རྔ་རྒོད།
མཁས་བླུན་ཚང་མའི་མདུན་དུ། རྒྱུ་མཚན་གང་གི་ཕྱིར་ཏུ། སི་ཁོལ་ལཎ་ཌྲིས་རང་བཙན་དེ་མ་རེག་པའམ་དེ་མ་འདོད་པ་ཡིན་མིན་སྐོར་དེ་གོ་བདེའི་ཚིག་བཅད་མ་ཞིག་འདིར་བཀོད་ན་ལེགས་སྙམ་མོ།།
སྐད་དང་ཡི་གེ་ཁ་ཁ་མེད།།
ཆོས་ལུགས་རིག་གནས་གཅིག་པ་རེད།།
རང་བཙན་ཐོབ་ཀྱང་མ་ཐོབ་ཀྱང་།།
འགྲོ་མིའི་རང་དབང་སྔར་བཞིན་རེད།།
དཔལ་འབྱོར་མེད་པའི་རང་བཙན་ལས།།
བདེ་བ་མི་འདོད་སྡུག་བསྔལ་འདོད།།
དེའི་ཕྱིར་དབྱིན་ཀོའི་སྒོར་མོ་ལ།།
གཏན་བྲལ་མི་འདོད་སི་ཁོལ་ལཎ།།
རང་མགོ་རང་གིས་མི་ཐོན་ན།།
གཞན་ལ་བརྟེན་དགོས་ཆོས་ཉིད་རེད།།
མི་འདོད་མཉམ་དུ་འདུག་དགོས་ན།།
སེམས་པ་ནམ་ཡང་སྐྱིད་པོ་མེད།།
རྙོག་འཛིང་ཅན་གྱི་རྒྱལ་ཁབ་ལས།།
ཞི་བདེ་ལྡན་པའི་མཉམ་གནས་བདམས།།
གནད་དོན་སྒང་ལ་སོང་མིན་གང་།།
ཚིག་འདི་སྙན་ན་སྙན་ངག་གོ།
མཐུན་པོ་འཐོར་ན་སླར་འགྲིག་མེད།།
འཐོར་ལ་ཁ་ལ་འཐོར་རྒྱུ་མེད།།
རྒྱུ་འབྱོར་རང་དབང་འཛོམས་ཚེ་ན།།
ལུགས་སྲོལ་ལོ་རྒྱུས་མི་དགོས་སོ།།
དབྱིན་ཇི་སི་ཁོལ་ལཎ་ཊྲི་གཉིས།།
རྒྱ་དང་བོད་པའི་དཔེ་ཟླ་མིན།།
དེ་ཡི་བར་ན་མགོ་འཁོར་ན།།
ཆབ་སྲིད་ཅི་ཡང་ཤེས་ཀྱིན་མེད།།
སྐྱིད་པོ་བཤད་ན་དགའ་མཁན་ཚོར།།
མགྱོགས་བྲིས་བྱས་ཏེ་འདི་འདྲི་ཞིག།
བལྟད་མོར་ལྟ་བཞིན་ཁ་པར་ལས།།
བྲིས་པ་ཙམ་ལས་གཞན་ཅང་མེད།།
ཅེས་རྔ་རྒོད་ཀྱིས་༢༠༡༤/ ༩/ ༡༩ ལ།
དབྱིན་ཡུལ་གྱི་དུས་ཚོད་༼ ༦ དང་སྐར་མ་༡༠ ཞོགས་ཀ ༽
ལྟོ་བ་མ་རྒྱགས་སྔ་རོལ་ལ།།
ཆོལ་གསུམ་སྣེ་ལེན་ཁང་དུ་འཛོམས།།
བླ་མ་གཅིག་དང་གནས་ལུགས་གཅིག།
དགྲ་མགོ་གཅོག་གི་ཐོ་བ་ཡིན།
གཞན་གྱི་ལྟོ་ཕོར་བསླུས་བ་དང་།།
ཤོག་པ་ཐོགས་པའི་སྣང་བ་ཤར།།
རྩམ་པ་ཟ་སར་སྐྱག་པ་བཏང་།།
སྐྱག་པ་གཏོང་སར་སྐྱག་ཕྱིས་གནང་།།
མི་ལ་རེ་དགོས་མེད་པ་དང་།།
