རྨ་ཡུལ་བློ་བཟང་ཚུལ་ཁྲིམས།
མགོན་པོ་གང་ལ་བོད་གཞུང་བསྡུ་བསོགས་རྒྱབ་སོང་བསྙད་ནས། སྐུ་འཚོ་བཞུགས་ལ་འཚེ་བ་བྱེད་མཁན། རྫུན་གཏམ་གྱིས་ཞྭ་མོ་ནག་པོ་གཡོགས་ནས།ཡང་བསྐྱར་བོད་གངས་ཅན་པ་ལ་སྡུག་གི་མུན་པ་འཐིབ་པར་འགྱུར་བའི་སྨོན་ལམ་ལོག་པའི་གང་ཟག་འགའ་ཤས་ནས། འདི་ཕྱི་གཏན་གྱི་སྐྱབས་གནས་དམ་པ་གང་ཉིད་ཀྱིས་བཀའ་ཅི་གསུང་ལ་ཉན་པའི་རྣ་བ་འོན་པ་དང་ལྟ་བའི་མིག་ལོང་བ་ཡིན་པ་འདྲ། འདི་འདྲའི་གང་ཟག་དག་ནི་སེམས་ཅན་དུད་འགྲོ་ལས་ཀྱང་སྡུག ཀྱེ་མ། སྙིང་རྗེས་གནས། སོ་སོའི་རྩ་བའི་བླ་མ་ལ་ཐུགས་ཕམ་སྐྱེ་བའི་གནོད་འཚེ་བྱས་ན་སྐུ་འཚོ་བཞུགས་ལ་གནོད་པ་བྱེད་པ་དང་གཅིག་མཚུངས་ཡིན། སོ་སོ་ཡང་ཚེ་རབས་ནས་ཚེ་རབས་ལ་དལ་འབྱོར་གྱི་མི་ལུས་ཐོབ་པ་ཤིན་ཏུ་དཀའ་ཞིང་། ལས་མ་བྱས་པ་དང་མི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་བ་ལྟར། ཚེ་རབས་ནས་ཚེ་རབས་ལ་དམྱལ་བར་སྐྱེས་ནས་བཟོད་དཀའི་སྡུག་བསྔལ་མྱང་རྒྱུ་ལས་མེད། རྒྱལ་བ་ཡིད་བཞིན་ནོར་བུ་ལས་ལྷག་པའི་བོད་གངས་ཅན་པ་ཡོངས་ལ་མགོན་སྐྱབས་གནང་མཁན་ནི་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཆེན་པོ་ན་སུ་གང་ཡང་མེད་པ་ཚང་མའི་མཁྱེན་གསལ་ལྟར། ད་ལྟའི་བོད་མི་རིགས་ཆག་འཇིག་གཉན་འཕྲང་གི་དུས་ཚོད་འདི་ལ་མགོན་པོ་གང་གི་བཀའ་དྲིན་ལ་བརྟེན་ནས་འཚོ་གནས་ཐུབ་པ་ནི་ཚང་མས་མཁྱེན་དགོས་པ་ཡིན།མགོན་པོ་གང་ཉིད་ལ་ཞྭ་མོ་ནག་པོ་གཡོགས་མཁན་གྱིས་གང་ཟག་དེ་ཚོའི་འདོད་པ་ལྟར། གལ་སྲིད་སྐུ་མ་བཞུགས་པའི་ཉིན་དེ་ནས་བཟུང་། གཞིས་བྱེས་བོད་རིགས་ཡོངས་ལ་ཡང་བསྐྱར་མུན་པ་ནག་པོའི་སྡུག་བསྔལ་གྱི་དུས་རབས་ཞིག་མི་ཡོང་བའི་ངེས་པ་མེད་པས། དེས་ན་སླད་མར་གང་ཟག་སུ་འདྲ་ཞིག་དང་ཚོགས་སྡེ་སུ་འདྲ་ཞིག་ཡིན་ཡང་ཆོས་རྣམ་འབྱེད་ཀྱི་ཤེས་རབ་བེད་སྤྱོད་བཏང་ནས་བཤད་ཤེས་དང་ཉན་ཤེས་གནང་རྒྱུ་ཧ་ཅང་གལ་ཆེ། མགོན་པོ་གང་ཉིད་ནས་བཀའ་སློབ་ཁག་གཉིས་བསྩལ་བ་དེ་ལ་མཇལ་ནས་སེམས་ལ་དངངས་དྲག་སྐྱེས་ཤིང་མིག་ཟུང་མཆི་མས་གང་སོང་། མེ་ཏོག་ཆུང་ཡང་མཆོད་རྫས་ལྟར། བདག་ནི་ཅི་ཡང་མི་ཤེས་མཁན་ཞིག་ཡིན་ཡང་སེམས་གཏིང་ནས་མགོན་པོ་གང་གི་བཀའ་དྲིན་དྲན་པའི་ངང་གིས་འདི་ལྟར་བྲིས་པ་ལ་ཚིག་གི་སྡེབ་སྦྱོར་དང་དག་ཆ་སོགས་མི་ཉུང་བ་ཞིག་ནོར་སྲིད་པས་དགོངས་དག་ཞུ། ༧ རྒྱལ་དབང་ཕྱག་ན་པད་མོ་ཐམས་ཅད་མཁྱེན་པ་སྐུ་འཕྲེང་༡༤པ་མཆོག་ནི་བོད་མི་རིགས་ཤི་མ་གསོན་གྱི་གཉན་འཕྲང་གི་དུས་རབས་ལ་མདོ་སྨད་ས་ཡི་ཐིག་ལེ་ཡུལ་དགེ་བཅུ་ཚང་བའི་གནས་སུ་སྐུ་བལྟམས་ནས་དབུ་ཁྲིད་དུ་གྱུར་བའི་ཉིན་དེ་ནས་བཟུང་། བོད་དེ་འཇིག་རྟེན་འདིར་སླར་ཡང་གསོན་པོར་འཚོ་གནས་བྱེད་པའི་འགོ་ཚུགས་པ་དང་། ང་ཚོ་གངས་ཅན་པ་ཡོད་དོ་ཅོག་ཡིད་ཆེས་དང་སེམས་ཤུགས་ཀྱིས་ཁེངས་པར་གྱུར། མདོར་ན་དེ་རིང་ཁ་སང་ང་ཚོའི་སེམས་ནང་གི་བདེ་སྐྱིད་ཀྱི་ཆ་ཤས་ཕྲ་མོ་རེ་རེ་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ང་ཚོའི་མགོན་སྐྱབས་སུ་བཞུགས་ཡོད་པ་དེ་ཡིན་ཅིང་། ང་ཚོས་དེ་རིང་སོ་སོའི་ལ་རྒྱ་དང་རིག་གཞུང་བརྟན་པོ་བཟུང་ནས་འཛམ་གླིང་ཐོག་སྤོབས་པ་ཆེན་པོའི་སྒོ་ནས་ལངས་ཐུབ་པ་དང་། ཁོང་ཚོའི་གུས་བརྩི་དང་རྒྱབ་སྐྱོར་ཆེན་པོ་འདི་ལྟ་བུ་ཞིག་ཐོབ་པ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་དག་པའི་དབུ་ཁྲིད་ཉག་གཅིག་ལ་བརྟེན་ནས་བྱུང་བ་ཞིག་ཡིན། མང་གཙོའི་ལམ་སྲོལ་མི་མང་ལ་གསོལ་རས་ལྟར་བསྩལ་ཅིང་། དབུ་མའི་ལམ་ནས་བོད་སྤྱི་བའི་རྩ་དོན་སེལ་བའི་ཐབས་ལམ་གསར་གཏོད་གནང་། བོད་སྤྱི་བའི་རྩ་དོན་དང་། རང་དབང་། བདེ་སྐྱིད་བཅས་ཀྱི་ཆེད་དུ་ཞི་བའི་འཐབ་རྩོད་ཐོག་སྐུ་ཚེ་ཧྲིལ་བོ་ལ་སྐུ་ངལ་བསམ་བརྗོད་ལས་འདས་པ་གནང་ཞིང་། དྲང་བདེན་དང་ཞི་བདེར་དགའ་བའི་འཛམ་གླིང་སྐྱེ་བོ་རྣམས་ཀྱིས་བསྔཊ་བརྗོད་ཀྱི་མེ་ཏོག་གཏོར་ནས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ། མགོན་པོ་གང་གི་མཐའ་མེད་པའི་བྱམས་བརྩེའི་སྒོས་འཛམ་གླིང་ཞི་བདེ་དང་ཆོས་ལུགས་མཐུན་སྒྲིལ་སོགས་ཕྱོགས་དང་མཚམས་ཀྱིས་བར་དུ་ཆོད་པ་མེད་པ་དེས་གང་གི་རླབས་ཆེན་གྱི་མཛད་འཕྲིན་ཉི་གཞོན་ལྟར་འཛམ་གླིང་ཧྲིལ་བོར་ཁྱབ་པས་གང་སྐུ་འཛམ་གླིང་ཞི་བདེའི་རྒྱན་དུ་གྱུར་བ་ངོ་མཚར་བསྐལ་བ་བཟང་།བདག་ཅག་གཞིས་བྱེས་བོད་འབངས་རྣམས་ལ་འདི་ཕྱི་གཏན་གྱི་མགོན་སྐྱབས་ཉག་གཅིག་ཡ ོད་པ་ནི་༧གོང་ས༧སྐྱབས་མགོན་ཆེན་པོ་མཆོག་ལས་གཞན་སྐྱབས་ས་རེ་ས་སུ་གང་ཡང་མེད་པས་གང་གིས་ཐུགས་བརྩེའི་ཆེན་པོའི་ཀློང་ནས་དུས་ནམ་ཡང་འདོར་བ་མེད་པ་མཁྱཻན་མཁྱཻན་མཁྱཻན།
ཞེས་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ནས་གུས་པ་ཆེན་པོས་རྨ་ཡུལ་བློ་བཟང་ཚུལ་ཁྲིམས་ནས་ཕུལ། ཕྱི་ལོ༢༠༡༢ཟླ༩ཚེས༢༥ཉིན།
ངོ་མའི་ཡག་པོ་བྲིས་འདུག།ཐུགས་རྗེ་ཆེ།
རྒྱལ་ཁབ་གཞན་པའི་དམར་ཤོག་ཚེ་འདི་ལ་རང་དབང་མེད་པ་བཟོ་མཁན་ཞིག་རེད། ང་ཚོ་བོད་པའི་དམར་ཤོག་ཚེ་་འདི་ཕྱི་གཉིས་ཀ་རང་དབང་མེད་པ་བཟོ་མཁན་རེད།
ཚེ་རབས་ཀུན་ཏུ་ལས་བྱས་མ་བྱས་པ་དང་མི་འཕྲད་ཅིང་བྱས་པ་ཆུད་མི་གཟན་པ་སོགས་རྒྱུ་འབྲས་ཀྱི་མདོ་ཞིག་མི་རྩོམ་པར། དང་པོ་འགོ་བརྗོད་ཀྱི་ཞྭ་མོ་ནག་པོ་གཡོག་བཞིན་པ་ཞེས་པའི་ཞྭ་མོ་ག་འདྲ་ཞིག་བཟོས་ཡོད་དང་མདོག་ནག་པོ་ཡིན་པས་རྒྱུ་མཚན་སོགས་གསལ་བཤད་མེད་པར་ཁ་ཧར་ཧར་ནང་ནས་གཏམ་ཕེར་ཕེར་ཞིག་སྨྲས་པ་ནི་དགེ་ལས་ཉེས་སྐྱོན་ཆེ་བར་སྙམ། ཆོལ་གསུམ་སྤུན་ཟླ་ཀུན་གྱི་མཛའ་མཐུན་འོ་མ་བཞིན་འཁྱིལ་ནས་བཞུགས་ཡོད་པ་ལ་ཁ་ནག་བསམ་ནག་ཁ་ཤས་ཀྱིས་རྒྱུ་མཚན་གང་ཡང་མེད་པ་ལ་ཤེས་མདོག་མདོག་དང་འཇོན་མདོག་མདོག་ད་དུང་ལྷག་བསམ་དང་དད་འདུན་ཆེ་མདོག་མདོག་བྱས་ནས་མགོ་མེད་རྔ་མེད་ཀྱིས་གཏམ་བཤད་དང་། སྔ་མཐོང་ཕྱི་གསལ་གྱི་རྣམ་དཔྱོད་མེད་པར་ཁྲག་དཀྲུགས་ཀྱི་ཐུར་མ་བཞིན་བོད་རིགས་ནང་ཁུལ་མི་བདེ་བས་གཞི་མ་ཞིག་བཤད་མ་བསྡད་ན་དགེ་མཚན་ཆེ་བར་འདོད།
