ། ངས་བལྟས་ན་ཆར་གདུགས་ཁུར་ཟེར་མཁན་ལ་ཁྱོད་རང་ཨང་དང་པོ་བྱས་ནས་དགའ་ན་འགྲིག་་་་
ངའི་ ཨ་མ་ ཡག་ཤོས་ ཡིན་སྟངས།
ང་ ཕྱི་རོལ་དུ་ ཕྱིན་པ་ཡིན། ཆར་པས་ ང་རློན་པས་ སྦང་དུས།
ངའི་ སྲིང་མོས། ཁྱོད་ཀྱིས་ ཆར་པ་ ཆད་པའི་ བར་དུ་ མི་སྒུག་ནས་ སོང་བ་ གང་ཡིན་ ཟེར།
ངའི་ ཨ་ཇོས་ ཁྱོད་ཀྱིས་ ཆར་གདུགས་ཤིག མི་ཁུར་བ་ ཅི་ཡིན ་ཟེར།
ངའི་ ཨ་ཕས་ ཆར་པའི་ ནང་ལ་ སོང་ན་ ཆམ་པ་ ཕོག་བགྱི་རེད་ ཟེར།
ཡིན་ན་ཡང་།
ངའི་ ཨ་མས་ནི་ ཚམ་ཚོམ་ མེད་པར་ གྱོན་ཆས་ སྐམ་པོ་ ཁྱེར་ཡོང་ནས། གྱོན་གོས་ རློན་པ་དེ་ཚོ་ ཕུད་རོགས་བྱས།
གནམ་གཤིས་ བཙོག་པ་དང་ ཆར་པ་ མ་རབ་འདིས་ ངའི་ བུ་ཆུང་ འཁྱགས་ བཅུག་སོང་ ཟེར་ནས་ ཁ་ཡོད་ ལག་ཡོད་ རོགས་རམ་ བྱས་བྱུང་།
དེ་ཡིན་ཚང་ ངའི་ ཨ་མ་ནི་ ང་ལ་ ཡག་ཤོས་དང་ ངའི་དགའ་ཤོས་དེ་ཡིན།
འདི་ནི་སྤོབས་མཐའི་ཚིག་སྣ་དག་ཚིག་འགའ་བསྒྱུར་ནས་བྱས་པ་ཙམ་མོ། །སྤྱི་སྐད་དར་རྒྱས་ཤོག །
དེ་ཡིན་ཚང་ དེ་ཡིན་ཙང་ལ་བཅོས།
ངའི་ཨ་མས་ང་རང་བྱིས་ཆུང་ཞིག་གི་སྐབས་ནས་རྒྱ་གར་ལ་བཏང་། དུས་དེ་ནས་བཟུང་ངས་མ་ཡུམ་ཁོང་དང་ནམ་ཡང་ཁ་བྲལ་བར་གྱུརད། ལོ་གཉིས་སྔོན་ཙམ་ནས་ཁོ་བོར་ཁ་དཔར་ཞིག་འབྱོར་སྐབས། ཡིད་བཞིན་ནོར་བུ་སྐུ་ཁམས་གསལ་ཐང་རེད་དམ། ཁོང་གང་མགྱོགས་རང་ཡུལ་ལ་ཕྱིར་ཕེབས་ཡོང་ཐུབ་པའི་རེ་བ་འདྲ་འདུག་གམ། མ་རྒན་ང་མ་ཤི་སྔོན་ལ་ཡིད་བཞིན་ནོར་བུ་མཇལ་འདོད་ཆེ། བུ་ཁྱོད་ཀྱིས་༧རྒྱལ་དབང་རིན་པོ་ཆེར་ཞབས་སྤྱི་ཧུར་ཐག་ཞུ་རོགས། འདི་ནི་མ་རྒན་ངའི་རེ་འདོད་ཆེ་ཤོས་ཡིན། ཟེར། དེ་ནས་ཅུང་མ་འགོར་བར་མ་རྒན་ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས། གང་ལྟར་བདག་གི་མ་ཡུམ་དང་འདྲ་བར་གཞིས་བཞུགས་བོད་མི་རྒས་རྒོན་མང་པོ་ཞིག་ཉིན་རེ་ནས་ཉིན་རེར་༧གོང་ས་མཆོག་གི་ཞལ་མཇལ་ཙམ་ཡང་མ་བྱུང་བར་ཡིད་སེམས་རབ་ཏུ་སྐྱོ་བཞིན་འཇིག་རྟེན་ཕྱི་མའི་ལམ་དུ་གཤེགས་བཞིན་པ་ནི་ཆེས་བློ་ཕམ་ཆེ་བའོ།

ཧེ་ཧེ་ད་ཁ་བརྡ་ཚང་ལ་རྩོམ་མི་རག་གི་དཀའ་ངལ་ཁག་ནི་རེད་ཡ།