བསམ་བློ་མེད་པའི་འཕྲུལ་དཔགས་རྣམས།།
རང་སྣང་གང་ཤར་ཤར་མེར་འབྲི།།
མཐོ་མཐོ་བླ་མ་འབེན་ལ་འཛུག།
ཁ་ཡིས་ཆེན་པོ་ཚོ་པོ་བཤད།
རང་ལས་ལྷག་པའི་མི་མེད་སྒོམ།།
མཐོང་ཐོས་ཤེས་བ་དག་ཙམ་གྱིས།།
ནང་དགྲ་ཡོད་ཅེས་ཐོ་བ་འཕྱེར།།
མགོ་སྔ་འགལ་བའི་མགོ་འཁོར་ཚོས།།
གཞན་བཀུར་མི་ཤེས་རང་བཀུར་རེ།།
སང་ཉིན་མི་རིག་དེ་རིང་བཤད།
དེ་རིང་སྙན་གྲགས་རག་ན་འདོད།
འདོད་འདོད་བཤད་པའི་ཕྱི་འཁྱམ་ཚོ།།
རིག་རིག་བྱས་དང་རང་རིགས་ཀྱི།
གངས་རི་ར་བའི་ཁྱིམ་རྒྱུད་ལ།།
རོགས་བྱས་ན་ཅི་འདྲ་རེད།
མཆན་ལན་བརྒྱབས་པ་དེ་འདྲ་མིན།
དེ་རིང་སང་གི་གློ་གཟེར་ཡིན།
ནད་ལ་སྨན་ཞིག་ཡོད་གྱུར་ན།
བོད་རྒྱལ་རྒྱལ་བའི་རྒྱལ་ཁ་ཡིན།
རོགས་ཤིག་
བོད་ཀྱི་རྒྱལ་ཁབ་མ་ཤོར་གོང་།
དབང་ཤེད་ཏང་ལས་ཡོང་བསམ་འཆིང།
ནང་ལས་ཕྱི་ལ་བཀུར་མདོག་གིས།
ཐ་མ་བོད་སྟོང་རང་ཉིད་བརླག
དེ་ནི་སྡེ་བ་གཞུང་གི་སྒྲུང་།
རྣམ་ཞེས་གཟུགས་མེད་འབྱུང་བོའི་སྡེ།
ཤི་གཤེད་ཡིན་ལས་མི་མ་ཡིན།
བདག་གི་སེམས་ལ་འདི་ལྟར་བསམ།
སེར་དཀོན་ལུང་པ་རང་བཙན་དོར།
དཔལ་འབྱོར་བདེ་བ་འདོད་པ་བདེན།
སྣུམ་གཏེར་ཆུང་ཆུང་མ་གཏོགས་པར།
ལུང་པ་དེ་ལ་འཚོ་རྟེན་ཉུང་།
སེར་དཀོན་ལུང་པ་རང་བཙན་དོར།
དབྱིན་ཇིའི་དཔོན་ལ་མི་འདོད་ལས།
དབྱིན་ཇིའི་དམངས་ལ་འཁོན་འཛིན་མེད།
མི་རིགས་འདྲ་མཉམ་སྔར་ནས་ཡོད།
སེར་དཀོན་ལུང་པ་རང་བཙན་དོར།
ད་ལྟའི་འཚོ་བ་སྡུག་པ་མེད།
མ་འོངས་ཡར་རྒྱས་གདེང་ཚོད་མེད།
དབྱིན་ཇིའི་ལམ་ལུགས་རང་གཙོ་རེད།
རང་བཙན་མི་འདོད་མི་རིགས་ཤིག།
རང་ཅག་མིག་གི་མདུན་དུ་བྱོན།།
རང་དབང་ཡིན་དང་གཞན་དབང་ཡིན།།
རང་གཞན་ཀུན་ལ་ལྐོག་གྱུར་ཡིན།།
ཐག་གཅོད་འདི་ཡི་རྒྱབ་ལོགས་ན།།
ཐག་མི་ཆོད་པའི་གནད་དོན་མང་།།
ཐག་ཕྲ་ལྟ་བུ་ཆབ་སྲིད་པ།།
ཐག་རིང་མི་ཡིས་ཤེས་ཐབས་དཀའ།།