བློ་ལ་བབ་སོང་ཐུགས་རྗེ་ཆེ། མདོར་ན་༧གོང་ས་མཆོག་མེད་ན་ད་ལྟའི་བོད་རང་དབང་དང་རང་བཙན་སོགས་ཀྱི་སྐད་ཆ་ཙམ་ཡང་མེད་ལ། བོད་མི་རིགས་ཀྱི་ཆིག་སྒྲིལ་དང་འཐབ་རྩོད་གང་ཡང་མེད་པ་འདི་ཀུན་གྱིས་མཁྱེན་དགོས།
བོད་གཞུང་སྒོ་རྒྱག་སོང་ཞེས་བཤད་མཁན་ནང་རིགས་གསུམ་ཡོད། རིགས་གཅིག་ནི་རྒྱལ་གཅེས་ལྷག་བསམ་རྣམ་དག་གི་སྒོ་ནས་བོད་གཞུང་གི་མཚན་མེད་པ་བཟོས་པ་ཡག་མ་སོང་དྲན་ནས་གསུངས་མཁན་ཡོད། རིགས་གཅིག་ནི་རྒྱ་ནག་པོའི་རྒྱུགས་ཁྱི་བོད་གཞུང་དམངས་གཉིས་བར་དཀྲུགས་མཁན་ཁ་ཅིག་གིས་གོ་སྐབས་འཚལ་ནས་༧གོང་ས་མཆོག་དང་གཞུང་ལ་སྐུར་འདེབས། མི་དམངས་ཀྱི་སེམས་ཤུགས་མེད་པ་བཟོ་ཐབས་ཆེད་བཤད་མཁན་ཡང་ཡོད། ཡང་རིགས་གཅིག་ནི་རྒྱུ་མཚན་དང་དམིགས་ཡུལ་གང་ཡང་མེད་པར་རི་བོང་ཅལ་འདྲོགས་བྱེད་མཁན་དེ་ཚོ་རེད། དེས་ན་གནས་ཚུལ་གང་ཡིན་ཡང་ཞིབ་འཇུག་ལེགས་པོ་བྱེད་དགོས་པ་ལས་དཀར་ནག་ལམ་སེང་ཕྱེ་མི་ཐུབ།
རྨ་ཡུལ་ཁྱོད་ནོར་རེད་༧གོང་ས་མཆོག་ལ་ཞྭ་མོ་ནག་པོ་གཡོག་མཁན་བོད་པ་མ་རེད་རྒྱ་ནག་ཚང་རེད། བོད་རྒྱལ་ཁབ་རང་བཙན་གཙང་མའི་མངའ་བདག་དེ་༧གོང་ས་མཆོག་མ་རེད་ལབ་མཁན་སུ་རེད། བོད་རྒྱལ་ཁབ་ལོ་རྒྱུས་ཐོག་རང་བཙན་མ་རེད་ལབ་མཁན་སུ་རེད། འཛམ་གླིང་ཞི་བདེའི་དེད་དཔོན་ཡིན་བཞིན་པ་ལ་ལོག་སྤྱོད་རེད་ལབ་མཁན་སུ་རེད། དེ་ལས་ལྷག་པ་ཞྭ་མོ་གཅིག་ཡོད་ན་ཁྱོད་རང་གི་ཕུལ་བ་ཡིན་གྱི་རེད། རྨ་ཡུལ་ཁྱོད་ཕོ་རྒོད་པོ་དང་ལྷག་བསམ་ཡོད་ན་ཁྱོད་ཀྱི་སྡར་མའི་ཚིག་གི་མཚོན་ཁ་དེ་བོད་པ་ནང་ཕན་ཚུན་ལ་མ་གཏད་དགྲ་བོ་རྒྱ་དམར་ལ་གཏོད་ཅིག་གུ །
་་་་་་་་ མགོན་པོ་གང་ཉིད་ནས་བཀའ་སློབ་ཁག་གཉིས་བསྩལ་བ་དེ་ལ་མཇལ་ནས་སེམས་ལ་དངངས་དྲག་སྐྱེས་ཤིང་མིག་ཟུང་མཆི་མས་གང་སོང་། ་་་་་་་་ཟེར།
དད་པ་དང་དག་སྣང་ཡོད་ཚུལ་གྱིས་བོད་རིགས་སྤུན་ཟླ་ནང་ཁུལ་འདྲ་མཉམ་དང་ཆམ་མཐུན་སོགས་ལ་སྤུ་རྩེ་ཙམ་ཡང་མི་སེམས་པར་ནང་ཁུལ་སྐད་ཆ་མཐོ་དམའ་ཅུང་ཙམ་རེར་ཁྱེད་ཤི་ང་གསོན་གྱིས་ལོག་སྤྱོད་དང་རྔ་མ་རིང་ལུགས་འདི་དག་ནི་བོད་ཀྱི་འཁོར་ཡུག་ཆུང་ཆུང་འདི་ཆུང་ནས་ཆུང་དུ་གཏོང་བ་ལས་མི་རིགས་ཀྱི་སྟོབས་ཤུགས་ལ་བསམ་བློ་བཏང་གི་མེད། བོད་མིའི་བརྒྱ་ཆ་དགུ་བཅུ་གོ་གྲངས་ཀྱིས་༧གོང་ས་མཆོག་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པར་ངེས་འཛིན་ཞུ་བཞིན་པ་དེས་བོད་མི་ལས་འཛམ་གླིང་གི་མང་གཙོའི་སྤྱི་ཚོགས་ཞིག་གི་ནང་དུ་གཞན་སུ་ཡང་མེད་པ་ཤེས་དགོས། བོད་མིས་༧གོང་ས་མཆོག་ལ་ལྟ་ཚུལ་དང་མཐོང་ཚུལ་འདི་ལས་ལྷག་པ་ཞིག་ཡོང་མི་སྲིད་ལ། གལ་སྲིད་ཡོང་ཀྱང་དོན་ཕན་དམིགས་གསལ་གང་ཡང་མེད། རྒྱུ་མཚན་ནི། བོད་རིགས་མི་དམངས་ཀྱིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་འདིས་ཁོང་གིས་བོད་མི་རིགས་ལ་སྐྱོངས་བའི་ཐུགས་དགོངས་དེ་འགྲུབ་རྒྱུ་ཡོད་ན་ཡོད་ཚོད་རང་ཡིན་པ་ལས་དེ་ལས་ལྷག་གི་རྒྱབ་སྐྱོར་གྱིས་ནུས་་པ་དམིགས་གསལ་གང་ཡང་མི་ཐོན། གང་ལྟར་༧གོང་ས་མཆོག་ལ་དོན་དམ་གྱིས་ཐུགས་དད་ཡོད་མཁན་ཞིག་ཡིན་ན། ཁོང་ལ་ལྟོས་པའི་སྤྱི་ཚོགས་སུ་ལབ་གླེང་མ་བཟོ་རོགས། དེས་ཁོང་གི་སྙན་གྲགས་ལ་གནོད་རྐྱེན་ལས་མཐུན་རྐྱེན་ནམ་ཡང་མི་འགྱུར་བས་ངེས་པར་དུ་གནད་འདིར་བསམ་གཞིགས་དགོས་སོ།
༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུ་གནང་སོང་ཞེས་སུས་དང་ནམ་ཞིག་ལ་བཤད་པའི་སྐད་ཆ་སོགས་སྟོན་རྒྱུ་སྣ་གཅིག་མེད་ཙང་། མཐར་བཀའ་ཤོག་དང་གྲོས་ཚོགས་ཀྱི་ངོས་ནས་༧ཁོང་ཚོས་མ་བྱུང་བའི་ཐད་ལ་བཟོད་གསོལ་ཞུ་ངེས་པའི་གྲོས་ཆོད་བཞག་ཟིན་པ་རེད། དེ་ན་༧གོང་ས་མཆོག་གིས་དེ་ལྟར་བཤད་མཁན་ཡོད་རབས་ཀྱིས་སྐད་ཆ་བསྐྱལ་མཁན་དེ་སུ་རེད་དམ། དེ་ནི་ད་གཟོད་ཕྲ་མ་དང་སྐྱག་རྫུན་བཤད་མཁན། འགོ་འབངས་བར་གྱི་འཁྲུག་གཞི་བཟོ་མཁན་གཏེ་བོ་དེ་ཡིན་པས། དེ་ཐར་འདོན་དང་ནག་འདེད་བྱེད་དགོས་པ་མ་རེད་དམ།
དེ་མིན་ཚོགས་སྒེར་སུས་ཀྱང་དེ་ལྟར་བཤད་མེད་པ་ས་རིལ་ཐང་གསལ་རེད། དེ་བས་བོད་གཞུང་གི་མིང་བརྗེ་སྒྱུར་ཐད་ལ་བསམ་འཆར་བཤད་མཁན་གྲོས་ཚོགས་རང་དང་མི་མང་གཉིས་ཤུགས་ཆེར་བཤད་ཡོད་ལ། དེ་ནི་བཤད་ཆོག་པ་ཞིག་ཀྱང་རེད། དེ་མིན་རྨ་ཡུལ་བློ་བཟང་ཕུན་ཚོགས་ཅན་སོགས་ཁྱེད་ཅག་གིས་ཀྱང་གནས་ཚུལ་ཞིབ་ཕྲ་ཤེས་པའི་ཐོག་ད་གཟོད་རྣམ་འགྱུར་བསྟན་ན་དོན་ཕན་འབྱུང་བ་ལས། མང་མང་གི་བཤད་ཚུལ་ཙམ་གྱིས་རང་སེམས་སྡུག་ལ་མ་གཏོད། དེ་ཙམ་ཡིན།
ཚོགས་པ་སྐྱིད་སྡུག་ཁག11 ཚོ་ཕུང་འདྲེ་ངོ་མ་རེད་ རྒླལ་བཀའི་ལག་ཆ་ལོག་པར་སྤྱོད་པ་རེད།
ང་ཚོས་དོན་དངོས་དང་མཐུན་པའི་སྒོ་ནས་ལས་འགན་སྒྲུབ་དགོས་པ་དང་། དོན་དང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་སྐད་ཆ་ཤོད་དགོས་པ། མཁྲེགས་ཟུང་དང་ལྐུགས་པ་ཨུ་ཚུགས་ཀྱི་སྤྱོད་ངན་དོར་དགོས་པ། འབྱུང་འགྱུར་ལ་རྒྱང་བལྟ་བྱེད་ཐུབ་པ། བསམ་ཚད་ཤོད་མི་རུང་བ། རང་གི་བྱས་པའི་ལས་ཀའི་འབྲས་བུ་དང་གཞན་གྱི་ཕྱག་ལས་གནང་བའི་འབྲས་བུ་གཉིས་བསྡུར་དགོས་པ། དེ་གཉིས་ཀྱིས་སྤྱི་ཚོགས་ནང་ཕན་ནུས་གང་ཆེ་བ་ཡོད་མེད་དཔྱད་པ་བྱེད་དགོས། ཕན་ནུས་མ་ཐོན་པའི་སྐད་ཆ་སྟོང་པས་རང་གཞན་ཚང་མར་གནོད་པ་ལས་གྲུབ་འབྲས་དེ་ཙམ་མ་ཐོན། ཚང་མར་རྒྱུ་མཚན་རེ་བཤད་རྒྱུ་ཡོད་ཀྱང་འཕྲལ་ཕུགས་ཀྱི་དོན་ལ་བསམ་གཞིགས་ངེས་པར་བྱ་དགོས་པ་ཡིན། ང་ཚོས་སྤྱི་ཚོགས་ནང་རྡོ་ཆེན་པོ་དེ་གཡུགས་ནས་མ་བཞག་པར་རྡོ་ཆེན་པོ་གཡུགས་མཁན་གང་ཟག་དེ་ངོས་འཛིན་ཐུབ་པ་བྱས་ནས་ཐབས་མཁས་ཀྱིས་སློབ་གསོ་རྒྱག་དགོས་པ་ལས་དམྱལ་བ་ལ་སྐྱེ་གི་རེད། ལས་འབྲས་འཁོར་གྱི་རེད་ཟེ་བཤད་ཀྱིན་བསྡད་ན་སྙིང་པོ་ཨེ་ཡོད། འགྱེལ་བའི་སྒང་ལ་ཚང་མས་རྡོག་བརྫིས་མ་བཏང་བར་གོ་བསྐོན་བློ་འགུག་བྱ་རྒྱུ་གལ་ཆེ་བར་བསམ།
རྨ་ཡུལ་ལགས། ཁྱེད་ལ་དད་པ་རྣལ་མ་ཞིག་ཡོད་ནའང་ཐང་། འོན་ཀྱང་དད་པ་ཡོད་ཙམ་གྱིས་བླ་མའི་དགོངས་པ་རྟོགས་ཀྱི་ཡོད་དམ། བོད་མི་ནང་ཁུལ་དུ་ཕུ་དཀྲུགས་འདའ་དཀྲུགས་བྱས་ན་བླ་མའི་དགོངས་པ་ཨེ་རེད།་རང་བཟང་རབས་དང་གཞན་གྱིས་མ་འགྲིགས་པ་བཤད་ན་བླ་མའི་ཞབས་བརྟན་ཨེ་རེད། ད་དུང་བསམ་གཞིགས་གང་མང་བྱེད་རོགས།
མཚོ་མོ་ཁྱོད་རང་མ་ཤེས་ན་ཤེས་མདོག་དང་སྤྱང་པོ་ཡིན་མདོག་མ་བཟོ་ཤིག ། སྐད་ཆ་དེ་འདྲ་བཤད་མཁན་དེ་ཁྱོད་ཀྱིས་མ་ཤེས་ན་འཇམ་དབྱངས་ནོར་བུ་རེད། ད་དུ་ང་ཤེས་དགོས་ན་༧གོང་ས་མཆོག་གིས་ཉེར་སྔོན་ལ་དྭགས་སུ་གནང་པས་བཀའ་སློབ་ལ་ལྟོས་དང་། ཉོན་དང། གཟུར་བོར་གནས་པའི་ཐོག་ནས་དཔྱོད་དང་། དེ་ནས་ཤེས་ངེས་རེད། ད་དུང་མ་ཤེས་ན་མི་པའི་རྨོངས་པའི་གདོན་གྱི་ཟིན་སོང་བ་ཡིན་པའི་ཐབས་ཤེས་གང་ཡང་མེད། དོན་དངོས་༧གོང་ས་མཆོག་ལ་ཟུར་དང་ངན་སྨས་སུའི་བཟོས་ན་དེ་ནི་དུས་ནམ་ཡང་ང་ཚོས་ཁས་མི་ལེན་ངོ་མ་ཡིན། ངས་མང་པོ་ཞུས་ཟིན་པ་ཡིན། བོད་པའི་བཤད་སྲོལ་ལ་ཡོད་པ་བཞིན། ཕྱིའི་དགྲོ་མགོ་བརྡུང་བྱེད་སྟ་རེ་མེད་པར། ནང་རྫ་རྐུབ་ཕུད་བྱེད་མཐོ་བ་ཟེར་བ་བཞིན་མི་ངན་འདི་ཚོའི་གྲས་ལ་ག་དུས་ཡིན་རུང་ལེགས་བཤད་ཞིག་གང་ཡང་མེད་པ་ཤེས་དགོས། རང་གཞུང་གི་འགོ་བླ་མ་དང་དཔོན་པོའི་མ་ཐོན་རབས་དང་ཆོས་ལུགས་དང་ཆོལ་ཁའི་མ་བྱུང་རབས་རྐྱང་རྐྱང་བཤད་པ་ལས། དོན་དངོས་གནད་ལ་ཁེལ་བས་ལས་འགུལ་དང་། ཆབ་སྲིད། རིག་གནས། ཆིག་སྒྲིལ། གཞན་ཡང་ང་ཚོའི་སྤྱི་ཚོགས་སུ་དགོས་ངེས་པའི་གནད་དོན་མང་པོ་ཡོད་རུང་མིག་ཡ་ཞ་ར་ཆགས་པ་ནང་བཞིན་མཐོང་གྱི་ཡོད་པ་མ་རེད། ད་དུང་དགྲ་བོ་རྒྱ་དམར་གཞུང་ལ་རྒོལ་ལེན་ཡིག་གེ་ན་ཡིག་གཅིག་ཡང་བྲིས་མ་མྱོང་བ་རེད་ལབ་ན་ཡང་མི་ཆོག་པ་གང་ཡང་མེད། འདི་འཇམ་ནོར་ལ་ཟེར་གྱི་མེད། རྒྱུ་མཚན་དེའི་ཕྱིར་ན་ངས་སྐྱག་ཁང་ཁ་མངོག་ན་དྲི་མ་སྐྱག་དྲི་ལས་གང་ཡང་མེད་པར་བཤད་དགོས་དོན་ཡང་དེ་བཞིན་ཡིན་ནོ། །
ཆ་ཚང་ཀློག་པ་ཡིན་ངོ་མ་ཡག་པོ་བྲིས་འདུག།ཐུགས་རྗེ་ཆེ།
དྲ་གྲོགས་ཚོ། འདིའི་ཐད་གོ་མ་གོ་དང་གསལ་མི་གསལ་གྱི་ངང་ནས་ཧོབ་རྒྱུག་མ་གནང་ན་བཟང་པར་སྙམ། དང་པོར་འདི་སྐོར་གྱི་བཀའ་དེར་ཡག་པོ་ཅིག་ཉན། དེ་ནས་འཇམ་ནོར་སོགས་ཀྱིས་སྐད་ཆ་གང་ཤོད་ཡོད་པ་དེར་ཞིབ་དཔྱད་བྱས་ནས་ད་གཟོད་རང་གིས་དཔྱད་གཏམ་སྤེལ་ན་མི་བཟང་ངམ
འཇམ་གཅེས་ལགས་ལ་ཞུ་རྒྱུ། ལ་དོགས་བཀའ་སློབ་ཁྱེད་དང་ང་། ང་ཚོ་ཚང་མ་ཀློག་པས་མི་ཚད་བློ་འཛིན་ཐུབ་མཁན་ཡང་བྱུང་ཡོད་ཚོད་ཡིན། ཡིན་ནའང་༧གོང་ས་མཆོག་ཐུགས་ཕམ་འབྱུང་གཞི་ནི་ཚོགས་སྒེར་ཁ་ཤས་ཀྱིས་༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུ་གནང་སོང་ཞེས་པའི་དེའི་ཐད་རེད། འདི་མ་ཡིན་པའི་གནད་དོན་གཞན་འཁེལ་མ་རེད་འདོད། དེ་ན་ཁྱེད་ཀྱིས་དམིགས་འདོན་བྱེད་པའི་འཇམ་དབྱངས་ནོར་བུས་དུས་ནམ་ཞིག་དང་བརྒྱུད་ལམ་གང་ཞིག་ཏུ་དེ་ལྟར་བཤད་ཡོད་པའི་སྐད་ཆ་རྣམས་ཁྱེད་ཀྱིས་འདིར་འདྲེན་བཀོད་བྱེད་ཐུབ་ཚེ་རང་གཞན་ཀུན་ལ་ཕན་པའི་རྒྱུ་རུ་འགྱུར་ངེས། དེ་ལྟར་མ་ཐུབ་ཀྱང་དྲ་འབྲེལ་གྱི་ཁ་བྱང་ཙམ་ཞིག་གནང་ཐུབ་ཚེའང་ཐུགས་ཕན་གསོས་ས་རེད།
དེ་མིན་ཁྱེད་ཀྱིས་ཅི་ཟེར་དང་ཅི་སྒྲུབ་ནི་སྟོང་བཤད་ཁོ་ན་ལ་ངོས་འཛིན་རྒྱུ་ཡིན།
དང་པོར་འཇམ་ནོར་འདི་མི་ལ་རྒྱ་ཅན་སྤོབས་པ་ཅན་ཞིག་རེད་བསམ་ནས་ང་ཧ་ཅང་ཁོང་ལ་དགའ། ཡིན་ན་ཡང་ཁོང་གི་ཅི་ཞིག་སྒྲུབ་འདུག་ཅི་ཞིག་བཤད་ཀྱིན་འདུག་ད་དུང་ཁོང་གི་མི་ཚེའི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱས་ཀྱིན་བྱས་ཀྱིན་ང་ནི་ཁོང་དང་བར་ཐག་རིང་དུ་རིང་དུ་འགྲོ་སྲིད་པའི་ཚོར་བ་འདུག ད་དུང་ལེགས་ཉེས་ཁ་ཚོན་གཅོད་ཐུབ་པའི་རྒྱུ་ཆ་ངེས་ཅན་ཞིག་མ་རག་ཐལ།
དགེ་བཤེས་ཟེར་བ་མིང་ཅན་འདི་དག་ལ། །བསམ་ན་ཞེན་པ་སྙིང་ནས་ལོག་ལེ་རེད། །གངས་ཅན་འགྲོ་བའི་སྙིང་གི་ནོར་བུ་ལ། །ཟུར་ཟ་བྱེད་ཁུལ་ཨ་ཙེ་ཤ་རེ་ཚ། །བོད་ལ་ངོམ་རྒྱུ་༸གོང་ས་མཆོག་ཉིད་ཡིན། །དགྲ་ལ་འཕྱུར་རྒྱུ་༸གོང་ས་མཆོག་ཉིད་ཡིན། །གཅིག་གིས་སྟོང་ཆོད་༸གོང་ས་མཆོག་ཉིད་ཡིན། །འདི་ཕྱིའི་སྐྱབས་གནས་༸གོང་ས་མཆོག་ཉིད་ཡིན། །ལས་ངན་དག་གིས་ཞལ་ལ་མ་ཉན་པར། །བོད་འདི་རྒྱ་ལ་ཤོར་བ་ཡོངས་གྲགས་རེད། །ད་ཡང་ལས་ངན་འདི་ཚོས་བོད་མི་དཀྲུག །མཐའ་མར་རང་རེའི་བོད་འདི་གཏོར་ངེས་ཡིན། །ད་ནི་བོད་རྣམས་རྣ་བ་ཀྲོང་ངེར་བྱོས། །སེམས་པ་མ་མུག་ཉི་མ་ཤར་འདྲ་གྱིས། །མིག་གཉིས་མ་བཙུམ་ཕྱོགས་བཞིར་བཙུགས་འདྲ་བྱོས། །བཟང་ངན་ཤན་འབྱེད་བྱེད་ཅིག་བོད་མི་ཚོ། །ང་ཚོའི་མགོན་སྐྱབས་གོང་ས་མཆོག་ལས་མེད། །ང་ཚོའི་བླ་མ་གོང་ས་མཆོག་ལས་མེད། །ང་ཚོའི་ལམ་སྟོན་༸གོང་ས་མཆོག་ལས་མེད། །ང་ཚོའི་ནོར་བུ་༸གོང་ས་མཆོག་ལས་མེད། །རིས་མེད་སྐྱེས་ཆེན་དག་ལ་ལོས་དད་དེ། །ཆོལ་གསུམ་ཚང་གི་བླ་མ་ཁོང་ཉིད་རེད། །ཡིན་མིན་བོད་ཡུལ་ཡོངས་ལ་ལྟོས་དཱ་ཤེས། །ཁམས་པའི་བླ་མ་ཨ་མདོས་ངོ་མི་ཤེས། །ཨ་མདོའི་བླ་མ་དབུས་པས་ངོ་མི་ཤེས། །དབུས་པའི་བླ་མ་མདོ་རུ་ངོ་མི་ཤེས། །ཀུན་གྱིས་ཤེས་པ་༸གོང་ས་མཆོག་ཉིད་ཡིན། །ངོས་ནས་དཀོན་མཆོག་གསུམ་པོར་དབང་དུ་བཙུགས། །ཞེན་ཁོག་ཏིལ་འབྲུ་ཙམ་ཡང་བྱས་པ་མེད། །ཨེ་ཡོད་དཔལ་ལྡན་དམག་ཟོར་རྒྱལ་མོས་ཤེས། །ལྷག་བསམ་རྣམ་པར་དག་པས་སྨྲོས་པ་ཡིན། །
གང་ཟག་འགའ་ཤས་ནས་ཟེར་བའི་ནས་སྒྲ་དེའི་གོ་བ་ག་རེ་རེད། བོད་སྐད་བཤད་མ་ཤེས་བའི་སྐྱོན་རེད་དམ། བརྡ་སྤྲོད་མ་ཤེས་བའི་སྡུག་རེད་དམ། གྲོགས་པོ་ལགས།
༩༽ མཚོ་མོ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༦ གི་ཆུ་ཚོད་ ༡ སྐར་མ་ ༣༡
༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུ་གནང་སོང་ཞེས་སུས་དང་ནམ་ཞིག་ལ་བཤད་པའི་སྐད་ཆ་སོགས་སྟོན་རྒྱུ་སྣ་གཅིག་མེད་ཙང་། ་་་ཟེར་བ་འདིས་༸གོང་མཆོག་ཞལ་རྫུན་གསུངས་པར་འདོད་པ་ཤུགས་ཀྱིས་གོ་ཐུབ་པས་རངམགི་ས་ཁ་དེ་གཟབ་དགོས་མི་འདུག་གམ།
ཡང་།
༡༡༽ གངས་སྤྲེལ་ཚ་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༦ གི་ཆུ་ཚོད་ ༡ སྐར་མ་ ༥༤
ཚོགས་པ་སྐྱིད་སྡུག་ཁག11 ཚོ་ཕུང་འདྲེ་ངོ་མ་རེད་ རྒླལ་བཀའི་ལག་ཆ་ལོག་པར་སྤྱོད་པ་རེད། ཟེར་ན་ག་རེ་ཟེར་བགྱོད་ཡོད་རེད། གངས་ཀྱི་སྤིའུ་ལགས།
དྲྭ་འབུ་མཚོ་མོ་མིང་ཅན་ཁྱོད་ཀྱིས་༧གོང་ས་མཆོག་གི་བཀའ་སློབ་ཐོས་བཞིན་མིག་ལྡན་གཡངས་འཆང་བྱེད་དགོས་པ་ལ་རྒྱུ་མཚན་ཆེན་པོ་ཞིག་དང་རྒྱབ་ལྗོངས་རིང་པོ་ཞིག་ལོས། ཁྱོད་ཀྱིས་ཚོགས་སྒེར་ཁ་ཤས་ཀྱིས་༧གོང་ས་མཆོག་གིས་བོད་གཞུང་ཕྱིར་བསྡུ་གནང་སོང་ཞེས་པ་དེའི་བསྐོར་ལ་དྭགས་ནས་གསུང་པའི་བཀའ་སློས་དེ་བློ་འཛིན་བཟོས་ཟིན་བཞིན་དུ་ད་དུང་ག་རེ་སྡུག་སྐད་འདོན་དགོས་འདུག །དོན་མ་གོ་ན་་་སྤྱིར་ཟེར་དུས་ཚོགས་པ་དང་སྒྲིག་འཛུག་ལ་གོ་དགོས། སྒེར་ཟེར་དུས་མི་སྒེར་པ་འམ་ཡང་ན་མི་བྱེ་བྲག་པ་ལ་གོ་དགོས། སུས་བཤད་མིན་དང་ག་དུས་བཤད་མིན་ག་རེ་བཤད་མིན་སོགས་རེ་རེ་ནས་ངས་ཁྱོད་ལ་འགྲེལ་བཤད་དགོས་དོན་མེད་ལ་བཟོ་འདོད་ཡང་མེད། ཞིབ་ཕྲ་ཤེས་འདོད་ན་འདི་ལོའི་སྤྱི་ཟླ་༤་དང་ཡང་ན་༥་པའི་ནང་དུ་འདྲེན་སྤེལ་ཟིན་པའི་བང་ཆེན་དང་དུས་བབ་སོགས་སུ་ཡང་ཁ་གསལ་འཁོད་ཡོད། དེ་ཙམ་མ་ཡིན་པར་འཇམ་ནོར་གྱི་༧གོང་ས་མཆོག་ལ་དུས་རྟག་ཏུ་ག་རེ་བཤད་མིན་རྒྱ་གྲགས་བོད་གྲགས་ཡིན་པར་ཁྱོད་ཀྱིས་མ་ཤེས་པ་ནི་མགོ་ས་དོང་ནང་བཅུག་ནས་བསྡད་ཡོད་ཤག །
རེད་ཡ། འཇམ་ནོར་གྱི་ཁ་གདང་ཚད་དེ་འདྲ་བཤད་ཡོད་ཤག་བྱས་པའི་་ཁྱེད་ཀྱི་བསམ་བློར་མ་གཞི་ནས་སླད་སྐྱོན་ཞུགས་འདུག་པས། ཁྱེད་ལྟ་བུར་ཅི་ཙམ་བཤད་ཀྱང་བོས་སྣར་ཆོས་བཤད་རེད། དེ་མིན་སྤྱི་ཟླ་༥བའི་དུས་བབ་གསར་འགོད་པ་ཚེ་རིང་རྒྱལ་གྱིས་འཇམ་ནོར་ལ་བཅར་འདྲི་ཞུས་པ་འདིར་ཡོད་ལ། དེར་ཁྱེད་ཀྱིས་དགོངས་པ་བཞིན་བཤད་མི་འདུག
དེ་བཞིན་དུས་རྒྱུན་ཅི་བཤད་ནི་སྐབས་དོན་བརྗོད་གཞི་དང་འབྲེལ་མེད་པས། ཞེ་སྡང་དང་འཁོན་འཛིན་གྱིས་ཀུན་ནས་སློང་བ་དེ་ནི་མཁྲིས་ནད་ཅན་གྱི་གངས་རི་སེར་བོ་སྣང་བ་བཞིན་རེད། མ་མཐར་འདི་ཙམ་མཁྱེན་པ་གནང་།
ཡར་སེམས་ཀྱི་སྐད་ཆ་ཡིན།
བོང་བུ་ཨམ་མཆོག་ལ་ཆོས་བཤད་ལ་བཅོས་ཡོད།
རེད་ཡ་དུས་རྒྱུན་དུ་གང་བཤད་པ་དེ་འདི་དང་འབྲེལ་བ་མེད་དོན་གང་ཡིན་ནམ། ༧གོང་ས་མཆོག་ཐུག་ཕམ་དགོས་པས་འབྱུང་ཁུང་ངོ་མ་ཡང་འདི་དག་ལ་ཐུག་ཡོད་པ་ཡིན། གསར་ཤོག་མགོ་བརྗོད་མཐོང་ཙམ་ནས་ཞེགམེར་ལང་དགོས་པས་སྐད་ཆ་ག་རེ་བཤད་ཡོད་མིན་གསལ་ཡོད་པར་ད་དུང་ཕྱོགས་ཞེན་དང་རང་མདོད་ཁོག་བཅངས་དགོས་གང་ཡིན་ནམ། འཁྲིས་ནད་ཕོག་པ་ཡིན་གདོན་གྱི་མྱོས་པ་གང་ཡིན་ན་གཅིག་ཡིན་པར་ནི་གཏན་ཁེལ་འདུག །
མཚོ་མོ་མིང་ཅན་ཁྱེད་རང་སྐད་ཆ་གང་བྱུང་མ་བཤད་ན་བཟང་། ༧གོང་ས་མཆོག་ནི་སྐད་ཆ་ཕུག་ཡོད་ཁུང་འཕེར་ལས་གང་བྱུང་བདེན་པར་འཛིན་མཁན་གྱི་གཅོལ་ཆུང་ཞིག་མིན་པ་ཚང་མས་ཤེས་གསལ་རེད། ད་བར་དུ་གོང་ས་མཆོག་གིས་ཁུང་ལུང་མེད་པའི་སྐད་ཆ་ག་དུས་གསུང་སོང་ཁྱེད་རང་ལ་བསྟོན་རྒྱུ་ཡོད་དམ། ཁྱེད་རང་གིས་སྐད་ཆ་འདིས་གོང་ས་མཆོག་ལ་མཐོང་ཆུང་བྱེད་པ་མ་ཡིན་ནམ། ཁྱེད་རང་གི་སྐད་ཆ་བཤད་སྟངས་ལ་བལྟས་ན་གོང་ས་མཆོག་ལ་དངོས་སུ་སྐྱོན་བརྗོད་བྱེད་མ་ནུས་པ་ལས། སེམས་ནས་གོང་ས་མཆོག་ལ་ལྟ་ཚུལ་ཅི་འདྲ་ཞིག་ཡོད་མེད་ཐེ་ཚོམས་རེད་འདུག
ངོ་རྫོགས་རྒྱུ་ཚོ། རྩོད་པ་མ་རྒྱག་ར། བྱ་རྒྱལ་ཁྱུང་ཆེན་གྱི་ཐུགས་དགོངས་ལ་བྱིའུ་ཞར་མ་ཚོའི་ཚོད་དཔག་བྱེད་མི་ཐུབ། དང་པོ་བཀའ་སློབ་ལ་ཉོན། དེ་ནས་བསམ་བློ་ཐོངས། དེ་ནས་བསམ་འཆར་ཤོད་དང་།
ང་དང་ང་འདྲ་བའི་བོད་པ་མང་པོ་ཞིག་ད་དུང་མི་སུ་ཞིག་གིས་བོད་གཞུང་ཕྱི་སྡུ་བྱས་པ་རེད་ཟེར་འདི་ཚོག་པ་དང་སྒེར་པ་སུ་ཡིན་པ་ད་དུང་ཧ་གོ་མ་སོང་བས་གསལ་གཤད་གནང་རོགས། སྐབས་འཚོལ་པ་དག་གི་བད་སྤྱོད་ལོག་པ་བྱེད་སྲིད།
གོང་ས་མཆོག་ལ་དད་དང་མི་དད་ཀྱི་སྐད་ཆ་བཤད་ན་བརྗོད་གཞི་ཆུང་དྲགས་ནས་ཆོ་ཡོད་པ་མེད། ངས་བལྟས་ན་ད་ཐེངས་གོང་ས་མཆོག་ཐུགས་ཕམ་བྱུང་གཞིའི་སྐད་ཆ་བོད་གཞུང་རྒྱལ་བ་རིན་པོ་ཆེ་ཡིས་བསྡུ་གསོག་བརྒྱབ་སོང་ཟེར་མཁན་ཞིག་བྱུང་ཡོད་ན་དེ་སུ་ཡིན་མིན་གསལ་བོ་བཟོ་དགོས་པ་དང་གཅིག གཉིས་ནས་བོད་གཞུང་གི་མིང་བརྗེ་བོ་བརྒྱབ་པ་དེ་ཆབ་སྲིད་ཀྱི་ཐད་ནས་གནད་འགག་ག་ཚོད་ཅིག་ཡིན་མིན་དང་། བོད་གཞུང་མིང་བསྒྱུར་གྱི་མགོ་འཇུག་བར་གསུམ་དུ་གོང་ས་མཆོག་གིས་ཤུགས་རྐྱེན་གང་ཐེབས་ཡོད་པ། གཞན་ཡང་བོད་གཞུང་གི་མིང་འདི་སུས་བརྗེ་མིན་ལ་མ་བལྟས་པར། བརྗེ་བ་དེར་དགེ་སྐྱོན་གང་ཡོད་སོགས་ནི་སྐབས་ཐོག་བརྗོད་གཞི་ཡིན་པ་ལས། དད་པ་དམ་ཚིག་ཁ་ལ་འཁྱེར་ནས་ཅིག་ལྷ་རུ་བཟོ་རྒྱུ་དང་། ཅིག་ཤོས་འདྲེ་རུ་དཀྲོགས་རྒྱུ་ནི་དུས་རབས་ཀྱི་བློ་མིག་ལྡན་པའི་བཀའ་མོལ་མིན་སྟབས། ང་ནི་འདི་ལྟ་བུའི་རྗེས་ལུས་དང་བག་འཁུམས་ཀྱི་ཉོག་བཤད་ནང་ནམ་ཡང་ཞུགས་འདུན་མེད། མདོར་ན་དད་པ་མི་བྱེད་མཁན་ཚང་མ་བསོད་ཞོག ང་ཚོར་གོང་ས་མཆོག་གིས་གསོལ་རས་གནང་བའི་དམངས་གཙོ་ལབ་ན་དེ་འདྲ་ཞིག་ཡིན་ན། ང་ལ་བཤད་རྒྱུ་མེད།
ཆབ་སྲིད་ནང་ལ་དད་པ་བསྲེས་ན་ལྐུགས་པ་རེད།དད་པ་མེད་ན་དམྱལ་བ་ལྷུང་གི་རེད་ཟེར་བ་དེ་ཡང་དག་པའི་སྐད་ཆ་རེད་དམ། ངོ་མ་གྲྭ་རྒན་ཀླད་རྙིང་ཁྱེད་ལ་སྙིང་རྗེ་སོང་།
བརྒྱ་ཁ་གཅིག་ཆོད་ཀྱི་ལྟ་གྲུབ་འཛིན་པ་དེ་འོས་འཚམ་ཞིག་ཨེ་ཡིན་ནམ། དེང་སང་རྒྱལ་སྤྱིའི་སྒང་ནས་ལྟ་གྲུབ་དེ་ཕྱིར་ཕུད་གཏོང་གིན་ཡོད་པའི་བཟོ་འདྲ་བོ་མཐོང་སོང་། དེའང་མི་སྒེར་གྱི་རང་དབང་གི་ཆེད་དུ་ཡིན་པ་རེད། འགའ་ཞིག་མི་སྒེར་གྱི་རང་དབང་་ལ་ཐེ་གཏོགས་བྱེད་པར་དེ་འདྲའི་དགའ་བ་ག་རེས་ཡིན་ནམ། ཁྱེད་ཚོས་༸གོང་ས་མཆོག་ལ་ཐུགས་དགྱེས་པའི་མཆོད་པ་ཞིག་འབུལ་འདོད་པ་ཡིན་ན། དེ་ནི་མི་སྒེར་གྱི་རང་དབང་ལ་སུན་བཙུར་དང་གཏོར་བརླག་བྱེད་རྒྱུ་མ་ཡིན་པར། མི་སྒེར་གྱི་རང་དབང་ལ་བརྩི་བཀུར་བྱེད་རྒྱུ་དེ་ཡིན་པར་འདོད།
་་བོད་གཞུང་་ ཞེས་པའི་ཐ་སྙད་འདི་བསྡུ་གསོག་བརྒྱབས་ཡོད་པ་དེ་དངོས་ཡོད་རེད། ཡིན་ནའང་བོད་གཞུང་ཞེས་པའི་སྒྲིག་འཛུགས་དེ་མིང་གཞན་ཞིག་གི་ཐོག་ད་དུང་གནས་མུས་རེད།
རྒྱ་བོད་ཚིག་མཛོད་དང་དབྱིན་བོད་རྒྱ་གསུམ་གྱི་སྡེ་པ་གཞུང་དང་བོད་གཞུང་ཞེས་པའི་ཐ་སྙད་རང་འཇགས་བཞག་འདུག །འདིའི་མིང་བསྡུ་གསོག་བརྒྱབས་ཡ་ཨེ་ཡོད་བསམ། དེ་ནི་སྔོན་གྱི་ལོ་རྒྱུས་ཙམ་རེད། ད་ལྟ་དེའི་གནས་སྟངས་འགྱུར་བ་ཕྱིན་ཚར་བ་རེད། མིང་བརྗེ་བསྒྱུར་བྱས་པ་དེ་ནི་དངོས་ཡོད་དང་འཚམས་པ་ཞིག་རེད་མི་འདུག་གམ།
ལྷ་ལྷ་ཡི་ས་ལ་འཇོག་རྒྱུ་དང་། འདྲེ་འདྲེ་ཡི་ས་ལ་འཇོག་རྒྱུ་དེ་ཡང་གནས་ལུགས་འཇལ་སྟངས་ཤིག་རེད། གནས་ལུགས་མེད་ན་འདྲེ་ནམ་ཡང་ལྷ་ལ་འགྱུར་སྲིད་ཀྱི་མ་རེད་ལ། གནས་ལུགས་ཡོད་ན་ལྷ་ནམ་ཡང་འདྲེ་ལ་འགྱུར་སྲིད་ཀྱི་མ་རེད།
འཇིག་རྟེན་རང་ལྷག་བསམ་རྣམ་དག་གིས་ཤ་ཚ་བྱེད་མཁན་རང་ཉིད་མ་རྟོགས་སུ་ཡང་ཡོད་པ་མ་རེད། དེ་ལས་ལྷག་ཅིག་ཡོད་འདོད་ན་འཁྲུལ་ཤེས་རེད།
བུ་མོ་ལྷ་མཚོས་དགོས་དབང་གིས་ལྷ་མཛེས་ལ་མིང་བསྒྱུར་ནས་དྲ་ཐོག་ཏུ་མཆན་བུ་བཏབས་པ་རེད། ཡིན་ན་ཡང་ལྷ་མཚོ་རང་ཉིད་བསྡུ་གསོགས་བརྒྱབས་མེད་ལ། སྡུད་གསོག་རྒྱག་ས་ཡང་འགྲོ་གི་མ་རེད།
ཁྱད་པར་དེ་གཉིས་ལ་མགོ་འཐོམས་པའི་བོང་རྒན་ཁག་ཅིག་གིས་ག་དུས་ཡིན་ཡང་རྣ་ལ་གཟན་པའི་བོང་སྐད་སྦོམ་པོ་དེ་ག་ས་གང་དུ་སྒྲོག་གིན་ཡོད་ཙང་ཟ་མ་ལ་རོལ་པའི་ཁྱིམ་མི་གང་བོ་ངོ་ཚ་ནས་ཕྱིར་བུད་པ་དང་།རྒྱང་ལ་མི་འདེད་ག་མེད་ཐུག་པ་རེད།
གང་ལ་ཡང་མི་བསམ་པའི་བོང་རྒན་གྱི་རིགས་སུ་གཏོགས་པ་ཞིག་ཡིན་ན་བོང་མཇེ་ནག་པོ་བྲང་ལ་རྒྱག་བཞིན་ཕེ་རིང་ཚ་བོ་རྣ་ལ་གཟན་པ་ཞིག་བྱེད་རྒྱུར་གྲོང་མི་དང་ཁྱིམ་བདག་སུ་ལ་ཡང་ཡ་ང་ངོ་ཚ་ཅི་ལ་ཡང་མི་འཛེམ་པ་རེད།
ཁ་སང་དེ་རིང་ང་ཚོའི་སྤྱི་ཚོགས་ནང་དེ་འདྲ་ཧ་ཅང་མང་པོ་རེད།
མཆན་༥ བོད་ཞེན་གྱིས་གསུངས་པ་ལ་རྒྱུ་མཚན་ལྡན་འདུག་དཔེར་ན་དོལ་ཚོགས་ཀྱིས། ༧གོང་ས་མཆོག་ལ་བོད་གཞུང་མེད་པ་བཟོས་སོང་ཞེས་བཤད་པ་དེ་བོད་གཞུང་བློས་མ་མཐོང་བ་དང་བོད་མིའི་རྩ་དོན་ལ་དགའ་ནས་མ་རེད་རྒྱུ་མཚན་ནི་དོལ་ཚོགས་རྒྱ་དམར་གྱི་དངོས་དངུལ་ལ་ཞེན་པ་ཆེ་ནས་རེད། གཞོན་ནུ་ལྟ་བུ་ལ་མཚོན་ན་ ༧གོང་ས་མཆོག་ལ་བསམ་བཞིན་དུ་ཐུགས་ཕམ་བཟོས་པ་རེད་བསམ་གྱི་མིན་འདུག་རྒྱུ་མཚན་ནི་ཚོགས་པ་འདི་རྒྱ་དམར་གུང་བྲན་གྱིས་རྩ་མེད་བཟོ་འདོད་ཆེན་པོ་ཡོད་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཡག་ཤོས་ཤིག་ཡིན་པས་སོ།། །།
འགའ་ཞིག་རྨོངས་གཉིད་ལས་མ་སད་པ་རེད་དམ། ཡང་ན་གཏམ་འཆལ་སྤེལ་འདོད་ཡོད་པ་གཉིས་དབྱེ་ཕྱེས་ཐུབ་མ་སོང་བས་་་་་་་
་་་་་ ད་ལྟའི་བོད་མི་རིགས་ཆག་འཇིག་གཉན་འཕྲང་གི་དུས་ཚོད་འདི་ལ་མགོན་པོ་གང་གི་བཀའ་དྲིན་ལ་བརྟེན་ནས་འཚོ་གནས་ཐུབ་པ་ནི་ཚང་མས་མཁྱེན་དགོས་པ་ཡིན།་་་ཟེར་བ་ནི། ཤིནད་ཏུ་ནས་བདེན་ནོ།
འདི་ཡང་གོར་ཟན་ཞིག་གི་བྲིས་ནི་ཡིན་ཐག་ཆོད་་་་་
༧གོང་ས་མཆོག་བཀའ་དྲིན་ཆེན་པོ་ཡིན་པ་ཚང་མས་མཁྱེན་གསལ་རེད་ལ་དེ་ལ་ངོས་ལེན་མི་བྱེད་མཁན་མི་བུ་སུ་ཡང་ཡོང་མི་སྲིད། དི་ནས་འདས་པའི་ཆ་རེད། ད་ནི་ཆོས་ཕྱོགས་ནས་བོད་བརྒྱུད་ནང་བསྟན་ལ་མཚོན་ན་༧གོང་ས་མཆོག་དབུ་ཁྲིད་ཡིན་ཡིན་རེད། དེ་ལ་སུས་ཀྱང་སྙོན་དུ་མེད། ཆབ་སྲིད་ཀྱི་ཐད་ནས་མགོན་པོ་གང་ཉིད་བགྲེས་ཡོལ་ཆ་ཚང་ཕེབས་ཟིན་པས་གང་གི་ཞལ་ནས་ཀྱང་རང་བཙན་ཕྱག་དེབ་བཞེས་ཉིན་བཀའ་གང་ཞིག་གནང་ཡོད་མཁྱེན་ཚོད་རེད། དེས་ན་ཆབ་སྲིད་ཀྱི་ལྟ་གྲུབ་དང་ལང་ཕྱོགས་སོགས་ཀྱི་ཐད་བསམ་ཚུལ་བཤད་རྒྱུ་འདྲ་མཉམ་ཡིན་པ་ལས། བླ་མ་དང་སློབ་མ་ཡིན་ཟེར་བཞིན་སྡད་ན་འགྲིག་ཐབས་མེད། སླད་ཕྱིན་ཆོས་བརྒྱུད་སྤྱི་འཐུས་རྣམ་པ་དང་། ཆོས་དོན་བཀའ་བློན་བཅས་སུ་གྲྭ་བཙུན་གནང་བ་ལས་ཆབ་སྲིད་ཀྱི་དབུ་ཁྲིད་ཆོས་པས་དུས་ནམ་ཡང་བྱེད་རྒྱུ་མེད་པ་ཤེས་དགོས། རྒྱལ་ཁབ་སྲ་བརྟན་དང་མི་མང་ཡར་རྒྱས་འགྲོ་བ་ལ་ཆོས་ཕྱོགས་ནས་བྱམས་པ་སྙིང་རྗེ། ཆོག་ཤེས་སོགས་ཆོས་བཞིན་བྱས་ན་རྒྱལ་ཁབ་ཡར་རྒྱས་འགྲོ་རྒྱུ་ཡོང་ཚོད་མ་རེད། དཔེར་ན་ཆོས་བཞིན་བྱེད་པའི་བོད་ཀྱི་རྒྱལ་ཁབ་དང་། ཆོས་མིན་བྱེད་པ་རྒྱ་དམར་གཉིས་ལྟོས།
བོད་ལ་བོད་པའི་མི་དམངས་རྣམས་ནི་བློ་ཕམ་པས་ཅི་ཚད། སྲོག་ཉེན་ལ་ཐུག་ནས་ཡོད། ད་དངོས་ནས་ག་རེ་བྱེད་རྒྱུ་ཡོད་ན་མ་བྱས་ན་”ཐམས་ཅད་མཁྱེན་པ་”དགོངས་པ་ཕམ་པ་ལས་ཀྱང་ངན་འབྲས་ཆེ་བ་སྟེ་བོད་མི་རིགས་དབུགས་ལྷེམ་ལྷེམ་ངང་ཤི་ལ་ཁད་འདུག གོ་སོང་ངམ་……ཁྱོད་ཚོ་བོད་མི་དམངས་སྐྱོབ་ཀྱི་ཡིན་ཟེར་ནས་ཕྱིར་བྲོས་བྱེད་མཁན་དེ་ཚོ…….
༧རྒྱལ་བ་སྐུ་ཕྲེང་རིམ་བྱོན་ཇི་སྲིད་བཞུགས་པ་དེ་སྲིད་དགའ་ལྡན་ཕོ་བྲང་གནས། དོལ་འདྲེ་དགའ་ལྡན་ཕོ་བྲང་གི་སྲུང་མ་ཡིན་པ་ལོ་རྒྱུས་ཡིག་ཆ་གང་དུའང་མེད། མགོ་མ་ཚོད་པའི་གནས་ཚུལ་ཟ་རི་ཟི་རི་དེ་དག་གིས་འོ་རྒྱལ་བཟོས་ཡོང་། ༧རྒྱལ་དབང་མཆོག་ནས་དམངས་གཙོའི་ལམ་ལུགས་དང་མཐུན་པའི་སྒོ་ནས་མི་དམངས་ཀྱི་འདེམས་རྒྱུའི་སྲིད་སྐྱོང་ཞིག་བསྐོ་བཞག་གནང་བ་རེད། འདི་ནི་དོན་དངོས་དང་མཐུན་པའི་གཟི་བརྗིད་ཞིག་རེད། ང་ཚོས་དོན་དངོས་ཚན་རིག་དང་མཐུན་པའི་སྒོ་ནས་སྐད་ཆ་བཤད་ན་ལེགས།ཁུངས་མེད་ལུང་མེད། རྒྱུ་མཚན་མེད་པ། གཏམ་འཆལ། གཞི་མེད་སྒྲོ་འདོགས། ལྐུགས་པ་ཨུ་ཚུགས། ངན་པ་ལང་ཤོར།
ལོག་རྫོབ་བཅས་ཀྱི་ལྟ་ངན་སྤངས་ན་ཡག
དྲ་གྲོགས་ལགས།
༧གོང་ས་མཆོག་ལ་ཐུགས་ཕམ་དུ་འཇུག་མི་ཉན་པ་བདེན་ཀྱང་། དམངས་གཙོའི་སྤྱི་ཚོགས་ནང་དུ་དེ་འདྲ་ཡོང་ངེས་པ་རེད། དམིགས་ཡུལ་དང་ཀུན་སློང་བཟང་ངན་ང་ཚོ་སུས་ཀྱང་བརྗོད་དཀའ་བ་རེད། ཁྱེད་རང་ཉིད་ཀྱིས་༧ཁོང་གི་ཐུགས་ཕམ་དུ་མ་འཇུག་དང་དེ་གས་འགྲིག་པ་རེད། མི་གཞན་ལ་བཀོད་་མ་བྱེད་རོགས། ཁོ་ཚོ་ལ་རྒྱུ་མཚན་ཞིག་ཡོད་རྒྱུ་རེད། ཡག་སྡུག་གང་ཡིན་ཁྱེད་དང་ང་ཡིས་ཐག་གཅོད་ཡེ་ནས་མི་ཐུབ། ཁྱེད་ལྟ་བུ་༧ཁོང་གི་བཀའ་སློབ་རེ་ཟུང་ཁ་ལ་ཁྱེར་ནས་རང་ཉིད་ཡང་དག་ཏུ་སྒྲུབ་ཐབས་བྱེད་པ་དོན་དུ་རང་དང་བསམ་ཚུལ་ཐ་དད་འཛིན་མཁན་དག་ལ་དམའ་འབེབ་ཁྱད་གསོད་བྱེད་མཁན་ལ་གུས་ཞབས་ཡེ་ནས་མེད། ཁྱེད་ཀྱིས་གསུང་སྟངས་”འདི་འདྲའི་གང་ཟག་དག་ནི་སེམས་ཅན་དུད་འགྲོ་ལས་ཀྱང་སྡུག ཀྱེ་མ། སྙིང་རྗེས་གནས།”འདི་ལ་ལྟོས་དང་།
ང་ནི། ད་ལྟའི་༸རྒྱལ་བ་རིན་པོ་ཆེ་དང་། ད་ལྟའི་བཙན་བྱོལ་སྒྲིག་འཛུགས་དང་། ད་ལྟའི་སྲོད་སྐྱོང་བློ་སེང་ལགས་ལ་གུ་རྩི་བྱེད་ཐུབ་མཁན་དེ་ལ། བོད་མི་ལ་རྒྱ་ཅན་རེད། ཅེས་ཟེར་འདོད།
གཞན་པ་རང་རིགས་བོད་མི་ནང་ལ་རང་བཙན་ལེན་མདོག་གིས་༸གོང་མཆོག་ལ་ཟུར་ཟ། སྒྲིག་འཛུགས་ལ་ཕྱ་དམོད་དང་། སྲིད་སྐྱོང་ལ་དམའ་འབེབས་བྱེད་མཁན་དེ་ཚོ་རང་གི་ལག་པའི་ཕྱི་ནང་མི་ཤེས་པའི་མི་ངན་ཡིན་པ་ཡང་ཤེས་པར་གྱི་ཤིག །
ཀརྡོ་གཉེར་ལགས་སྤྱིར་ཁྱེད་རང་གིས་གསུང་པར་རྒྱབ་སྐྱོར་རྒྱ་ཆ་རྒྱ་ཡོད་ཡིན་ན་ཡང་རང་བཙན་བརྩོད་ལེན་པ་ཚོ་མཐའ་སྤྲོད་གཏོང་མེ་ཉན་ཁོ་ཚོའི་དམིག་ཡུལ་དེ་བོད་མི་མང་གི་ཆེད་དུ་ཡིན་པ་ང་ཚོས་ཤེས་དགོས།
དྲ་གྲོགས་ཚང་མའི་ཁ་བཏང་ས་ཞིག་རག་སོང་ན།
དང་པོ་ཉིད་ནས་རྒྱ་མི་སོ་བ་ཡང་ན་ཤུགས་ལྡན་པ་ད་དུང་
ཐེ་བན་གྱི་ཕོག་ཟ་མཁན་རེད་ཟེར་པས་སྡུག་གསོལ་ཞིག
འདི་ཧ་ཅང་གི་ཐབས་སྐྱོ་བོ་ཞིག་མཐོང་གི་འདུག
འདི་དག་གི་བསམ་བློ་གཏོང་སྟངས་ནི་ཆུང་ཆུང་བྱིས་པ་ཚོའི་
བྱས་སྟངས་ལྟ་བུ་རེད་བསམ། གནས་ལུགས་དང་མཐུན་པའི་སྒོ་ནས་
ཚུན་མཐུན་གྱི་བསམ་ཚུལ་བརྗོད་ན།ད་གཟོད་ཕ་རོལ་བའི་
སེམས་ཁམས་བསྒྱུར་བཅོས་ཐེབས་སྲིད་པའི་བསམ་ཚུལ་ཙམ་ཡིན།
རང་བཙན་རྩོད་ལེན་པ་ཚོ་མཐའ་སྤྲོད་གཏོང་མཁན་དེ་ང་དང་གཞན་པ་སུ་གང་ཡང་མ་རེད། རང་ཉིད་ཀྱི་ནར་ནར་ལྕེ་ལ་བདག་པོ་མ་བརྒྱབས་ཙང་། མི་གྲལ་ནས་ཕུད་པ་རེད་མ་གཏོགས་སྤུད་མཁན་ན་མཐར་སྤྲོད་གཏོང་མཁན་པ་གཞན་པ་སུ་ཡང་མེད་པ་རེད་དོ། །
ད་ང་ཚོ་ཐང་ཆད་ཙང་སྐད་ཆ་འདི་འདྲ་མ་བཤད་རང་བཤད་ཆགས་པ་སུས་བཟོས་པ་རེད། སོམས་དང་། ཚེ་བསམ་ལགས།
ཉིན་ཅིག་ང་ཡང་འུ་ཐུག་ན་བོད་རང་བཙན་རྩོད་སྲིད་པ་རེད། འོནད་ཀྱང་བྱེད་སྟངས་འདི་འདྲ་མ་རེད་དོ། བོད་རིགས་ཚོ། །
ཡ་ཁོ་རེ་ཁ་བརྡ་ཚང་གི་བསམ་པ་གྲུབ་ལེ་རེད། ངའི་མཆན་ཚང་མ་བཀག་སོང་། ༧གོང་ས་མཆོག་ལ་ཁ་དེ་ཙམ་བཏོང་མཁན་མཆན་ཚང་མ་བཀོད་འདུག ངའི་མཆན་མ་བཀོད་ཀྱང་འགྱོད་པ་སྤུ་ཙམ་མེད། ཁ་བརྡ་ཚང་གི་དྲ་རྒྱ་འདི་སུའི་ཆེད་དུ་བཙུགས་མིན་ཧ་མི་གོ་རྒྱུ་ཅི་ཡང་མི་འདུག་
ཀརྡོ་གཉེར་ཕྱག་ལགས་ཁྱེད་ཀྱི་གསུང་སྟངས་ལ་རྒྱུ་མཚན་ཡང་དག་འདུག་རྗེས་སུ་ཡི་རང་ཡོད།
ཚུལ་མཐུན་གྱི་མཆན་རེ་བཀོད་འགོག་མཁན་སུ་ཡང་ཡོད་པ་མ་རེད་ད།
འགོག་རྒྱུ་རང་གི་བྱས་ན།མིའི་འགོག་གི་རེད་ཏོ
བསམ་ཚུལ་དྲ་མིན་ཡོང་སྲིད་པས་ཐུགས་ཕམ་གནང་དགོས་དོན་གང་ཡང་མིན་འདུག
ད་ལྟ་བོད་བཞུང་་ཟེར་བའི་མིང་དེ་ཡོད་རེད་པས
སྤྱི་འཐུས་ལྷན་ཚོགས་ལ་བྲིས།
སྲིད་སྐྱོང་མཆོག་ལ་བཀའ་འདྲི་ཞུས།
དགེ་བཤེས་ཨམ་འདིས་ཅི་ཞིག་བཤད་ཀྱི་ཡོད་རེད། ༧གོང་ས་མཆོག་ནས་བོད་གཞུང་མེད་པ་བཟོས་མེད་པ་གསལ་པོ་གསུང་ཡོད་བཞིན་དུ་ད་དུང། “བོད་གཞུང་ཏ་ལའི་བླ་མ་མཆོག་ནས་མེད་པར་བཟོས་གནང་ཀྱང་”ཟེར་དོན་ཅི་རེད། ཁ་བརྡ་ཚང་གིས་འདི་འདྲའི་མཆན་ལ་བཏང་འཛིན་མེད་པ་ཅི་ཡིན་ནམ།
གཞན་ལ་སྐྱོན་བརྗོད་བྱེད་རྒྱུ་དེ་གཡང་ས་ཞིག་ནས་ཐུར་དུ་འབབ་པ་དང་། རང་ཉིད་ཀྱིས་དངོས་སུ་ལག་ཏུ་ལེན་པ་ནི་གཡང་ས་དེ་ནས་སྒང་ལ་འཛེགས་པ་དང་མཚུངས།
སྤྱིར་ང་ཚོ་བཙན་བྱོལ་ལ་ཡོང་བ་ནོར་རེད།
སྔོན་མ་ཞིག་ལ་ནུབ་ཕྱོགས་སུ་དཀོན་མཆོག་གི་ལུང་བསྒྲགས་ནས། ལས་ཀ་གང་བྱས་ཀྱང་དཀོན་མཆོག་གི་བཀའ་ལས་འདའ་མི་རུང་བ་དང་། གལ་སྲིད་དཀོན་མཆོག་གི་བཀའ་དང་འགལ་བའི་ལས་ཀ་བྱས་ན་ལྷ་ལ་དམོད་མཁན་དང་།
སྨྱོན་པ། ལྟ་ལོག་པ། དཀོན་མཆོག་ལ་དྲིན་ལན་ལོག་འཇལ་བྱ་མཁན་རེད་ཟེར་ནས་…
འགྲོ་བ་མིའི་ནང་དུ་རྡུང་བསད་འཕྲོག་གསུམ་དུ་མ་ཞིག་བྱེད་མྱོང་ཡོད།
སྐབས་དེར་ཆབ་སྲིད་པ་ཚོས་ཆོས་ལུགས་ནས་དཀོན་མཆོག་གི་ལུང་ཚིག་གཡར་ནས་མི་གཞན་ལ་འཇིགས་སྣང་དང་སྡིགས་ར་སྐུལ་བྱེད་ཀྱི་མཚོན་ཆ་ངོ་མ་ཞིག་བྱས་པ་རེད། དེང་སང་མི་ཚོས་དུས་རབས་དེ་ལ་མུན་ནག་གི་དུས་རབས་དང་ཀླ་ཀློའི་དུས་རབས་ཞེས་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་ཏུ་མའོ་ཙེ་ཏུང་གི་བསྐོ་བཞག་བྱས་པའི་ཧྥ་ཀའོ་ཧྥང་གིས་མའོ་ཡིས་གང་བཤད་པ་དེ་བདེན་པ་དང་། ཡང་དག་ཡིན་པའི་བཀའ་ལུང་བསྒྲགས་ནས་ལུང་འཛིན་རིང་ལུགས་པས་ལུང་དེ་ལས་བརྒལ་བའི་སྐད་ཆ་བཤད་མི་ཆོག་པའི་བཀའ་རྒྱ་དམ་པོ་ཁ་ལ་ཁྱེར་མྱོང་། རྒྱ་ནག་དམར་གཞུང་ལ་སྨྲ་བརྗོད་རང་དབང་མེད་ཟེར་ནས་སྐད་རྒྱག་དགོས་དོན་ཡང་འདི་རེད།
དེ་རིང་ཁ་སང་དྷ་རམ་ས་ལ་ནས་ཆབ་སྲིད་ཀྱི་སྐབས་འཚོལ་ནས་ཁེ་ལས་པའི་ཚོགས་པ་འགའ་རེས་དཀོན་མཆོག་གི་བཀའ་ལུང་རེ་ཁུར་ཡོང་ནས་མི་རིགས་དང་རྒྱལ་ཁབ་ལ་བྱས་རྗེས་ཡོད་པའི་ཚོགས་པ་དང་། མི་སྒེར་རེ་གཉིས་ལ་སྡིགས་དམོད་དང་དམའ་འབེབས་བྱེད་པ་མཐོང་དུས་ངས་གཏམ་རྒྱུད་དང་ལོ་རྒྱུས་འདི་ཚོ་སླར་ཡང་དྲན་སོང་།
མ་གཞི་ལུང་ཟེར་བ་འདིས་འགྲོ་བ་མིའི་བསམ་བློ་གནད་གསེང་ཡོངས་རྫོགས་ལ་སྒོ་ལྕགས་ཐེབས་ཡོད་ཅིང་། ལུང་ཟེར་བ་འདི་འགྲོ་བ་མིའི་ནུས་པ་དང་འཇོན་གི་ཁ་གཏད་དུ་ལངས་ཡོད། ཆབ་སྲིད་པ་ཚོ་ལ་མཚོན་ན་ལུང་ཟེར་བ་འདི་ལག་ཆ་སྟབས་བདེ་ཞིག་རེད། དམངས་ཁྲོད་ཀྱི་རྒན་པོ་ཚོའི་ངག་ལ་ཡང་། མི་སུམ་ཅུ་ལ་བསམ་བློ་སུམ་ཅུ། བསམ་ལུགས་མི་གཅིག་ཁ་ཁ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ། སྐྱེས་ལུགས་མི་གཅིག་སོ་སོ། ཟེར་ནས་འགྲོ་བ་མི་མ་འདྲ་བ་རེ་ལ་ལངས་ཕྱོགས་དང་ལྟ་གྲུབ་མ་འདྲ་བ་རེ་ཡོད་ཆོག་པ་བཤད་ཡོད་ཀྱང་། དེང་སང་དྷ་ས་ནས་ཁེ་ལས་ཚོགས་པ་འགས་བསམ་ཚུལ་མ་འདྲ་བ་ཞིག་གཏན་ནས་ཡོད་མི་ཆོག་པའི་དཀོན་མཆོག་གི་བཀའ་བསྒྲགས་ནས་གཞན་ལ་འཇིགས་སྣང་དང་སྡིགས་ར་སྐུལ་གྱི་འདུག
ཁོང་ཚོས་འཇིགས་སྣང་དང་སྡིགས་ར་སྐུུལ་རེས་བྱ་བ་འདི་སྐྱེ་བོ་སྒེར་དང་ཚོགས་པ་སྒེར་གྱི་འཁོན་འཛིན་གྱི་རྔ་མ་འཕྱར་བཞིན་ཡོད་པ་ལས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བཀའ་དགོངས་ལ་གཏན་ནས་འབྲེལ་བ་མེད། འདས་པོ་ཚོའི་ཁ་ཆེམས་དང་གསོན་པོ་ཚོའི་རེ་བ། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཡང་གཏན་ནས་འབྲེལ་བ་མེད་པའི་ས་མཚམས་གསལ་པོ་ཤེས་དགོས། ཤཀྱཱ་མུ་ནིའི་ཆོས་ལུགས་ཀྱི་དབང་དུ་བྱས་ན་ཡང་གནས་ཚུལ་གང་ཡིན་ཡང་བསྲེག་བཅད་བརྡར་གསུམ་བྱས་ནས་ཐག་གཅོད་དགོས་པ་ལས། དཀོན་མཆོག་གི་བཀའ་ལུང་བསྒྲགས་ནས་སྡིགས་ར་དང་སྐྲག་སྣང་བསྐུལ་ནས་ཐག་གཅོད་དགོས་པ་གཏན་ནས་བཤད་མེད་ཀྱང་། དྷ་ས་ནས་དེང་སང་འདི་ལྟར་འཇིགས་སྣང་བསྐུལ་རེས་བྱེད་ཀྱི་གདའ། འདི་ནི་ཁོ་པ་ཚོའི་རྩ་བའི་བླ་མའི་བཀའ་ལུང་སྒྲུབ་མདོག་དང་མི་རིགས་ཀྱི་ལས་དོན་ཡིན་ཚུལ་གྱི་གསར་འགོད་གསལ་བསྒྲགས་བྱས་པ་ནི་སྐབས་འཚོལ་བའི་གོ་སྐབས་ཡག་ཤོས་དེ་ཆགས་པ་རེད། ཚོགས་པ་འདི་ཚོ་བཙུགས་པའི་དམིགས་ཡུལ་ཡང་ནང་ཁུལ་དུ་དམོད་མོ་འདོན་རེས་བྱ་རྒྱུ་དེ་ཡིན་པས་ཁོ་བ་ཚོ་མི་འགའ་ཤས་ཀྱི་དམིགས་ཡུལ་འགྲུབ་ཡོད། དོན་ངོ་མའི་ཆ་ནས་དྷ་སའི་ཚོགས་པ་ར་མ་ལུག་འདི་ཚོ་སྤྱི་ཚོགས་ཀྱི་བདེ་འཇགས་དང་འཆམ་མཐུན་བཤིགས་པའི་སྟ་གྲི་སོ་གཉིས་མ་འཇིགས་སུ་རུང་བ་ཞིག་རེད། ལུང་ཚིག་རེ་གཉིས་ལ་ཤི་འཐམ་རོ་འཐམ་བྱས་ནས་སྐབས་འཚོལ་བ་ཚོས་ནང་ཁུལ་དུ་སྐྱེ་བོ་སྒེར་དང་ཚོགས་པ་སྒེར་གྱི་ལངས་ཕྱོགས་མ་མཐུན་པའི་ཐོག་ཏུ་བེད་སྤྱད་ནས། མདའ་གྲི་མདུང་གསུམ་གྱིས་གཡུལ་འཁྲུག་མ་བྱས་ཙམ་ཆགས་ཡོང་དུས་ངས་ནུབ་ཕྱོགས་སུ་དཀོན་མཆོག་གི་བཀའ་ཁྲིམས་བསྒྲགས་པའི་མུན་ནག་གི་དུས་རབས་དེ་ཡང་བསྐྱར་དྲན་ཡོང་གི་འདུག
ཁ་སང་ཇ་ཁང་ཞིག་ནས་མི་རེ་ཟུང་གིས་གཞོན་ནུ་ཚོགས་པ་གཏོར་དགོས་ས་རེད། སྒོ་རྒྱག་དགོས་ས་རེད། ཁོང་ཚོས་༧གོང་ས་མཆོག་ཐུགས་ཕམ་དུ་བཅུག་འདུག་ཟེར། སྐད་ཆ་འདི་ཚོ་གོ་དུས་ངའི་ཤ་གསེང་རུས་པའི་གསེབ་ནས་ཚ་ཤར་བརྒྱབ་སོང་། ༧གོང་ས་མཆོག་གི་དགོངས་གཞི་དེ་སྐྱེ་བོ་སྒེར་དང་ཚོགས་པ་སྒེར་གྱི་ལྟ་གྲུབ་མཐུན་མིན་གྱི་བར་དུ་ལོག་འགྲེལ་དང་ལོག་བཤད་ཀྱི་ལམ་དུ་ཁྲིད་རུང་ངམ། གཞིས་ལུས་བོད་མིའི་མངོན་འདོད་དང་། བོད་མི་རིགས་ཀྱི་རྩ་དོན་ངོ་མ་སྒྲུབ་པའི་ཚོགས་པ་གཅིག་ཡོད་པ་དེ་སྒོ་བརྒྱབ་ན་དོན་ངོ་མ་གང་ཞིག་ཆགས་སོང་བ་རེད། གཞོན་ནུ་ཚོགས་པ་ཟེར་བ་དེ་ཚོགས་པ་ཞིག་རེད་དམ་ལས་ཁུངས་ཤིག་རེད་དམ། གཏན་ནས་མ་རེད། མི་རབས་གསར་པ་ཞིག་གི་སྙིང་ཁོང་ན་འཕག་བཞིན་པའི་སྙིང་སྟོབས་དང་བསམ་བློའི་ལངས་ཕྱོགས་དང་ལྟ་གྲུབ་གཅིག་རེད། གཞོན་ནུ་ཚོགས་པ་སྒོ་བརྒྱབ་ན་མི་རིགས་ཤིག་གི་མདུན་ལམ་སྒོ་བརྒྱབ་སོང་བ་ཁོ་པ་ཚོས་ཤེས་མེད་པ་རེད་དམ། ངའི་སེམས་ཁོངས་སུ་དྲི་བ་འདི་འདྲ་ཞིག་བསླེབས་སོང། བོད་ནས་གཅེས་སྲོག་ལྔ་བཅུ་ལྷག་མེ་ལ་བསྲེགས་ཡོང་དུས་ཁ་ནས་འབོད་ཚིག་དེ་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་རང་བཙན་དགོས་ཟེར་བ་ལས། བོད་རང་སྐྱོང་དང་དབུ་མའི་ལམ་དགོས་ཞེས་སུས་ཀྱང་བཤད་མྱོང་མེད། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲིན་ལན་གྱི་ཚབ་ཏུ་དྷ་ས་ནས་འདི་ལྟར་འཛིང་གི་འདུག འདི་ལྟར་འཁྲུག་གི་འདུག།།
ཨ་ཁ། ལྷ་དབང་ལགས། ཁྱོས་ཁ་སང་དམྱལ་བ་ངོ་མ་དེ་མྱང་ཡོད་ས་རེད། སྡུག་ཕྲུག་དེ་ཚོ་སུ་རེད། གཞོན་ནུ་ཚོགས་པ་འཐོར་དང་གཏོར་མི་ཉན་ཡ།
གཞོན་ནུ་ཚོགས་པར་རྒོལ་བའི་རྒྱ་དམར་ཚང་དང། གཞོན་ནུ་ཚོགས་པར་རྒོལ་བའི་བློང་ཕྲུག་དེ་ཚོ། བོད་ཀྱི་གཤེད་མ་རང་རེད།
གནམ་ལགས།་སྡུག་ཕྲུག་ཟེར་་རྒྱུ་ཡོག་མེ་རེད་ད་། མི་དེ་ཚོ་གོང་ས་མཆོག་ཐུགས་བློ་མ་ཕམ་པ་བྱེད་་མཁན་་དེ་ཚོ་རེད། ལོ།ཁྱོད་ཀྱིས་དེ་ལྟར་བཤད་ན་ཡང་གོང་ས་མཆོག་ཐུགས་ཕམ་ཡོང་ང།་གཟབ་གཟབ་བྱོས་གྲོགས་པོ།
གཞོན་ནུ་ནི་ལོ་རྒྱུས་རྒྱབ་ལྗོངས་བྱས་ཏེ་ཆབ་སྲིད་ལང་ཕྱོགས་བརྟན་པོས་བོད་ཀྱི་རྩ་དོན་ཆེད་ཁ་་ལག་ཡོད་ཀྱི་ལས་འགུལ་སྤེལ་རྒྱུ་དང་། རྒྱ་དམར་ཚང་གི་དཔོན་རིགས་རྣམས་རྒྱལ་སྤྱིའི་སྟེང་གང་དུ་སླེབས་ཀྱང་ངོ་གདོང་དམར་པོ་ཆགས་པའི་བསུ་བ་དང་། ནམ་ཞིག་རྒྱ་ནག་དཔོན་རིགས་རྣམས་རྒྱལ་སྤྱིའི་སྟེང་མགོ་སྐྱག་ནས་འགྲོ་དགོས་ཚེ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རང་བཙན་རྩོད་བཞིན་པ་དེ་ཉིད་རང་སྐྱོང་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་པ་ཆགས་རྒྱུར་ངེས་པ་རེད། དབུ་མ་ནི་མི་ལོ་ལྔ་བཅུའི་རིང་ལྷའི་ལུང་བསྟན་ལ་བསྟུན་ནས་རྒྱ་ནག་དང་མཉམ་གནས་བྱེད་ཅིང་རྒྱ་ནག་དང་ཁ་བྲལ་ཐབས་མེད་པའི་སྲིད་བྱུས་བཟུང་ཡང་རྒྱ་ཕྱོགས་ནས་རྣམ་འགྱུར་བཟང་པོ་ཙམ་བསྟན་མེད། ཐ་མ་ང་ཚོ་ལོག་བཅུག་རོགས་ལབ་ཀྱང་ལན་བྱས་མེད་པ་ཤེས་གསལ་རེད། གང་ལྟར་གཉིས་ཀ་བོད་སྤྱི་བའི་དོན་མིན་ཟེར་ས་མེད། ད་དུང་ལས་འགུལ་སྤེལ་སྐབས་གཞོན་ནུས་རང་ཁ་རང་གསོའི་ཐབས་ལམ་སྣ་མང་ཐོག་སྤེལ་བཞིན་པ། དབུ་མས་༧གོང་ས་མཆོག་གི་བཀའ་ཡིན་བཙན་བྱོལ་སྒྲིག་འཛུག་གི་ལང་ཕྱོགས་ཡིན་ཟེར་བ་སོགས་གང་ཟག་དང་། འགྲོ་གྲོན་གང་སྤྱིར་ཁ་ཕོ་བྱེད་ན་བྱེད་རིན་ཡོད་བསམ་པ་དེ་རེད།
བོད་གཞུང་ངམ་བཙན་བྱོལ་གཞུང་མེད་པ་བཟོས་སོང་ཟེར་བའི་སྐད་ཆ་དེར་གོ་དོན་གཉིས་ཡོད་པ་ལས། ཚིག་དང་དོན་གཉིས་པོ་དེ་རེད། བོད་གཞུང་ནི་ལྔ་བཅུ་ང་གྲངས་ནས་མེད་པ་བཟོ་ཟིན་པས་དེང་སྐབས་དེ་མེད་པ་བཟོ་དང་མ་བཟོ་ཡིས་རྩོད་པ་དགོས་དོན་མེད། ༡ དེས་ན་བཙན་བྱོལ་བོད་གཞུང་ཞེས་པ་དེ་རེད། དེ་ཡང་བཙན་བྱོལ་བོད་གཞུང་ཞེས་པའི་མིང་ཚིག་དེ་ཕྱི་ལོ་༡༩༥༩ལོ་ནས་བེད་སྤྱོད་ནས་སྔ་ལོ་༢༠༡༡ ལོར་རང་ལ་མེད་པ་བཟོས་པ་རེད། དེ་ཡང་༧གོང་ས་གཆོག་གི་བཀའ་དགོངས་དང་འབྲེལ་ནས་མེད་པ་བཟོས་པ་ཞིག་རེད། དེ་མེད་པ་བཟོ་བར་འདོད་བློ་མ་བབས་མཁན་བོད་མི་མང་པོ་ཡོད་ལ་དེའི་སྐོར་མི་འདོད་པའི་སྐད་ཆ་བཤད་མཁན་ཡང་མང་པོ་བྱུང་ཡོད་ལ། ད་ལྟ་ཡང་བཤད་བཞིན་པ་རེད། དེ་ནི་མང་གཙོའི་སྤྱི་ཚོགས་ནང་སྨྲ་བརྗོད་རང་དབང་དང་མི་སོ་སོའི་ཆབ་སྲིད་ཀྱི་ལྟ་ཚུལ་མི་འདྲ་བས་ཁོང་ཚོ་ལ་ཡང་བསམ་ཚུལ་མི་འདྲ་བ་བཤད་པའི་ཐོབ་ཐང་ཞིག་ལོས་ཡོད། གལ་སྲིད་དབུ་ཁྲིད་རྣམ་པས་གང་གསུང་པ་ལས་དེ་དང་ལྡོག་ཕྱོགས་ཀྱི་སྐད་ཆ་ཞིག་བཤད་མི་ཆོག་པས་གནད་ལུགས་ཤིག་མང་གཙོའི་ལྟ་གྲུབ་ནང་དུ་མེད། མང་གཙོར་དགའ་མོས་ཡོད་ན་དེའི་ལྟ་གྲུབ་ཀྱི་རྗེས་སུ་འབྲངས་དགོས་པ་ལས་གང་ཟག་གི་རྗེས་སུ་འབྲང་མི་ཉན་པས་གནད་ལུགས་ཡང་༧གོང་ས་མཆོག་གིས་གསལ་པོ་མཁྱེན་གྱི་ཡོད་པས་དེ་ཙམ་གྱིས་༧གོང་ས་མཆོག་ཐུགས་འཕམས་གནང་དགོས་པའི་གཞི་རྩ་མེད། འོ་ན་དོན་ངོ་མ་གང་ཞིག་གིས་ཁོང་ཐུགས་འཕམས་བྱུང་བ་རེད་དམ། ཁོང་རང་ཉིད་ལ་དགོངས་སྐོར་ཞུ་ནས་གསལ་པོ་བཟོ་དགོས་པ་ལས་སྤྱི་ཚོགས་སུ་རང་རང་གི་འདོད་ཕྱོགས་དག་དག་བཤད་ནས་མང་གཙོའི་ལྟ་གྲུབ་ལ་རྒྱབ་འགལ་དང་བོད་་མིའི་མཐུན་སྒྲིལ་ལ་གནོད་སྐྱོན་གཏོང་མི་ཉན།
མིང་གྲོགས་དེས་ཡག་པོ་བཤད་འདུག ཉ་སེ་ཉོ་སེ་བཤད་དགོས་མི་འདུག བསྟན་འཛིན་ཀྱིས་མདེའུ་བཅུ་སྒོར་ལ་བླུགས་འདུག
དོན་དག་དེ་ག་རང་རེད། ཐུགས་ཕམ་མ་ཕམ་ཀྱི་གནས་ཚུལ་མ་རེད། རང་དབང་གིས་སྐད་ཆ་བཤད་ཆོག་མ་ཆོག་དང་བོད་ལ་རང་དབང་སྐྱར་གསོ་བྱེད་དང་རྒྱ་གར་གྱི་བུ་ཚ་བྱས་ནས་དེ་ན་ཕ་གཞིས་འཛུགས་མ་འཛུགས་དེ་རེད།
དགེ་བཤེས་ཟེར་བ་སོགས་དྲ་འབུ་འདི་དག་དོལ་འདྲེ་སྙིང་ལ་ཞུགས་ནས་བོད་བཙན་པོའི་གདུང་རྒྱུད་འཐོར་བཅུག་དགོས་བསམ་པ་རེད། ཧཧཧཧཧཧ ཁྱེད་ཚོའི་བསམ་ངན་འགྲུབ་མི་སྲིད། འདི་སྨྱོ་བ་མིན་ན་ཅི་རེད། བཙན་བྱོལ་སྒྲིག་འཛུགས་ལྟོ་གོས་གཏམ་གསུམ་མ་གཏོགས་ལས་ཀ་མི་འདུག་ཟེར། མངོན་སུམ་ལ་སྨྱོ་བ་རེད། རྒྱལ་སྤྱིར་ཕྱག་ལས་ག་ཚོད་གནང་གིན་འདུག བཙན་བྱོལ་སྤྱི་ཚོགས་ནང་སློབ་གྲྭ་གཅིག་བུ་བརྒྱ་ཕྲག་གཉིས་བརྒལ་བ་ཡོད་པ་དེར་ལྟ་རྟོག་སུས་བྱེད་ཀྱིན་འདུག བོད་སྤྱིའི་རྩ་དོན་རང་དབང་སླར་གསོའི་ཕྱག་ལས་སུས་གནང་གིན་འདུག ལས་ཁུངས་མ་ལག་དང་ཧ་ལམ་སྟོང་ཕྲག་ལ་ཉེ་བ་དེ་སུས་བདག་པོ་རྒྱག་གིན་འདུག ལྟས་ངན་ལྟས་ངན། མགོ་ལ་ཞོན་ནས་མིག་ལ་ཐལ་བ་གཏོར་མཁན། མགོ་རུལ་བ་སྣ་ཡིས་མི་ཚོར་བ། རྒྱ་གུང་ཁྲན་ལ་དགོས་པའི་ང་ཚོའི་ནང་ཁུལ་འཐོར་བཅུག ལྐུགས་པ་འདི་ཚོས་བཟང་ངན་མི་ཤེས། དཀར་ནག་མི་ཤེས། མི་པགས་གོན་པའི་བོང་གུ་གསོན་པོ་རེད་འདུག
དགེ་བཤེས་དང་བསྟན་འཛིན་མིང་ཅན་སོགས་ཀྱིས་ཤོད་སྟངས་ལ་ལྟས་ན། ང་ཚོ་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ལྷག་ཙམ་ཡོད་པ་ད་བར་རྡོག་ལ་བསྒྲིལ་ནས་གནས་ཡོད་པ་འདི་རིམ་བཞིན་ཁ་འཐོར་བཟོ་འཆར་འདུག དེར་ཚང་མས་བསམ་བློ་ཏན་ཏན་གཏོང་དགོས།།
ཡག་པོ་བྲིས་འདུག རྒྱབ་སྐྱོར་ཡོད། བར་འདི་ནས་ངས་པཎ་ཆེན་སྐུ་གོང་མ་དྲན་སོང་།
བོད་གཞུང་སྡུབ་སོག་རྒྱག་མཁན་ངོ་མ་ནི་རྒྱ་དམར་པོ་ཡིན། རྒྱ་དམར་པོར་ཁ་གཏད་ནས་དགྲ་ལན་བྱ་མཁན་ནི་བཙན་པོའི་གདུང་རྒྱུད་སོན་པོ་ཡིན། དེ་མིན་གདུང་རྩེ་ནད་གཏད་ཀྱིས་སྐབས་འཚོལ་བ་ཞིག་ཡོད་ན་དོགས་ཟོན་དགོས་པ་ལས་ཐར་སྐྲོད་གཏོང་མི་ཉན། དེའི་ཤ་ཁྲག་རུས་གསུམ་མེས་པོ་དང་འབྲེལ་ཡོད། གལ་ཏེ་དེ་དག་ཐར་སྐྲོད་བཏང་པ་ཡིན་ན་རྒྱ་དམར་ལ་ང་ཚོས་ལག་ཅ་ངོ་སྤྲོད་བྱས་པ་དང་གཅིག་མཚུངས་ཡིན། དེ་འདྲ་འདས་པའི་ལོ་རྒྱུས་ནང་མང་པོ་བྱུང་རབ་ཡོད།
ལྷ་དབང་གི་ཡག་པོ་བྲིས་འདུག་གཞན་ཚང་མ་ཕྲུག་གུ་ལྟ་བུ་རྐྱང་རྐྱང་ཡིན་ས་རེད།
མི་ངན་ལ་ལན་སྤྲེད་ན་ཁོ་ཚོའི་འདོད་པ་ཁངས་སོང་བ་རེད།
དོན་གྱི་བདག་པོ་ཁོང་ཚང་ལ་ཡང་ཁ་གཏོང་གི་རེད། མི་ངན་འདི་དག་ལ་བཟང་ངན་གང་གི་ལན་མ་
སྤྲེད་ན་བཟང་གི་རེད།
བཀུར་འོས་ཁ་བརྡ་ཚང་ལགས།
ངའི་མིག་ལམ་དུ་ཁ་བརྡའི་མཆན་གྱི་རྩ་འཛིན་དོན་ཚན་བཞི་བ་དང་འགལ་པའི་མཆན་བུ་དྲི་མ་ཅན་མང་དག་ཞིག་མཆིས་པས། རྩོམ་སྒྲིག་པས་སྟངས་འཛིན་བྱེད་རན་ལ་བསླེབས་འདུག འདི་འདྲའི་མཆན་བུ་རྒྱ་ཡན་དུ་གཏོང་རྒྱུ་མང་དྲགས་ན་རང་རེའི་སྤྱི་ཚོགས་ལ་མི་ཕན་པ་མ་ཟད་ཁ་བརྡའི་མིང་གྲག་ལ་ཡང་གནོད་པ་ཆེན་པོ་འབྱུང་ངེས་རེད། ད་ཚོད་མི་ཐུབ་མཁན་ཚོར་ཚད་བཟུང་ན་ཏག་ཏག་རེད།
བོད་གཞུང་ཞེས་པའི་མིང་དོན་གཉིས་ཀར་བསྡུས་བསོགས་རྒྱག་མཁན་མི་རེད།
རྒྱ་མི་རེད
བསམ་ཚུལ་ག་རེ་ཡིན་ན་བཤད་དགོས་ངེས་རེད། དེ་ལྟར་མིན་པ་སེམས་ནས་བཟུང་ན་ན་ཚ་འགྱུར་ལ་ན་ཚ་དེས་མི་རིགས་འདི་རྨོངས་ཞེན་གྱི་སྒྲོག་གིས་བཅིང་ཏེ་འཕེལ་རྒྱས་ལ་འགོག་རྐྱེན་ཐེབས་ངེས་རེད། བསམ་ཚུལ་གང་ཞིག་གསུངས་ཀྱང་གུས་བཀུར་ཡོད། མུ་མཐུད་དུ་གསུངས་རོགས། བཀག་རྒྱ་མེད་པའི་སྒང་ནས་གསུངས་རོགས།
བཀའ་དྲིན་དང་དམ་ཚིག་གིས་སྐྱོང་བའི་ལམ་ལུགས་འཇུག་རྫོགས་པ་རེད། དེས་མཐའ་སྐྱོང་མི་ཐུབ་པ་སྔ་ས་ནས་ཡིད་ཆེས་བྱེད་མཁན་ཞིག་ཡིན།
དེ་བརྟེན་གོང་ས་མཆོག་རྒས་ཡོལ་དུ་ཕེབས་ནས་ཁོང་གིས་ཆོས་སྲིད་ཐ་དད་དུ་ཕྱེ་བ་འདོད།
ཆོས་མེད་ཀླ་ལོ་འདི་རིགས་ཆོས་ལྡན་བོད་མིའི་ལུས་སུ་སྐྱེས་རྒྱུ།།
ལྷ་དབང་ལ་བརྒྱ་ཆ་བརྒྱ་ཐམས་པ་རྒྱབ་སྐྱོར་དང་ངོས་ལེན་ཡོད།